分享按钮

རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་མཐོ་སློབ་དཀྱུས་མའི་སློབ་བསྡུའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རང་ལྗོངས་ཀྱི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་ལས་དོན་གྱི་ཁ་གསལ་ཚད་སྔར་བས་མཐོ་རུ་གཏོང་བ་དང་། སྤྱི་ཚོགས་ལས་རིགས་ཁག་གི་ལྟ་སྐུལ་རང་འགུལ་ངང་དང་ལེན་བྱ་ཆེད།ཟླ་7ཚེས་23ཉིན་བོད་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་2024ལོའི་མཐོ་སློབ་དཀྱུས་མའི་སློབ་བསྡུའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན་དང་རྒྱུགས་སྤྲོད་སློབ་མ་དང་དེ་བཞིན་ཁྱིམ་བདག་གི་འཐུས་མི་བཅས་སློབ་བསྡུ་བྱ་ཡུལ་དང་བློ་འདྲིའི་ཞབས་ཞུའི་ཚོམས་ཆེན་དུ་གདན་དྲངས་ཏེ་མཐོ་སློབ་སློབ་བསྡུའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་ཉམས་སུ་མྱོང་དུ་བཅུག་ཡོད།

ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གི་ཡོན་ཀྲང་ལིའུ་པིང་ཅང་གིས་རང་ལྗོངས་ཀྱི་2024ལོའི་མཐོ་སློབ་དཀྱུས་མའི་སློབ་མ་བསྡུ་བའི་ལས་དོན་ཚང་མར་རྩིས་འཁོར་གྱིས་དྲ་ཐོག་བརྒྱུད་རྒྱང་ཁྲིད་བསྡུ་ལེན་བྱ་རྒྱུ་ལག་ལེན་བསྟར་བ་དང་བསྡུ་ལེན་བྱེད་རིང་མཐོ་སློབ་དཀྱུས་མའི་བསྡུ་ལེན་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པར་མ་ཟད། འགོ་ཁྲིད་ཚོགས་ཆུང་གི་གཞུང་དོན་ཁང་རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་དུ་བཙུགས་ཡོད། སློབ་མ་བསྡུ་བའི་ལས་དོན་དེ་ལྟ་སྐུལ་ཞིབ་བཤེར་དང་། དྲིལ་བསྒྲགས་དྲུང་ཡིག ཕྱི་ཕྱོགས་འབྲེལ་གཏུག་དང་བློ་འདྲིའི་ཞབས་ཞུ། ལག་རྩལ་འགན་ལེན། རྒྱབ་ཕྱོགས་མཁོ་སྒྲུབ་བརྟན་ལྷིང་དང་འཆར་གཞི།ཡིག་ཚགས་གཏོང་སྤྲོད། ཕབ་བཤེར། གྲངས་གཞི་བཅས་འགན་ནུས་ཚོགས་ཆུང་10ཡིས་མཉམ་ལས་བྱས་ནས།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-26 6 6 拉萨日报藏文 c185039.html 1 རང་སྐྱོང་ལྗོངས་སློབ་གསོ་རྒྱུགས་ལེན་ཁང་གིས་མཐོ་སློབ་དཀྱུས་མའི་སློབ་བསྡུའི་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ། /enpproperty-->