(པར་ངོས་དང་པོར་མཐུད)ཐུན་མོང་ཐོག་དར་རྒྱས་ཕུན་སུམ་ཚོགས་པ་མཚོན་པའི་བརྗིད་ཉམས་ལྡན་པའི་ལེའུ་ཞིག་ཀྱང་ཡིན།
ཤེས་རྟོཊ་བྱུང་བར་གཞིགས་ན། བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པས་སྒྱུ་རྩལ་གྱི་འདུ་འཛོམས་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན་ཞེས་པ་དམིགས་ཡུལ་དུ་བྱས་ནས་དུས་ཡུན་ཟླ་བ་གཅིག་རིང་ཕུལ་བྱུང་ཟློས་གར་འཁྲབ་སྟོན་དང་། རིག་རྩལ་འགྲན་བསྡུར། འགྲེམས་སྟོན་སོགས་ངོ་མཚར་ཆེ་བའི་བྱེད་སྒོ་ཁག་16རྒྱ་ཆེའི་གྲོང་མི་དང་ཡུལ་སྐོར་བར་སྒོ་མོ་ཕྱེ་ནས་ཚང་མར་མཐོང་ཚོར་དང་སེམས་ཁམས་གཉིས་ཀྱི་གསོལ་སྟོན་རབ་དང་རིམ་པ་ཞིག་བཤམ་རྒྱུ་རེད། རོལ་དབྱངས་དང་ཞབས་བྲོ་ནས་ཟློས་གར་དང་མཛེས་རྩལ་བར་དང་། གནའ་རབས་ནས་དེང་རབས་བར། ལྗོངས་ཡོངས་ནས་རྒྱལ་ཡོངས་བར་བཅས་སྒྱུ་རྩལ་གྱི་རྣམ་པ་སྣ་ཚོགས་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་ཐོག་ཕན་ཚུན་འོད་མདངས་འཕྲོས་ནས་བོད་རང་སྐྱོང་ལྗོངས་ཀྱི་སྲོལ་རྒྱུན་ཕུལ་བྱུང་རིག་གནས་ཀྱི་དམིགས་བསལ་རང་བཞིན་དང་། ཕུན་སུམ་ཚོགས་པའི་རང་བཞིན། སྣ་མང་རང་བཞིན་བཅས་གང་ལེགས་མངོན་རྒྱུ་རེད།
བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་རིང་།གཙོདོན་འགྲན་བསྡུར་བྱེད་སྒོའི་ནང་ལྗོངས་ཡོངས་ཀྱི་དམངས་ཁྲོད་ཞབས་བྲོའི་འགྲན་བསྡུར་དང་། དམངས་ཁྲོད་གཞས་པ་གཞས་མ་རྩེ་གྲའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་གཞོན་ནུ་གཞས་པ་གཞས་མའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་ཆེད་ལས་ཞབས་བྲོའི་འགྲན་བསྡུར། ལྗོངས་ཡོངས་ཀྱི་རྣམ་ཐར་འགྲན་བསྡུར། ལྗོངས་ཡོངས་ཀྱི་རོལ་དབྱངས་འགྲན་བསྡུར། ལྗོངས་ཡོངས་ཀྱི་རྒལ་ཡོལ་ཞུས་པའི་ལས་བྱེད་པའི་ཞབས་བྲོའི་འགྲན་བསྡུར་བཅས་ཚུད་ཡོད། སྒྱུ་རྩལ་དུས་ཆེན་གྱི་མཇུག་འགྲིལ་མཛད་སྒོ་དེ་ཟླ་8ཚེས་12ཉིན་ལྷ་སར་འཚོག་རྒྱུ་ཡིན་པར་མ་ཟད། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་མཐོ་ཤོས་སྐལ་བཟང་མེ་ཏོག་ཅེས་པའི་རིག་གནས་སྒྱུ་རྩལ་གྱི་བྱ་དགའ་སྤྲོད་རྒྱུ་དང་བོད་ལྗོངས་ཀྱི་གྲགས་ཅན་གཞས་པ་གཞས་མའི་བྱ་དགའ་དཔྱད་འདེམས་བྱས་འབྲས་ཁྱབ་བསྒྲགས་བྱ་རྒྱུ་དང་ཆབས་ཅིག་གདན་འདྲེན་ཞུས་པའི་བོད་ཀྱི་རིག་གནས་ཀྱི་གཟུགས་བརྙན་ཕོ་ཉ་ཆེན་མོ་བ་དང་ཡུལ་སྐོར་གྱི་གཟུགས་བརྙན་ཕོ་ཉ་ཆེན་མོ་བར་གདན་ཞུའི་ཡི་གེ་ཡང་སྤྲོད་རྒྱུ་རེད།
ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རིག་གནས་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་2022ལོར་བོད་ལྗོངས་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་བདེ་བླག་ངང་གཉེར་བ་དང་རང་སྐྱོང་ལྗོངས་ཀྱི་སྐལ་བཟང་མེ་ཏོག་གི་བྱ་དགའ་ཞེས་པ་སྤྲད་པས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་57འཁོར་རིང་ཞིང་ཆེན་རིམ་པའི་ཕྱོགས་བསྡུས་རང་བཞིན་གྱི་སྒྱུ་རྩལ་འགྲན་བསྡུར་དང་བྱ་དགའ་མེད་པའི་སྟོང་ཆ་བསྐངས་པས་དེར་གསར་གཏོད་རང་བཞིན་གྱི་ལོ་རྒྱུས་དོན་སྙིང་ལྡན་པ་དང་། སྤྱི་ཚོགས་ཡོངས་དང་མི་རིགས་ཁག་གི་མི་དམངས་མང་ཚོགས་ཀྱི་གདེང་འཇོག་བཟང་པོ་ཐོབ་ཡོད། བོད་ཀྱི་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པས་རིག་གནས་སྒྱུ་རྩལ་གྱི་འདུ་འཛོམས་གཟབ་རྒྱས་དང་མི་དམངས་ཀྱི་དུས་ཆེན་ཞེས་པའི་དམིགས་ཡུལ་མུ་མཐུད་མཐའ་འཁྱོངས་ཀྱིས་གསར་གཏོད་ལྟེ་བར་བྱེད་པ་དང་འཁྲབ་སྟོན་ལྟེ་བའི་ལྷུ་ཚིགས་ཏུ་བྱེད་པ་དང་། སྤུས་ཚད་མཐོ་བའི་ཕུལ་བྱུང་རིག་རྩལ་བརྩམས་ཆོས་གཏོད་པ་དམིགས་ཡུལ་དུ་བྱེད་པ། སྤུས་དག་དང་། དམངས་ལ་ཕན་པ། གྲོན་ཆུང་། རྒྱུན་མཐུད་བཅས་ཀྱི་དུས་ཆེན་གཉེར་བའི་རྩ་དོན་མཐའ་འཁྱོངས་བྱེད་པ། རིག་གནས་སྒྱུ་རྩལ་ཀྱི་རྣམ་པར་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་ལ་སྐུལ་འདེད་གཏོང་རྒྱུ། འདུ་ཤེས་གསར་གཏོད་དང་། ལམ་སྲོལ་གསར་གཏོད། གཞི་རྟེན་གསར་གཏོད། བྱེད་ཐབས་གསར་གཏོད་བཅས་བྱས་ཏེ་རིག་གནས་དང་ཁྱབ་ཁོངས་ཁག་མཉམ་འདྲེས་འཕེལ་རྒྱས་ཀྱི་བྱ་སྤྱོད་དང་བྱ་ཐབས་གལ་ཆེན་ལ་སྐུལ་འདེད་ཤུགས་ཆེན་གཏོང་རྒྱུ། ཤེས་ལྡན་མི་སྣ་ཐོན་པ་དང་། བརྩམས་ཆོས་ཐོན་པ། ཕན་འབྲས་ཐོན་པ། སྤུས་ལེགས་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། རིག་གནས་ཀྱིས་མི་སེམས་ལ་ཕན་པ་བཅས་ཀྱི་སྟེགས་བུ་ཞིག་བཏོད་ནས་རྒྱ་ཆེའི་ཡུལ་མི་དང་ཡུལ་སྐོར་བར་རིག་གནས་སྒྱུ་རྩལ་གྱི་གསོལ་སྟོན་གཟབ་རྒྱས་ཤིག་བཤམ་རྒྱུ་ཡིན་པ་རེད།
(བསྟན་རྡོར་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社