分享按钮

(པར་ངོས་དང་པོར་མཐུད)སྒྲ་ཚད་ཅུང་ལེགས་པོ་ཡོད་པ། ཡིག་འབྲུ་རེ་རེའི་སྒྲ་གསལ་པོ་ཐོན་པ། གླུ་གཞས་ཧྲིལ་པོ་དང་དབྱངས་འགྲོས་གནད་ལ་འཁེལ་བའི་སྒོ་ནས་ཁོང་དུ་ཆུད་པ། གླུ་གཞས་བཏང་བའི་སྐབས་སུ་བརྩེ་དུང་ཕུན་སུམ་ཚོགས་པ་དང་། གར་སྟེགས་ཐོག་གི་ཉམས་འགྱུར་བཟང་བ། གླུ་གཞས་ཀྱི་ཡིད་ཁམས་མངོན་པར་བྱེད་པ་བཅས་བྱེད་དགོས།

བསྐྱར་འགྲན་གྱི་ཞིབ་དཔྱད་ཨུ་ཡོན་ནི་ལྗོངས་ཕྱི་ནང་གི་ཆེད་ལས་སྒྱུ་རྩལ་རིགས་ཁག་གི་རིགས་གཅིག་མཁས་ཅན་ལས་གྲུབ་པ་ཞིག་ཡིན་པ་དང་། སྐར་མ་10ཅན་གྱི་ལམ་ལུགས་སྤྱོད་ཀྱི་ཡོད། སྐར་གྲངས་དཔྱད་བསྡུར་བྱེད་པའི་སྐབས་སུ། སྐར་གྲངས་མཐོ་ཤོས་གཅིག་དང་སྐར་གྲངས་དམའ་ཤོས་གཅིག་མེད་པར་བཟོས་རྗེས་ཀྱི་ཆ་སྙོམས་གྱི་སྐར་གྲངས་བརྩི་ཡི་ཡོད། སྐར་གྲངས་བསྡོམས་རྩིས་བྱེད་མཁན་གྱིས་ཞིབ་དཔྱད་ཚོགས་ཆུང་གིས་བརྒྱབ་པའི་སྐར་གྲངས་གཞིར་བཟུང་ཨང་རིམ་བསྒྲིགས་ནས་གཞུང་དཔང་ཁྲུའུ་ལ་སྤྲད་པ་དང་། གཞུང་དཔང་ཁྲུའུ་ཡིས་བདེན་དཔང་བྱས་རྗེས། མཐའ་མའི་བྱ་དགའ་ཐོབ་པའི་བདམས་ཐོན་པ་དང་དེ་བཞིན་ཨང་རིམ་གཏན་འཁེལ་བྱས་པར་མ་ཟད། བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་སྒྲིག་འཛུགས་ཨུ་ལྷན་ལ་ཞིབ་བཤེར་གཏན་འབེབས་བྱ་རྒྱུའི་སྙན་སེང་ཞུས་པ་དང་། དེ་ནས་སྐྱེས་པའི་ཚོགས་ཆུང་དང་བུད་མེད་ཚོགས་ཆུང་གི་སྐར་གྲངས་མཐོ་ཤོས་ཀྱི་བདམས་ཐོན་པ་6རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་བཅུག་པ་རེད།

བདམས་ཐོན་པ་ཕུར་བ་འཕྲིན་ལས་ཀྱིས་ད་ལོ་ནི་ང་རང་དམངས་ཁྲོད་གླུ་གཞས་འགྲན་བསྡུར་ནང་ཞུགས་ཐེངས་གཉིས་པ་ཡིན། ངའི་གཏང་རྒྱུའི་གླུ་གཞས་ནི《མཚོ་བོད་མཐོ་སྒང》ཞེས་པ་དེ་ཡིན། ངས་འཁྲབ་སྟོན་ཡག་པོ་བྱས་ནས་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་ནང་ཞུགས་རྒྱུའི་བརྩོན་ལེན་བྱེད་ཀྱི་ཡོད་ཅེས་བཤད།

བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་བསྡུར་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་དགྲ་འདུལ་གྱིས་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་གཉིས་པའི་དམངས་ཁྲོད་གླུ་གཞས་འགྲན་བསྡུར་གྱི་ལས་དོན་སྤེལ་རྒྱུ་གཏན་འཁེལ་བྱས་རྗེས། གྲོང་ཁྱེར(ས་ཁུལ)ཁག་ཧུར་ཐག་ཞུགས་པ་དང་། སང་ཉིན་རྒྱལ་ཕམ་ཐག་གཅོད་ཀྱི་འགྲན་བསྡུར་སྤེལ་རྒྱུ་ཡིན་པ་དང་། འགྲན་བསྡུར་ཁྲོད་གཞས་པ་མཁས་ཅན་གཅིག་དང་གཞས་མ་མཁས་ཅན་གཅིག འཁྲབ་སྟོན་པ་ཡག་ཤོས་གཅིག ཕུལ་བྱུང་གི་བྱ་དགའ་ཐོབ་མཁན་9བཅས་བདམ་རྩིས་ཡོད་ཅེས་བཤད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-15 6 6 拉萨日报藏文 c184341.html 1 /enpproperty-->