分享按钮

ཞི་ཅིན་ཕིང་ཐ་ཇིག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུཊ་ ཏེ་རྒྱལ་ནང་དུ་ལོག་ཕེབས་པ།

ཤིན་ཧྭ་གསར་འགྱུར་ཁང་ཏུའུ་ཤང་པེ་ནས་ཟླ་7ཚེས་6ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་6ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཐ་ཇིག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུགས་ཏེ་ཏུའུ་ཤང་པེ་ནས་ཁ་བྲལ་ཏེ་རྒྱལ་ནང་དུ་ལོག་ཕེབས་པ་རེད།

ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧོ་མོང་གིས་གྲོས་ཚོགས་ཀྱི་གྲོས་ཁང་གོང་མའི་གྲོས་དཔོན་དང་ཏུའུ་ཤང་པེ་ཡི་གྲོང་སྤྱི་གཅིག་ལྕོགས་གནང་མཁན་ལུའུ་སི་ཐ་མུའུ་དང་། ཕྱི་འབྲེལ་པུའུ་ཡི་པུའུ་ཀྲང་མུའུ་ཧོ་ལི་ཏིང་གི་སྣེ་ཁྲིད་དེ་གནམ་ཐང་དུ་ཕེབས་སྐྱེལ་ཞུས་པ་རེད།

ལ་ཧོ་མོང་གིས་ཞི་ཅིན་ཕིང་ལ་2014ལོ་ནས་བཟུང་ཐ་ཇིག་སི་ཐན་དུ་འཚམས་འདྲི་ཐེངས་གསུམ་གནང་བའི་རྩ་ཆེའི་པར་དེབ་ཕུལ་ནས་ཀྲུའ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་དུ་ལོ་རྒྱུས་རང་བཞིན་གྱི་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་གྲུབ་བྱུང་བར་སླར་ཡང་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་ངས་ད་ཐེངས་འཚམས་འདྲི་བྱེད་རིང་ཀྲུང་ཐ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ལོ་རྒྱུས་རང་བཞིན་གྱི་ཐུག་འཕྲད་གནང་བ་དེས་འབྱུང་འགྱུར་དུས་ཡུན་རིང་པོའི་ནང་ཀྲུང་ཐ་དུས་རབས་གསར་པའི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་རྒྱུར་སྣེ་ཁྲིད་ཐུབ་རྒྱུ་རེད། ངས་སྲིད་འཛིན་ལ་ཧོ་མོང་དང་མཉམ་དུ་ཀྲུང་ཐའི་འབྲེལ་བར་སྔར་བས་འོད་སྟོང་འཕྲོ་བའི་འབྱུང་འགྱུར་གཏོད་རྒྱུར་མུ་མཐུད་ནས་སྐུལ་འདེད་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

གནམ་ཐང་དུ་བསྐྱོད་པའི་ལམ་བར་དུ། ས་གནས་དེ་གའི་ཕྱིར་སྡོད་རང་མི་དང་། ཀྲུང་གོ་བ། ཀྲུང་གོས་མ་དངུལ་བཞག་པའི་སྒྲིག་གཞིའི་འཐུས་མི་བཅས་ཀྱིས་འགྲོ་ལམ་གྱི་གཡས་གཡོན་དུ་ཀྲུང་གོ་དང་ཐ་ཇིག་སི་ཐན་རྒྱལ་ཁབ་གཉིས་ཀྱི་རྒྱལ་དར་གཡུག་གཡུག་བྱས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཐ་ཇིག་སི་ཐན་ལ་རྒྱལ་དོན་འཚམས་འདྲི་གནང་བ་ལེགས་འགྲུབ་བྱུང་བར་རྟེན་འབྲེལ་ཞུས་པ་རེད།

ཚའེ་ཆི་དང་ཝང་དབྱི་སོགས་ཀྱང་གནམ་གྲུར་བཞུགས་ནས་ལོག་ཕེབས་པ་རེད།

ས་གནས་དེ་གའི་དུས་ཚོད་ཟླ་7ཚེས་5ཉིན་གྱི་དགོང་མོར། ཞི་ཅིན་ཕིང་དང་ཐ་ཇིག་སི་ཐན་གྱི་སྲིད་འཛིན་ལ་ཧོ་མོང་མཉམ་དུ་ཏུའུ་ཤང་པེ་རྒྱལ་ཁབ་མགྲོན་ཁང་དུ་བྱམས་བརྩེའི་མཛའ་གྲོགས་ཀྱི་གླེང་མོལ་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 6 6 拉萨日报藏文 c184028.html 1 ཞི་ཅིན་ཕིང་ཐ་ཇིག་སི་ཐན་དུ་རྒྱལ་དོན་འཚམས་འདྲི་མཇུག་འགྲིལ་ནས་ཆེད་གཏོང་གནམ་གྲུར་བཞུཊ་ ཏེ་རྒྱལ་ནང་དུ་ལོག་ཕེབས་པ། /enpproperty-->