分享按钮

རང་གྲོང་གི་2023ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་ བྱ་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ།

ཁྲེན་ཅིང་གིས་གསུང་བཤད་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་5ཉིན་གྱི་ཕྱི་དྲོར། རང་གྲོང་གིས་2023ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་དུས་བབ་ལ་དབྱེ་ཞིབ་དང་གནད་དོན་ལ་ཞིབ་འཇུག་བྱས་ཏེ། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་བླང་བྱ་དང་བསྟུན་ནས་གྲོང་ཁྱེར་ཡོངས་ཀྱི་བཅོས་སྒྲིག་ལས་དོན་བཀོད་སྒྲིག་བྱས་པ་རེད།

གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྒྱུན་ལས་གྲོང་སྤྱི་གཞོན་པ། གྲོང་ཨུད་ཀྱི་གྲོང་གསེབ་ལས་དོན་འགོ་ཁྲིད་ཚོགས་ཆུང(གྲོང་ཨུད་ཀྱི་གྲོང་གསེབ་དར་རྒྱས་འཐབ་ཇུས་ལག་བསྟར་འགོ་ཁྲིད་ཚོགས་ཆུང)གི་རྒྱུན་ལས་ཙུའུ་ཀྲང་གཞོན་པ་ཁྲེན་ཅིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་སྐོར་དང་། 2023ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་གནས་ཚུལ་དང་དེ་བཞིན་བཅོས་སྒྲིག་ལས་དོན་བཀོད་སྒྲིག་སྐོར་གྱི་ཀྲུང་དབྱང་དང་། རང་སྐྱོང་ལྗོངས། གྲོང་ཨུད་བཅས་ཀྱི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། 《ཀྲུང་དབྱང་གིས་2023ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ཇུས་གཞིའི》ཐད་གསལ་བཤད་གནང་བ་རེད།

ཁྲེན་ཅིང་གིས་བསྟན་དོན། ད་ལོ་ནི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་འགག་རྩའི་ལོ་ཞིག་ཡིན་པས། ད་ལོའི་ལས་དོན་ཡག་པོ་བསྒྲུབ་རྒྱུ་ནི་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད། གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་ཚན་པ་ཁག་གིས་བསམ་བློ་སྔར་བས་གཅིག་གྱུར་དང་། ངོས་འཛིན་གཏིང་ཟབ་ཏུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་ནན་པོ་བཅས་བྱས་ཏེ། རྒྱལ་ཁབ་དང་རང་སྐྱོང་ལྗོངས་ཀྱིས་དཔྱད་ཞིབ་དང་ཚུར་ལན་བྱས་པའི་བཅོས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་དགོས།

ཁྲེན་ཅིང་གིས་ནན་གསུངས་གནང་དོན། ཚན་པ་ཁག་དང་རྫོང(ཆུས)ཁག་གིས་བསམ་བློའི་ཐད་ད་ཐེངས་ཀྱི་ཀྲུང་དབྱང་གིས་ཚུར་ལན་བྱས་པའི་བཅོས་སྒྲིག་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱེད་དགོས་པ་དང་། 2023ལོའི་ལོ་འཁོར་གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་བྱ་རྒྱུའི་གལ་ཆེའི་རང་བཞིན་དང་དགོས་གཏུག་རང་བཞིན་ལ་ངོས་འཛིན་གཏིང་ཟབ་བྱས་ཏེ། ས་ཆ་གཅིག་ཏུ་ཐེངས་གཉིས་མི་འགྱེལ་བའི་ཆོད་སེམས་ལ་བརྟེན་ནས་གནད་དོན་ལ་ཞིབ་བཤེར་དང་། གནད་འགག་རྙེད་པ། བཅོས་སྒྲིག་ཡག་པོ་བཅས་བྱེད་དགོས་པ་དང་།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 ཁྲེན་ཅིང་གིས་གསུང་བཤད་གནང་བ། 6 6 拉萨日报藏文 c184027.html 1 རང་གྲོང་གི་2023ལོའི་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་རྒྱས་འབྲེལ་མཐུད་ནུས་ལྡན་བྱེད་པའི་དཔྱད་ཞིབ་ཁྲོད་ཀྱི་ལན་སྤྲོད་གནད་དོན་བཅོས་སྒྲིག་ བྱ་རྒྱུའི་བཀོད་སྒྲིག་ཚོགས་འདུ་འཚོགས་པ། /enpproperty-->