分享按钮

གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་31པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཀྱི(རྒྱ་ཆེ)ཚོགས་འདུ་འཚོགས་པ།

འཇམ་དབྱངས་བློ་གྲོས་ཀྱིས་གཙོ་སྐྱོང་གནང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་7ཚེས་5ཉིན། གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་31པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཀྱི(རྒྱ་ཆེ)ཚོགས་འདུ་འཚོགས་པ་རེད།

གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཀྲུའུ་ཞི་འཇམ་དབྱངས་བློ་གྲོས་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བར་མ་ཟད། གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག ཏང་གི་སྒྲིག་ཁྲིམས་སློབ་གསོར་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་། 《ཞི་ཅིན་ཕིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་སྐོར་གླེང་བ(2024)》ཞེས་པ་བརྒྱུད་བསྒྲགས་སློབ་སྦྱོང་བྱས་པ་རེད། གྲོང་ཨུད་སྒྲོག་འགྲེལ་ཚོགས་པའི་ཁོངས་མི་དང་གྲོང་ཨུད་ཏང་གི་སློབ་གྲྭའི་མར་ལེ་སློབ་དཔྱོད་ཁང་གི་མཐོ་རིམ་འཆད་ཁྲིད་དགེ་རྒན་པ་སངས་སྒྲོལ་མས“རྒྱང་སྐྱོད་ལམ་བུ་གསར་པར་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུར་སྒྲིག་ཁྲིམས་ཀྱི་འགན་ལེན་བརྟན་པོ་མཁོ་འདོན་བྱེད་དགོས། 《ཀྲུང་གོ་གུང་ཁྲན་ཏང་གི་སྒྲིག་ཁྲིམས་ཆད་གཅོད་སྲོལ་ཡིག》ལ་སློབ་སྦྱོང་བྱེད་པ”ཞེས་པ་འགོ་བརྗོད་དུ་བཀོད་ནས་ཆེད་དོན་སློབ་ཁྲིད་གནང་བ་རེད། ཚོགས་ཞུགས་པ་ཚོས་སློབ་སྦྱོང་གི་བརྗོད་བྱ་གཙོ་བོར་དམིགས་ནས་རང་ངོས་འཚར་ལོངས་ཀྱི་བརྒྱུད་རིམ་དང་ལས་ཀའི་དོན་དངོས་ལ་ཟུང་འབྲེལ་བྱས་ཏེ་གཏམ་བཤད་སྤེལ་བ་རེད།

ཆེད་དོན་སློབ་ཁྲིད་དེ《སྲོལ་ཡིག》གི་འཕེལ་རྒྱས་བརྒྱུད་རིམ་དང་གཞི་རྩའི་སྒྲོམ་གཞི། ནང་དོན་གཙོ་བོ། དེ་བཞིན《སྲོལ་ཡིག》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱི་ཐད་ནས་ཟུར་ཁྲིད་གནང་བ་རེད། གྲོང་ཁྱེར་སྲིད་གྲོས་ཀྱི་ཏང་ཡོན་ལས་བྱེད་པ་ཡོངས་དང་དེ་བཞིན་ལས་རིགས་ཁག་གི་ཏང་ཡོན་ཨུ་ཡོན་ཚོས། གསར་དུ་བཟོ་བཅོས་བརྒྱབ་པའི《སྲོལ་ཡིག》གི་ནང་དོན་དང་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་བྱེད་པ་དང་ཁྱོན་ཡོངས་ནས་ཁོང་དུ་ཆུད་པར་བྱེད་པར་ཆེད་དོན་སློབ་ཁྲིད་ལས་བློ་འབྱེད་ཀྱི་རང་བཞིན་དང་མཛུབ་ཁྲིད་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་ངེས་ཞེས་མགྲིན་གཅིག་ཏུ་ངོས་འཛིན་བྱས་པ་རེད།

འཇམ་དབྱངས་བློ་གྲོས་ཀྱིས་བླང་བྱ་བཏོན་དོན། གྲོང་ཁྱེར་ཡོངས་ཀྱི་སྲིད་གྲོས་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་གོ་བ་ལེན་པ། ལག་ལེན་བསྟར་བ་བཅས་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་དང་སྒྲིག་ལམ་ལ་སྲུང་སྐྱོང་བྱེད་པའི་མིག་དཔེ་སྟོན་མཁན་ཞིག་ཏུ་བརྩོན་ལེན་བྱེད་དགོས་པ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ལས་དོན་སྤེལ་བ་དེ་ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་རྩིས་དགོས་པ། ཐོག་མཐའ་བར་གསུམ་དུ་སློབ་སྦྱོང་གི་སྤྲོ་བ་ཆུང་དུ་མི་གཏོང་བར་སྒྲིག་ཁྲིམས་དང་སྒྲིག་ལམ་རྣམས་ཆབ་སྲིད་ཀྱི་རང་རྟོགས་དང་། བསམ་བློའི་རང་རྟོགས། བྱ་སྤྱོད་ཀྱི་རང་རྟོགས་བཅས་སུ་དངོས་སུ་འགྱུར་བར་བྱེད་དགོས་པ། ཏང་ཡོན་གྱིས་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ། སྒྲིག་ལམ་སྦྱོང་བ་དང་། སྒྲིག་ལམ་ཤེས་པ། སྒྲིག་ལམ་རྟོགས་པ། སྒྲིག་ལམ་སྲུང་བ་བཅས་ལ་སྐུལ་འདེད་གཏོང་མཁན་ཞིག་ཏུ་བརྩོན་ལེན་བྱེད་དགོས་པ། མཇུག་འབྲས་ཀྱི་ཁྲིད་སྟོན་དང་གནད་དོན་གྱི་ཁྲིད་སྟོན་མཐའ་འཁྱོངས་བྱས་ཏེ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཚན་རིག་རང་བཞིན་དང་། མ་ལག་རང་བཞིན།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-08 འཇམ་དབྱངས་བློ་གྲོས་ཀྱིས་གཙོ་སྐྱོང་གནང་བ། 6 6 拉萨日报藏文 c184025.html 1 གྲོང་ཁྱེར་སྲིད་གྲོས་ཏང་ཙུའུ་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚོགས་ཆུང་གིས་མཉམ་སྡེབ་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་31པ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་ཆེད་དོན་ཟུར་ཁྲིད་ཀྱི(རྒྱ་ཆེ)ཚོགས་འདུ་འཚོགས་པ། /enpproperty-->