ཉེ་བའི་ལོ་ཤས་རིང་། རང་གྲོང་གིས་དུད་ཚང་ལ་འབར་རླངས་མཁོ་འདོན་བྱེད་པའི་ལས་གཞིར་སྐུལ་འདེད་གཏོང་བཞིན་ཡོད། ཉིན་ཤས་གོང་།ཁྲེང་ཀོན་ཆུས་ཚལ་གུང་ཐང་ཁྲོམ་གཞུང་ཚལ་གྲོང་ཚོའི་ཚོགས་ཆུང་བཞི་པ་དང་ལྔ་པའི་དུད་ཚང་དུ་འབར་རླངས་ཀྱི་སྒྲིག་ཆས་སྒྲིག་སྦྱོར་དང་འབར་རླངས་ཀྱི་མདོང་ལམ་བསྐྲུན་ཟིན་ཡོད། དེའི་ཁྲོད་གནོན་ཤུགས་འབྲིང་བའི་མདོང་ལམ་སྤྱི་ལེ་2ཙམ་དང་གནོན་ཤུགས་དམའ་བའི་མདོང་ལམ་སྤྱི་ལེ་6.6ཡོད་ཅིང་།ཚོགས་ཆུང་གཉིས་ཀྱི་དུད་ཚང་ཁྱོན་268ཀྱིས་དྭངས་གཙང་དང་། བདེ་འཇགས། ནུས་ཆེ་བཅས་ཀྱི་འབར་རླངས་སྤྱོད་ཐུབ་པར་བྱུང་ཡོད།པར་འདི་ནི་ལས་དོན་པས་དུད་ཚང་དུ་འབྲེལ་ཡོད་གནས་ཚུལ་ཤེས་རྟོགས་བྱེད་བཞིན་པའི་རྣམ་པ་ཡིན།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社