分享按钮

ཏང་དབུ་བརྙེས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་གསར་བརྗེའི་རྗེས་ཤུལ་འཚོལ་བ།

རང་གྲོང་གི་ཚན་པ་ཁག་གིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་རྟེན་འབྲེལ་ཞུ་ཆེད། ཉིན་ཤས་རིང་། རང་གྲོང་གི་ཚན་པ་ཁག་གིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་ཞིང་། བསམ་བློའི་ཐུན་མོང་གི་ངོས་འཛིན་སྔར་བས་གཅིག་ཏུ་བསྡུས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་ཡོད།

ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཏང་ཀྲི་པུའུ།

ཉེ་ཆར། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཏང་ཀྲི་པུའུ་ཡིས་ཏང་ཡོན་ལས་བྱེད་པ་ཡོངས་སྒྲིག་འཛུགས་བྱས་ཏེ། སེམས་ཤུགས་གཅིག་སྒྲིལ་གྱིས་བདུན་གཅིག་ལ་བསུ་བ་ཞེས་པ་གཙོ་དོན་དུ་བྱས་པའི་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས་ཏང་གི་འཁྲུངས་སྐར་ལ་ལེགས་སྐྱེས་ཕུལ་ཡོད་པ་རེད།

བྱེད་སྒོའི་ནང་། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཏང་ཀྲི་པུའུ་ཡིས་གློག་བརྙན《དོན་ཚན་ཉི་ཤུ་པ》ལ་བལྟས་པ་བརྒྱུད། ཏང་ཡོན་སློབ་གསོ་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ནས་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན་བྱ་རྒྱུར་སྐུལ་སློང་དེ་བས་ལེགས་པར་བྱས་ཏེ། རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱེད་པ་དང་། 《མེས་རྒྱལ་ལ་བསྟོད་གླུ་འབུལ》ཞེས་པ་མཉམ་དུ་བླངས་ནས་སྒྱུར་བཅོས་སྒོ་དབྱེ་དང་རླབས་ཆེན་གྱི་མེས་རྒྱལ་ལ་བསྔགས་བརྗོད་བྱས་ཏེ། མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་གཏོང་བ། རྒན་ཡོལ་ཞུས་པའི་ཏང་ཡོན་རྒན་གྲས་ལ་འཚམས་འདྲི་བྱས་ནས་ཐུགས་ཁུར་དང་བརྩེ་སེམས་མཚོན་པར་བྱས་ཏེ། ཏང་ཡོན་རྒན་གྲས་ལ་ཏང་རྩ་འཛུགས་ཀྱི་དྲོ་སྐྱིད་ཚོར་བར་བྱེད་པ། ཏང་གི་སྒྲིག་ཁྲིམས་ལ་སློབ་སྦྱོང་དང་ཏང་གི་རྗེས་སུ་འབྲང་བ་དང་། ལས་སྒོར་སློབ་སྦྱོང་དང་འབྱུང་ཁམས་ལ་སྐུལ་འདེད་གཏོང་བ་ཞེས་པའི་ཤེས་བྱའི་འགྲན་བསྡུར་སྤེལ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ཕན་འབྲས་ཐོན་ཐུབ་པར་བྱེད་པ། ལྷ་ཀླུ་འདམ་རའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ཅུས་ཀྱི་ལས་བྱེད་པ་དང་ལས་བཟོ་པས་སྒྲིག་སྲོལ་ལ་བརྩི་སྲུང་དང་ཁྲིམས་སྲུང་གི་རྣམ་པ་བཟང་པོ་རྒྱུན་ཆད་མེད་པར་བཏོད་ནས་སྤྱོད་གཙང་གི་ཀུན་སྤྱོད་འཛུགས་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། ཏང་ཡོན་གྱིས་ཏང་གི་འཁྲུངས་སྐར་ལ་མཉམ་དུ་རྟེན་འབྲེལ་ཞུས་ནས་ཏང་ཡོན་གྱི་ཐོབ་ཐང་གི་འདུ་ཤེས་དང་འགན་འཁྲིའི་འདུ་ཤེས་སྔར་བས་ཆེ་རུ་གཏོང་བ་དང་། ཏང་ཡོན་གྱི་གཟི་བརྗིད་ཀྱི་འདུ་ཤེས་དང་། འགན་འཁྲི་འཁུར་སེམས། ཁོངས་གཏོགས་ཀྱི་འདུ་ཤེས་བཅས་ཆེ་རུ་གཏོང་བ་སོགས་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་། གོང་བུ་འགྲིལ་ཤུགས། འཐབ་འཛིང་ནུས་པ་བཅས་ཆེ་རུ་བཏང་ཡོད།

ཐེངས་འདིའི་བྱེད་སྒོ་སྤེལ་བ་དེས་ལས་བྱེད་པ་དང་ལས་བཟོ་བའི་ཏང་གཅེས་རྒྱལ་གཅེས་ཀྱི་སྙིང་སྟོབས་གསོ་སྐྱོང་བྱས་པ་དང་། ཏང་ཡོན་ལས་བྱེད་པས་ཏང་གཅེས་རྒྱལ་གཅེས་ཀྱི་སྤྲོ་སེམས་འཕེལ་བར་བྱས་ཡོད། དེ་བཞིན་ཏང་ཡོན་གྱིས་ཏང་གི་ལོ་རྒྱུས་དང་ཏང་དབུ་བརྙེས་པའི་ཤེས་བྱར་ཤེས་རྟོགས་བྱུང་ཡོད་ལ། ཏང་ཀྲི་པུའུ་ཡི་གོང་བུ་འགྲིལ་ཤུགས་དང་འཐབ་འཛིང་ནུས་པ་ཆེ་རུ་ཕྱིན་ཡོད། དེ་དང་ཆབས་ཅིག་ཏང་ཡོན་ཡོངས་ཀྱི་ལས་ཀའི་སྤྲོ་སེམས་འཕེལ་ཡོད་ལ། ཏང་ཡོན་གྱི་སྤོབས་སེམས་དང་ལས་འགན་གྱི་འདུ་ཤེས་ཆེ་རུ་ཕྱིན་ཡོད་པས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་སྔར་ལས་ལེགས་པར་འདོན་སྤེལ་དང་ཏང་ཀྲི་པུའུ་འཕེལ་རྒྱས་མགྱོགས་སུ་གཏོང་བར་སྐུལ་འདེད་ཀྱི་ནུས་པ་གལ་ཆེན་ཐོན་ཡོད།

ནོར་སྟོད་སྡེ་ཁུལ།

ཟླ་7ཚེས་1ཉིན། བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་ནོར་སྟོད་སྡེ་ཁུལ་གྱིས་ལྷ་ས་གྲོང་ཁྱེར་ཀྲུང་ཧྭ་རིག་གནས་སྤྱི་གླིང་དུ་ཏང་དབུ་བརྙེས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་གསར་བརྗེའི་རྗེས་ཤུལ་འཚོལ་བ་ཞེས་པ་དང་། བདུན་གཅིག་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད་པ་རེད།

ནོར་སྟོད་སྡེ་ཁུལ་གྱི་གྲོང་མི་ནོར་བུ་ཡར་འཕེལ་གྱིས་ད་ཐེངས་ཀྱི་བྱེད་སྒོར་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ཏང་ཡོན་རྒན་གྲས་ཤིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་རྒན་ཡོལ་ཞུས་ཀྱང་ཏང་ཡོན་གྱི་སྙིང་སྟོབས་མི་ཉམས་པ་དང་། ལས་གནས་ལས་བྲལ་ཡང་ཏང་དང་ཁ་མི་བྲལ་བའི་སྙིང་སྟོབས་མཐའ་འཁྱོངས་བྱས་ཏེ། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་སྔར་རྒྱུན་བཞིན་སྡེ་ཁུལ་གྱི་ལས་དོན་ལ་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་བཤད།

བྱེད་སྒོའི་ནང་། ད་དུང་གསར་བརྗེའི་གླུ་གཞས་གང་ཡིན་ལ་ཚོད་དཔག་བྱེད་པ་དང་། ཏང་གི་ལོ་རྒྱུས་ཀྱི་དྲི་གཞིར་ལན་འདེབས་པ། ཐག་འཐེན་འགྲན་བསྡུར་སོགས་མཉམ་འགུལ་གྱི་བྱེད་སྒོ་སྣ་ཚོགས་བཀོད་སྒྲིག་བྱས་ཡོད་པ་རེད།

ཀརྨ་དགོན་གསར་སྡེ་ཁུལ།

ཟླ་7ཚེས་1ཉིན།ཀརྨ་དགོན་གསར་སྡེ་ཁུལ་གྱིས་“གསར་བརྗེའི་ཟླ་བདུན་པར་ཕུལ་བྱུང་གི་ཏང་ཡོན་བརྩོན་ལེན་བྱེད་པ་དང་བདུན་གཅིག་ལ་རྟེན་འབྲེལ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན”གཙོ་དོན་དུ་བྱས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད།

ཀརྨ་དགོན་གསར་སྡེ་ཁུལ་གྱི་ཕུལ་བྱུང་ཏང་གི་ལས་དོན་པ་ཉི་མ་སྒྲོལ་དཀར་གྱིས་ཕུལ་བྱུང་ཏང་གི་ལས་དོན་པའི་གཟི་བརྗིད་མཚན་སྙན་ཐོབ་པར་སྤོབས་སེམས་ཆེན་པོ་སྐྱེས་བྱུང་། ཀརྨ་དགོན་གསར་སྡེ་ཁུལ་གྱི་ཏང་རྩ་འཛུགས་ཀྱིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་ཐུཊ་རྗེ་ཆེ་ཞུ་རྒྱུ་མ་ཟད། འགོ་ཁྲིད་དང་ལས་རོགས་ཚོས་ཀྱང་རོགས་རམ་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ངས་ལས་ཀའི་སྤྲོ་སེམས་སྔར་བས་ཆེ་བ་དང་ལས་ཀའི་སྤྱོད་ཚུལ་སྔར་བས་ཏན་ཏིག་གི་ཐོག་ནས་ལས་དོན་ཁག་ཡག་པོ་བསྒྲུབས་ཏེ།གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ཁྱོན་ཡོངས་ནས་ལེགས་པར་བསྒྲུབ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།

དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ།

ཟླ་7ཚེས་1ཉིན།དོག་སྡེ་ཁྲོམ་གཞུང་དར་རྒྱས་སྡེ་ཁུལ་གྱིས་ཧྲེང་ཁྲེང་མུ་ཏན་ཡོན་ཁུལ་ཆུང་དུ་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ནས་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་པ་རེད།(པར་ངོས་བཞི་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 རང་གྲོང་གི་ཚན་པ་ཁག་གིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བའི་གཙོ་དོན་བྱེད་སྒོ་རབ་དང་རིམ་པ་སྒྲིག་འཛུགས་བྱས་ནས་སྤེལ་བ། 6 6 拉萨日报藏文 c183737.html 1 ཏང་དབུ་བརྙེས་པའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ནས་གསར་བརྗེའི་རྗེས་ཤུལ་འཚོལ་བ། /enpproperty-->