分享按钮

རང་གྲོང་གི་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱིས་རླངས་འཁོར་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

(པར་ངོས་དང་པོར་མཐུད)ཁེ་ལས་ཀྱིས་ཁེ་ཕན་སྤྲོད་པའི་གཟིཊ་སྐྱོང་བྱེད་སྒོ་ཡང་སྤེལ་རྒྱུ་ཡིན་པ་རེད། ལྷ་ས་དབན་པའོ་ཧང་གི་ཕྱིར་ཚོང་སྤྱི་ཁྱབ་ལྟ་ཞིབ་པ་བུ་ཆུང་གིས་གསར་འགོད་པར་མི་སྒེར་གྱི་འཛད་སྤྱོད་པས་ལྷ་ས་གྲོང་ཁྱེར་ནས་རླངས་འཁོར་གསར་པ(སྐྱེལ་འདྲེན་རླངས་འཁོར་མིན་པ་དང་ཉིས་བརྒྱུད་རླངས་འཁོར་ཚུད་མེད་པ)ཉོས་ཚེ་རླངས་འཁོར་ཉོ་བའི་ཁ་གསབ་སྤྲོད་རྒྱུ་རེད། ཁ་གསབ་ཀྱི་ཚད་གཞི་ནི། རླངས་འཁོར་དེ་རང་གི་རིན་གོང་དེ་གཞི་འཛིན་སའི་རིན་གོང་དུ་བྱས་ཏེ་རིམ་པ་གཉིས་གཏན་འཁེལ་བྱས་ཡོད་ཅིང་།སྒོར་ཁྲི་10ནང་ཚུན་གྱི་རླངས་འཁོར་ཉོས་ཚེ་སྒོར་10000ཁ་གསབ་སྤྲོད་རྒྱུ་དང་། སྒོར་ཁྲི་10ཡན་གྱི་རླངས་འཁོར་ཉོས་ཚེ་ཁ་གསབ་སྒོར་20000སྤྲོད་རྒྱུ་ཡིན་པ་རེད། ཁ་གསབ་ལེན་སྐབས་ཚང་དགོས་པའི་ཆ་རྐྱེན་ནི་འཛད་སྤྱོད་པས་རླངས་འཁོར་ཉོས་པའི་དཔང་ཡིག་མཁོ་འདོན་བྱེད་དགོས་པ་དང་། ཞིབ་དཔྱད་བྱས་རྗེས་ཁ་གསབ་སྤྲོད་རྒྱུ་རེད་ཅེས་བཤད།

གསར་འགོད་པས་ལྷ་སའི་དབན་པའོ་ཧང་ནས་ཤེས་རྟོགས་བྱུང་བར། ད་ཐེངས་ཀྱི་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་ལ་གཟིགས་སྐྱོང་མང་བ་དང་། སྲིད་གཞུང་དང་ཁེ་ལས་མཉམ་འགུལ། སྲིད་ཇུས་གཏན་འཁེལ་ཁ་གསལ་ལ་ཤེས་བདེ་བ་བཅས་ཀྱི་ཁྱད་ཆོས་མངོན་ཡོད། སྲིད་གཞུང་གི་ཁ་གསབ་དང་ཁེ་ལས་ཀྱི་དངུལ་སྨར་གཟིགས་སྐྱོང་གི་རྣམ་པ་བརྒྱུད། དཔེར་ན། པའོ་མའོ་i3གྱི་གཟིགས་སྐྱོང་གྲངས་ཚད་མཐོ་ཤོས་སྒོར་ཁྲི་15ཙམ་ཡོད་པ་དང་དུས་མཚུངས་རླངས་འཁོར་མཛེས་བཟོའི་ལག་རྟགས་ཀྱང་སྤྲོད་རྒྱུ་རེད། གྲོང་མི་ཧུའུ་ཀང་གིས་ཁྱིམ་དུ་རླངས་འཁོར་རྙིང་པ་ཞིག་ཡོད།ད་ཐེངས་རླངས་འཁོར་གསར་པ་ཉོས་ཚེ་ཁ་གསབ་སྲིད་ཇུས་སྤྲོད་ཀྱི་ཡོད་པ་ཤེས་རྟོགས་བྱུང་རྗེས།རླངས་འཁོར་གསར་པ་ཞིག་ཉོ་འདོད་བྱུང་། ངས་ཉོ་འདོད་པའི་རླངས་འཁོར་ལ་གཟིགས་སྐྱོང་བྱེད་ཤུགས་ཧ་ཅང་ཆེན་པོ་ཡོད་པས་ཁ་གསབ་སྲིད་ཇུས་ནི་དམངས་འཚོར་ཕན་པའི་བྱ་བ་བཟང་པོ་ཞིག་རེད་ཅེས་བཤད།

རླངས་འཁོར་ཉོ་བའི་ཁ་གསབ་ནི་རླངས་འཁོར་ཁྲོམ་ར་སླར་གསོ་ཡོང་བར་སྐུལ་འདེད་གཏོང་བའི་བྱ་ཐབས་ཤིག་རེད། བྱ་ཐབས་དེས་འཛད་སྤྱོད་པར་ཕན་པ་ཐོབ་པར་མ་ཟད། འཛད་སྤྱོད་ཁྲོམ་རའི་ཡིད་ཆེས་ཀྱང་ཆེ་རུ་ཕྱིན་ཡོད། རླངས་འཁོར་ཕྱིར་ཚོང་ཁེ་ལས་ཀྱིས་རླངས་འཁོར་ཉོ་བའི་ཁ་གསབ་ཀྱི་སྐུལ་ཁྲིད་འོག་འཛད་སྤྱོད་པའི་རླངས་འཁོར་ཉོ་བའི་སྤྲོ་སེམས་འཕེལ་ནས་དུས་འགོར་རླངས་འཁོར་ལྟ་བར་ཡོང་མཁན་མང་པོ་ཞིག་གི་རླངས་འཁོར་ཉོ་རྒྱུའི་སེམས་ཐག་བཅད་ཐུབ་པར་བྱུང་ཡོད།འཛད་སྤྱོད་ཁ་གསབ་ཀྱིས་ཚང་མར་རླངས་འཁོར་ཉོ་ཐུབ་པ་དང་བེད་སྤྱོད་ཡག་པོ་ཐུབ་པར་བྱུང་བ་དང་། དམངས་ཕན་སྲིད་ཇུས་ཀྱིས་འཛད་སྤྱོད་པར་ཕན་པ་ཐོབ་བཞིན་ཡོད་ཅེས་བཤད།

བུ་ཆུང་གིས་རླངས་འཁོར་ཁྲོམ་ར་སླར་གསོ་བྱུང་བ་དང་བསྟུན་ནས་རླངས་འཁོར་ཉོ་བའི་ཁ་གསབ་སྲིད་ཇུས་ཀྱི་སྐུལ་ཁྲིད་འོག་རླངས་འཁོར་ཕྱིར་ཚོང་བྱེད་ཚད་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། ཟླ་6ཚེས་8ཉིན་ནས་ད་བར་རླངས་འཁོར་60ལྷག་ཙམ་བཙོངས་ཟིན། སྲིད་གཞུང་ཚན་པ་ཁག་གིས་ཁ་ཡོད་ལག་ཡོད་ཀྱི་དམངས་ལ་ཕན་པའི་སྲིད་ཇུས་བཏོན་ནས་རླངས་འཁོར་ཁྲོམ་རར་སྐུལ་འདེད་བཏང་བས་འཛད་སྤྱོད་པའི་རླངས་འཁོར་ཉོ་འདོད་དང་སྤྲོ་སེམས་འཕེལ་ཏེ་རླངས་འཁོར་ཕྱིར་ཚོང་བྱེད་ཚད་འཕར་རྒྱུར་སྐུལ་ཁྲིད་ཐུབ་ངེས་ཡིན་པའི་ཡིད་ཆེས་ཡོད་ཅེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 6 6 拉萨日报藏文 c183734.html 1 རང་གྲོང་གི་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱིས་རླངས་འཁོར་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། /enpproperty-->