(པར་ངོས་དང་པོར་མཐུད)མཐོང་ཆེན་ཚད་མཐོན་པོ་བྱེད་དགོས་པ་སྟེ། གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འགན་འཁྲི་བློ་ཐག་ཆོད་པོས་ཁུར་ནས་བསམ་ཕྱོགས་སྔར་བས་ཁ་གསལ་བ་དང་། ཁ་ཕྱོགས་སྔར་བ་ཁ་གསལ་བ། ངེས་གནས་སྔར་བས་ཡང་དག་འཚོལ་བ་བཅས་བྱེད་དགོས་ལ། གཅིག་གྱུར་བཀོད་གཏོང་ལ་ཤུགས་སྣོན་རྒྱག་པ་དང་། ལས་འགན་དང་ལས་བགོས་ཞིབ་ཚགས་སུ་གཏོང་བ། མཐུན་སྦྱོར་གཞོགས་འདེགས་ཟབ་ཏུ་གཏོང་བ། བྱས་པའི་རྗེས་དང་འདྲུད་པའི་ཤུལ་ཐོན་པའི་སྙིང་རུས་ལ་བརྟེན་པར་བྱས་ཏེ། གོ་རིམ་ལྡན་པ་དང་ནུས་པ་ཆེའི་སྒོ་ནས་རྣམ་གྲངས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་དགོས།
སྔོན་གྱི་དུས་འགོའི་ལས་དོན་ལེགས་པར་སྒྲུབ་དགོས་པ་སྟེ། རྣམ་གྲངས་ཀྱི་འགྲོ་ལུགས་གཉེར་མགྱོགས་སུ་གཏོང་བ་དང་། རྒྱུ་ཆ་གཙོ་བོར་འགན་ལེན་བྱེད་པ། བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ། རང་འགུལ་ངང་མདུན་ལ་ཕྱོགས་ནས་ཞབས་འདེགས་ཞུ་བ། ཇུས་འགོད་འཆར་འགོད་སོགས་རིགས་པས་ཡང་ཡང་བསྒྲུབས་ནས་ཡག་ཐོག་ཡག་བརྩོན་བྱེད་པ་བཅས་ཀྱི་སྒོ་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཁག་ལེགས་པར་སྒྲུབ་དགོས་པ་དང་། རྣམ་གྲངས་མགྱོགས་མྱུར་ལག་བསྟར་དང་སྔ་ཙམ་ལས་འགོ་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས།
མྱུར་ཚད་ལ་དམ་འཛིན་བྱེད་པ་དགོས་པ་སྟེ། འགན་ལེན་འགོ་ཁྲིད་དང་གཙོ་གཉེར་སྡེ་ཚན་ལ་འགན་འཁྲི་ནན་པོ་དཀྲི་བ་དང་། དུས་ཚོད་རེའུ་མིག་ལ་འགོད་པ། ལས་འགན་ཡི་གེར་འགོད་པ། ལས་ཡུན་ལྡོག་སྒྲིག ལས་རིམ་གསལ་འགོད་བཅས་བྱས་ཏེ། ཐབས་བརྒྱ་ཇུས་སྟོང་གིས་རྣམ་གྲངས་འཛུགས་སྐྲུན་གྱི་མྱུར་ཚད་མགྱོགས་སུ་གཏོང་དགོས་ལ། རྣམ་གྲངས་འཛུགས་སྐྲུན་གྱི་འགག་གནད་དང་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་ཏེ། ལས་འགོ་ཚུགས་ཚད་དང་། ལས་ཆོད་ཐོན་ཚད། ཐོན་སྐྱེད་བྱེད་ཚད་སོགས་ལས་ཕན་འབྲས་དངོས་ཐོན་པར་བྱེད་དགོས།
སྤུས་ཚད་ལ་འགན་ལེན་བྱེད་དགོས་པ་སྟེ། སྤུས་ཚད་ཀྱི་འདུ་ཤེས་བཅངས་ནས་ཚད་གཞི་མཐོན་པོ་དང་བླང་བྱ་ནན་པོ་རྣམ་གྲངས་འཛུགས་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་དགོས་པ་དང་། ལས་གནས་རེ་རེ་དང་། ལས་ཀ་རེ་རེ། གནས་ཚུལ་རེ་རེ་ནས་དམ་འཛིན་བྱས་ཏེ། རྣམ་གྲངས་དོ་དམ་དང་སྤུས་ཚད་དོ་དམ་ལ་ཤུགས་སྣོན་རྒྱག་དགོས་ལ། རྣམ་གྲངས་ཚང་མ་མང་ཚོགས་ཀྱི་འདོད་བློ་དང་མཐུན་པའི་དམངས་སེམས་ལས་གཞི་དང་གཞུང་དྲང་ལས་གཞི་ཞིག་ཏུ་ཡང་འགྱུར་བར་བྱེད་དགོས།
གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན་དང་། སྡོད་ཁང་འཛུགས་སྐྲུན་ཅུས། ཆུ་བེད་ཅུས། གྲོང་ཁྱེར་དོ་དམ་ཅུས། ནགས་ལས་རྩྭ་ཐང་ཅུས་བཅས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས་པ་རེད།
(ཨོ་རྒྱན་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社