分享按钮

རང་གྲོང་གི་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱིས་རླངས་འཁོར་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། མིག་སྔར་རང་གྲོང་གིས《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་འདོགས་པ།ཁེ་ལས་ལ་རོགས་རམ་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》(གཤམ་དུ《ལྷ་སའི་དོན་ཚན་བརྒྱད》ཅེས་བསྡུས་རྒྱུ)ལག་བསྟར་བྱེད་བཞིན་ཡོད། 《ལྷ་སའི་དོན་ཚན་བརྒྱད》ནང་གི་དོན་ཚན་ལྔ་པའི་ནང་རླངས་འཁོར་འཛད་སྤྱོད་ཀྱི་སྲིད་ཇུས་རྒྱ་ཆེར་གཏོང་རྒྱུར་དམིགས་ཡོད་ཅིང་། སྲིད་གཞུང་དང་ཁེ་ལས་ཀྱིས་གཟིགས་སྐྱོང་གང་མང་བྱས་པ་བརྒྱུད།རླངས་འཁོར་འཛད་སྤྱོད་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་འཛད་སྤྱོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པ། འཛད་སྤྱོད་བསྐྱར་འཕར་ཡག་པོ་ཡོང་བ་བཅས་བྱ་རྒྱུར་འདེགས་སྐྱོར་གྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པ་རེད། རླངས་འཁོར་ཉོ་རྩིས་ཡོད་པའི་གྲོང་མི་མང་པོ་ཞིག་གིས་རླངས་འཁོར་ཉོ་སྐབས་ཀྱི་ཁ་གསབ་ཚད་གཞི་གང་འདྲ་ཡིན་མིན་དང་ཁ་གསབ་ལེན་སྐབས་ཆ་རྐྱེན་གང་དག་ཚང་དགོས་མིན་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པས། ཉིན་ཤས་གོང་།གསར་འགོད་པ་ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱི་4sརླངས་འཁོར་ཚོང་ཁང་དུ་བསྐྱོད་ནས་ཤེས་རྟོགས་ཞིབ་ཕྲ་བྱས་ཡོད།

《ལྷ་སའི་དོན་ཚན་བརྒྱད》ལག་བསྟར་བྱས་པ་ནས་བཟུང་།ལྷ་སའི་མཐོ་གསར་ཁུལ(སྣེའུ་ཁུལ་གསར)གྱིས་རླངས་འཁོར་གསར་པ་ཉོས་ཚེ་ཁ་གསབ་སྤྲོད་པའི་སྲིད་ཇུས་བཏོན་ནས་ཁོངས་གཏོགས་ཁུལ་གྱི་རླངས་འཁོར་བརྒྱུད་ཚོང་བྱེད་མཁན་ལ་ཁྱབ་ཡོད་པ་རེད། སྲིད་ཇུས་ལག་བསྟར་བྱེད་པའི་དུས་ཚོད་ནི་2024ལོའི་ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ཡིན་པ་དང་།ཁ་གསབ་མ་དངུལ་སྤྲད་ཚར་རྗེས་བྱེད་སྒོ་མཚམས་འཇོག་བྱ་རྒྱུ་ཡིན་པ་རེད། བྱེད་སྒོ་སྤེལ་རིང་།ལེ་ལག་ཚང་བའི་བྱེད་སྒོ་སྒྲིག་འཛུགས་བྱས་ནས་རླངས་འཁོར་འགྲེམས་སྟོན་བྱ་རྒྱུ་དང་།

(པར་ངོས་གསུམ་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-07-04 6 6 拉萨日报藏文 c183723.html 1 རང་གྲོང་གི་རླངས་འཁོར་འཛད་སྤྱོད་རྒྱ་ཆེར་གཏོང་བའི་སྲིད་ཇུས་ཀྱིས་རླངས་འཁོར་འཛད་སྤྱོད་ཀྱི་གསོན་ཤུགས་འཕེལ་བར་བྱས་པ། /enpproperty-->