分享按钮

2024ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་དེ་ཟླ་7ཚེས་1ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། ཚེས་28ཉིན་གསར་འགོད་པས་རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ནས་ཤེས་རྟོགས་བྱས་པར་གཞིགས་ན། 2024ལོའི་རྒྱལ་ཁབ་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལེཊ་སྒྲིག་ལས་དོན་དེ་ཟླ་7ཚེས་1ཉིན་དངོས་སུ་འགོ་འཛུཊ་རྒྱུ་ཡིན་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱིས་ཉིན་དེར《2024ལོའི་རྒྱལ་ཁབ་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་དང་། ལས་རྨས་འགན་བཅོལ། བུ་བཙའི་འགན་བཅོལ་བཅས་ཀྱི་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་ཇུས་གཞི》དང་དེ་བཞིན་སྙན་ཞུའི་ཕྱོགས་སྟོན་སོགས་ཡིག་ཆ་ཁྱབ་བསྒྲཊ་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།འདི་ལོའི་ལས་ཀའི་ཇུས་གཞི་གཙོ་བོ་ཕྱོགས་གསུམ་ཐད་ལེགས་སྒྲིག་ཕྲན་བུ་བྱས་པ་སྟེ་གཅིག་ནི་ཡིག་ཐོག་སྙན་ཞུའི་ཆ་རྐྱེན་ཐད། སྒྲིག་སྲོལ་ལྟར་སྨན་རྫས་ལ་ཆོག་མཆན་ཐོབ་པ་དང་ནད་ལ་འཕྲོད་པའི་སྨན་བཅོས་བྱེད་པའི་དུས་ཚོད་ཀྱི་བླང་བྱ་དུས་འགྱངས་བྱས་པ། 2019ལོའི་ཟླ་1ཚེས་1ཉིན་གྱི་རྗེས་སུ་ཆོག་མཆན་ཐོབ་ནས་ཁྲོམ་རར་བཏོན་པའམ་ཡང་ན་ནད་ལ་འཕྲོད་པའི་སྨན་རྫས་བཟོ་བཅོས་བརྒྱབ་ཚེ་ཡིག་ཐོག་སྙན་ཞུ་འབུལ་ཆོག གཉིས་ནི་ཐོན་རྫས་ཕྱིར་གཏོང་བྱེད་པའི་ཁྱབ་ཁོངས་ཐད།ཉེ་བའི་ལོ་3རིང་སྨན་བཅོས་འགན་བཅོལ་གྱི་དམིགས་འཛུགས་སྨན་བཅོས་སྒྲིག་གཞིར་མཁོ་འདོན་བྱས་མེད་པའི་རྒྱུན་གཏན་དཀར་ཆག་སྨན་རྫས་དང་དེ་བཞིན་གྲོས་མཐུན་ནང་ཁ་ཆད་བཞག་པ་ལྟར་ཁྲོམ་རའི་མཁོ་འདོན་འགན་ལེན་མ་བྱས་པའི་གྲོས་མོལ་སྨན་རྫས་དེ་གཙོ་གནད་དུ་བསམ་གཞིགས་བྱེད་པའི་གནས་ཚུལ་དུ་བཞག་ནས་མཁོ་སྤྲོད་འགན་ལེན་དང་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ཡོད། གསུམ་ནི་རིགས་གཅིག་མཁས་ཅན་གྱིས་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས། རིགས་གཅིག་མཁས་ཅན་ཞུགས་པའི་སྒྲིག་སྲོལ་དང་གདམ་གསེས་ཚད་གཞི་དང་ཆ་རྐྱེན་ཁ་གསལ་བཟོས་ནས་རིགས་གཅིག་མཁས་ཅན་ཞུགས་པའི་ཆེད་ལས་གསོ་སྦྱོང་དང་མཛུབ་ཁྲིད་ལ་ཤུཊ་སྣོན་བརྒྱབ་སྟེ་ཞིབ་དཔྱད་ཚད་ལེན་གྱི་ཚན་རིག་རང་བཞིན་དང་ཚད་ལྡན་རང་བཞིན་ཆེ་རུ་གཏོང་དགོས་པ་རེད།

རྒྱལ་ཁབ་སྨན་བཅོས་འགན་བཅོལ་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས་སྨན་རྫས་གྲོས་མོལ་བྱས་པ་བརྒྱུད་སྨན་བཅོས་འགན་བཅོལ་དཀར་ཆག་ནང་བཅུག་པ་དེ་དཀར་ཆག་ལེཊ་སྒྲིག་གི་མཇུག་མཐའ་མིན་པར་འགོ་ཚུཊ་ས་ཞིག་ཡིན་པ་དང་མཐའ་མའི་དམིཊ་ཡུལ་ནི་འགན་བཅོལ་ནང་ཞུཊ་མཁན་གྱིས་ཉོ་ཐུབ་པ་དང་། བེད་སྤྱོད་ཐུབ་པ། རྩིས་ཞུ་བྱེད་ཐུབ་པ་བཅས་བྱ་རྒྱུ་དེ་ཡིན་ཞེས་བཤད།

འགན་འཁུར་བས་ད་ཐེངས་ཀྱི་དཀར་ཆག་ལེཊ་སྒྲིག་བྱེད་སྐབས་གྲོས་མཐུན་ནང་ཁ་ཆད་ལྟར་ཁྲོམ་རའི་མཁོ་སྤྲོད་འགན་ལེན་མ་བྱས་པའི་གྲོས་མོལ་སྨན་རྫས་ཁ་སྣོན་བྱས་པ་ཕུད།ད་དུང་འདི་ལོའི་གྲོས་མཐུན་ཡིག་ཆའི་ནང་སྨན་རྫས་མཁོ་སྤྲོད་འགན་ལེན་སྐོར་གྱི་དོན་ཚན་ཁ་སྣོན་བྱས་པ་དང་འབྲེལ་དཔྱད་ཞིབ་དོ་དམ་ནང་བཅུག་ནས་སྨན་རྫས་ཁེ་ལས་ཀྱིས་གྲོས་མོལ་ལེགས་གྲུབ་བྱུང་རྗེས་ཁྲོམ་རའི་མཁོ་སྤྲོད་ཡག་པོ་བྱས་ཏེ་འགན་བཅོལ་ནང་ཞུགས་མཁན་རྒྱ་ཆེའི་ནད་པའི་ཁེ་དབང་དེ་བས་འགན་ལེན་ཡག་པོ་བྱ་རྒྱུའི་ངོ་སྤྲོད་བྱས་པ་རེད།

ལས་ཀའི་ཇུས་གཞིར་གཞིགས་ན།འདི་ལོའི་ལས་ཀའི་གོ་རིམ་གྲ་སྒྲིག་དང་།རེ་ཞུ།རིགས་གཅིག་མཁས་ཅན་གྱི་ཞིབ་དཔྱད།གྲོས་མོལ། མཇུག་འབྲས་ཁྱབ་བསྒྲགས་བཅས་དུས་མཚམས་ལྔ་ལ་དབྱེ་ཡོད་པ་དང་སྔོན་དཔག་བྱས་ན་ཟླ་11པར་གྲོས་མོལ་ལེགས་གྲུབ་ཡོང་བ་དང་འབྲེལ་མཇུག་འབྲས་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་རེད།

(སྟོབས་རྒྱལ་དང་།ཨོ་རྒྱན་ཚེ་རིང་། བྱང་ཆུབ་ཆོས་སྒྲོན་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183651.html 1 2024ལོའི་རྒྱལ་ཁབ་ཀྱི་སྨན་བཅོས་འགན་བཅོལ་སྨན་རྫས་དཀར་ཆག་ལེགས་སྒྲིག་ལས་དོན་དེ་ཟླ་7ཚེས་1ཉིན་ནས་འགོ་འཛུགས་རྒྱུ་ཡིན་པ། /enpproperty-->