分享按钮

རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱས་ནས་ཀོང་ཞི་དང་།ཨན་ཧུའེ།ཧུའུ་ནན་བཅས་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་བསྟུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་6ཚེས་28ཉིན་གློག་འཕྲིན་འབྱོར་གསལ། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཚེས་28ཉིན་གནས་ཚུལ་སྤེལ་བར་གཞིགས་ན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཟླ་6ཚེས་27ཉིན་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱས་ཏེ་ཀོང་ཞི་དང་། ཨན་ཧུའེ། ཧུའུ་ནན་བཅས་ཀྱི་གནོད་འཚེ་ཕོག་ཁུལ་གྱི་གནོད་སྐྱོན་ཕོག་པའི་སློབ་གྲྭ་དང་སྨན་ཁང་། ཆུ་བེད་ཆུ་ལོག་སྔོན་འགོག་སོགས་ཀྱི་སྒྲིག་བཀོད་འཕྲལ་བསྟུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་ནས་གནོད་འཚེ་ཕོག་ཁུལ་གྱི་རྒྱུན་ལྡན་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་གང་མགྱོགས་སླར་གསོ་ཡོང་བར་སྐུལ་འདེད་བཏང་ཡོད་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183650.html 1 རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་ཀྲུང་དབྱང་གི་སྔོན་རྩིས་ནང་ནས་མ་དངུལ་སྒོར་དུང་ཕྱུར་1.5བཀོད་སྒྲིག་བྱས་ནས་ཀོང་ཞི་དང་།ཨན་ཧུའེ།ཧུའུ་ནན་བཅས་ལ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་བྱུང་རྗེས་ཀྱི་འཕྲལ་བསྟུན་སླར་གསོ་བྱེད་པར་རྒྱབ་སྐྱོར་བྱས་པ། /enpproperty-->