分享按钮

ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ།

(པར་ངོས་དང་པོར་མཐུད)མིའི་རིཊ་ཡར་ཐོན་བྱ་གཞག་ལ་སུབ་ཐབས་མེད་པའི་ལོ་རྒྱུས་ཀྱི་བྱས་རྗེས་བཞག་ཡོད་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་70སོང་རྗེས་ཀྱི་ད་ཆ“འཛམ་གླིང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། ཇི་ལྟར་བྱས་ནས་འཛམ་གླིང་འདི་འཛུགས་སྐྲུན་བྱེད་པའི”བརྗོད་གཞི་གལ་ཆེན་གྱི་མདུན་དུ་ཀྲུང་གོས་སླར་ཡང་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དགོས་པའི་དུས་རབས་ཀྱི་ལན་འདི་བཏབ་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་དང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ནི་གཅིག་རྒྱུད་གཅིག་འཛིན་ཡིན་ཞིང་། ཚང་མ་གཉེན་ཉེ་དང་ཁྱིམ་མཚེས་ལ་བྱམས་སྐྱོང་དང་།ཡིད་རྟོན་ལ་དང་དོད།མཛའ་མཐུན་དོན་གཉེར། རྒྱལ་ཁབ་ཁག་ཚང་མའི་དབར་འཆམ་མཐུན་མཉམ་གནས་བཅས་ཀྱི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ལ་གཞི་ཚུགས་པ་དང་། ཚང་མའི་ཐོག་ནས་ཀྲུང་གོའི་ཕྱི་འབྲེལ་གྱི་རང་ཚུགས་རང་སྟོབས་དང་། དྲང་བདེན་རྒྱུན་འཁྱོངས། ཉམ་ཆུང་སྐྱོང་བ་དང་ལེགས་སྤེལ་གྱི་བསམ་པའི་ཉམས་སྣང་མཚོན་པ་དང་། ཚང་མའི་ཐོག་ནས་ཀྲུང་གོ་གུང་ཁྲན་ཏང་མིས་མིའི་རིགས་ཀྱི་ཆེད་དུ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་བའི་གནམ་འོག་སེམས་ལ་འཆང་བའི་བློ་རྒྱ་མཚོན་པ། ཚང་མའི་ཐོག་ནས་ཀྲུང་གོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཞི་བདེ་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པའི་འགྱུར་མེད་ཀྱི་ཆོད་སེམས་བཅས་མཚོན་པས། དུས་བབ་གསར་པའི་འོག་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ལ་རྒྱུན་འཛིན་དང་། དར་སྤེལ། གོང་སྤེལ་བཅས་ཡག་ཤོས་བྱས་པ་ཞིག་རེད། འདུ་ཤེས་དེ་རྒྱལ་ཁབ་དང་རྒྱལ་ཁབ་ཀྱི་ལས་དབང་མཉམ་འདྲེས་དང་སྐྱིད་སྡུག་མཉམ་མྱོང་གི་དོན་དངོས་ལ་གཞི་ཚུགས་ནས་འདྲ་མཉམ་མཉམ་གསོན་གྱི་དཔེ་མཚོན་གསར་པ་ཞིག་བཏོད་ཡོད། ཞི་བདེ་དང་། གོང་འཕེལ། མཉམ་ལས། གཉིས་ཕན་བཅས་ཀྱི་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ཐོག ཞི་བདེ་དང་ཡར་ཐོན་གྱི་གནས་ཚད་གསར་པ་བཏོད་པ། འཛམ་གླིང་སྣེ་མང་ཅན་དང་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བའི་ལོ་རྒྱུས་ཀྱི་འཕེལ་ཕྱོགས་ཆེན་པོར་དམིགས་ཏེ། འཕེལ་རྒྱས་དང་བདེ་འཇགས་ཀྱི་ལག་ལེན་གསར་པ་ཕུན་སུམ་ཚོགས་སུ་བཏང་ཡོད་ཅེས་ནན་གྱིས་བསྟན་ཡོད།

ཞི་ཅིན་ཕིང་གིས།ཞི་བདེའམ་ཡང་ན་དམག་འཁྲུག་དང་། དར་རྒྱས་སམ་ཡང་ན་ཉམས་རྒུད། མཐུན་སྒྲིལ་ལམ་ཡང་ན་འགྲན་རྒོལ་བཅས་ཀྱི་ལོ་རྒྱུས་ཀྱི་གདམ་གའི་མདུན་དུ་ང་ཚོས་དེ་སྔའི་དུས་གང་རུང་ཞིག་ལས་ཀྱང་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་དགོངས་པ་དར་སྤེལ་གཏོང་དགོས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་བླ་ན་མེད་པའི་དམིགས་ཚད་ཕྱོགས་སུ་འབད་བརྩོན་ལྷོད་མེད་བྱེད་དགོས་པ་སྟེ།

ང་ཚོས་བདག་དབང་འདྲ་མཉམ་གྱི་རྩ་དོན་མཐའ་འཁྱོངས་བྱེད་དགོས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དར་སྤེལ་བཏང་ནས་རྒྱལ་ཁབ་ཁག་ཚང་མས་སྣེ་མང་མ་ལག་ཁྲོད་ལས་རང་ཉིད་ཀྱི་ཐོབ་ཐང་རྙེད་ཐུབ་པ་དང་། ཚང་མས་རྒྱལ་སྤྱིའི་བཅའ་ཁྲིམས་ལ་བརྩི་སྲུང་ཞུ་བའི་སྔོན་འགྲོའི་ཆ་རྐྱེན་འོག་འདོན་དགོས་ངེས་ཀྱི་ནུས་པ་འདོན་སྤེལ་ཐུབ་པར་བྱས་ཏེ་འཛམ་གླིང་སྣེ་མང་ཅན་གྱི་འཕེལ་རིམ་སྤྱིའི་ཆ་ནས་བརྟན་ལྷིང་དང་དགེ་མཚན་ལྡན་པའི་རང་བཞིན་ལྡན་པར་འགན་ལེན་ཏན་ཏིག་བྱེད་དགོས།

ང་ཚོས་ཕན་ཚུན་བརྩི་འཇོག་བྱེད་པའི་རྨང་གཞི་བརྟན་དུ་གཏོང་དགོས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་དོ་ཁུར་གལ་ཆེན་ལ་བརྩི་འཇོག་དང་། རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་རང་བདག་ངང་བདམས་པའི་འཕེལ་རྒྱས་ཀྱི་འགྲོ་ལམ་དང་ལམ་ལུགས་ཀྱི་རྣམ་པར་བརྩི་འཇོག་དང་། རྒྱལ་ཁབ་གཞན་གྱི་ནང་སྲིད་ལ་ཐེ་གཏོགས་མི་བྱེད་པའི“ལྷད་མེད་ཀྱི་ངེས་སྲོལ”དེར་ཐུན་མོང་ཐོག་སྲུང་སྐྱོང་ཡག་པོ་བྱེད་པ། རང་ཉིད་ཀྱི་འདོད་བློ་གཞན་ལ་སྒྲུབ་ཏུ་བཅུག་པ་དང་། ཚོགས་པ་འགྲིགས་ནས་ཁ་གཏད་དུ་ལངས་པ་དང“ཤོག་ཁག་ཆུང་ཆུང”སྣ་ཚོགས་འཛུགས་པ། རྒྱལ་ཁབ་གཞན་ལ་བཙན་ཤེད་ཀྱིས་གྲོགས་འདེམས་ཚོགས་སྒྲིག་བྱེད་དུ་འཇུག་པ་བཅས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་དགོས།

ང་ཚོས་ཞི་བདེ་དང་བདེ་འཇགས་ཀྱི་འདུན་པ་མངོན་འགྱུར་ཡོང་བ་བྱེད་དགོས། ཞི་བདེ་སྲུང་སྐྱོང་གི་འགན་འཁྲི་མཉམ་དུ་འཁུར་རྒྱུ་དང་། ཞི་བདེ་འཕེལ་རྒྱས་ཀྱི་འགྲོ་ལམ་ཐོག་མཉམ་དུ་བསྐྱོད་རྒྱུ། ཞི་བདེ་མཉམ་གཉེར་དང་། ཞི་བདེ་མཉམ་སྲུང་། ཞི་བདེ་མཉམ་སྤྱོད་བཅས་བྱེད་དགོས། གོ་ལ་ཧྲིལ་པོའི་བདེ་འཇགས་གྲོས་འགོ་ལག་ལེན་བསྟར་ནས་མཉམ་ལས་ལ་བརྟེན་ཏེ་འཕེལ་རྒྱས་ལ་སྐུལ་འདེད་དང་མཉམ་ལས་ལ་བརྟེན་ནས་བདེ་འཇགས་ལ་སྐུལ་འདེད་བཏང་ཐོག་དེ་བས་དོ་སྙོམས་དང་། ནུས་ལྡན། རྒྱུན་མཐུད་རུང་བ་བཅས་ཀྱི་བདེ་འཇགས་སྒྲོམ་གཞི་འཛུགས་དགོས།

ང་ཚོས་དར་རྒྱས་མཉམ་སྐྲུན་གྱི་སྒུལ་ཤུགས་གཅིག་སྡུད་བྱེད་དགོས། ཀུན་ཕན་དང་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཧྲིལ་པོ་ཅན་དུ་འགྱུར་བ་དར་སྤེལ་གཏོང་བ་དང་། སྤུས་ཚད་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་ལག་ལེན་བསྟར་བ་བཅས་བྱས་ཏེ་རྒྱལ་ཁབ་ཁག་གི་མི་དམངས་ཀྱིས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་དང་མཉམ་དུ་འཕེལ་རྒྱས་དང་དར་རྒྱས་ཡོང་བར་བྱེད་དགོས།

ང་ཚོས་དྲང་བདེན་དྲང་གཞག་གི་འདུ་ཤེས་འཛིན་དགོས། ཐུན་མོང་ཐོག་མཉམ་གྲོས་མཉམ་སྐྲུན་མཉམ་སྤྱོད་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ལྟ་བ་དར་སྤེལ་གཏོང་བ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་སྒྲིག་སྲོལ་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་གཏན་འཁེལ་དང་། ཐུན་མོང་ཐོག་སྲུང་བ། འཛམ་གླིང་གི་བྱ་དོན་རྒྱལ་ཁབ་ཁག་གིས་གྲོས་མོལ་བྱས་ནས་ཐག་གཅོད་རྒྱུ་བཅས་རྒྱུན་འཁྱོངས་བྱེད་དགོས།

ང་ཚོས་སྒོ་དབྱེ་ཁོང་ཡངས་ཀྱི་བློ་རྒྱ་མངོན་པར་བྱེད་དགོས། གོ་ལ་ཧྲིལ་པོའི་ཤེས་དཔལ་གྱི་གྲོས་འགོ་ལག་ལེན་བསྟར་ནས། རྒྱལ་ཁབ་ཁག་གི་མི་དམངས་ཕན་ཚུན་ཤེས་རྟོགས་དང་མཛའ་གཅུགས་ལ་སྐུལ་འདེད་དང་ཤེས་དཔལ་སྣ་ཚོགས་ཁོང་ཡངས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་སྐུལ་འདེད་གཏོང་དགོས། འཛམ་གླིང་འདིས་རྒྱལ་ཁབ་ཁག་ཐུན་མོང་ཐོག་འཕེལ་རྒྱས་དང་ཡར་ཐོན་ཡོང་བ་ཡོངས་སུ་དང་ལེན་བྱ་ཐུབ། འདྲ་མཉམ་གྱི་ལྟ་སྟངས་འཛིན་པ་དང་། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་ཤེས་དཔལ་མི་འདྲ་བ་མཉམ་སྡུད་མཉམ་གསོག་དང་ཕན་ཚུན་གཅིག་ལ་གཅིག་རྟེན་ཡོངས་སུ་བྱེད་ཆོག་ཅེས་བསྟན་ཡོད།

ཞི་ཅིན་ཕིང་གིས། ལོ་ངོ་70ཡི་ལོ་རྒྱུས་འཕེལ་རྒྱས་ཀྱི་ཐོག་ནས་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་འབྲེལ་གཏུག་བསམ་ཤེས་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་ཁག་གིས་འགྲན་སློང་མཉམ་དུ་བསུ་བ་དང་འབྱུང་འགྱུར་ཐུན་མོང་ཐོག་གཏོད་པའི་ཐབས་ལམ་ནུས་ལྡན་ཞིག་ཡིན་པ་ར་སྤྲོད་ཡང་སེ་བྱས་ཡོད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་སྟོབས་ཤུགས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དེས་མིའི་རིགས་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད་ནུས་པ་གལ་ཆེན་ཐོན་ཡོད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱིས་སྔར་བས་སྒོ་དབྱེ་དང་ཁོང་ཡངས་རྣམ་པའི་ཐོག་ནས་ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བྱས་ཐོག མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྐུལ་འདེད་གཏོང་བའི་མདུན་གྲལ་དུ་བསྐྱོད་དགོས།

ང་ཚོས་ཐུན་མོང་ཐོག་ཞི་བདེ་སྲུང་སྐྱོང་བྱེད་པའི་བརྟན་ལྷིང་གི་སྟོབས་ཤུགས་བྱས་ཏེ། ཞི་བདེའི་བྱེད་ཐབས་ཐོག་ནས་རྒྱལ་ཁབ་དབར་གྱི་ཕྱོགས་འགལ་དང་རྩོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་། རྒྱལ་སྤྱི་དང་ས་ཁུལ་གྱི་དོ་ཁུར་ཆེ་བའི་གནད་དོན་ཆབ་སྲིད་ལ་བརྟེན་ནས་ཐག་གཅོད་བྱེད་པའི་ནང་ཧུར་ཐག་ངང་ཞུགས་དགོས། ཐུན་མོང་ཐོག་སྒོ་དབྱེ་འཕེལ་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་སུ་འགྱུར་བར་བྱས་ནས། འཕེལ་རྒྱས་དེ་རྒྱལ་སྤྱིའི་གྲོས་རིམ་གྱི་ལྟེ་གནས་ཐོག་བསྐྱར་ལོག་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་རོགས་ཟླའི་འབྲེལ་བ་སླར་གསོ་བྱས་ཏེ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་དར་རྒྱས་ཆེ་བའི་རྒྱལ་ཁབ་བར་གྱི་གླེང་མོལ་གཏིང་ཟབ་ཏུ་གཏོང་དགོས། ཐུན་མོང་ཐོག་གོ་ལ་ཧྲིལ་པོའི་བཅོས་སྐྱོང་འཛུགས་སྐྱོང་གི་སྟོབས་ཤུགས་སུ་འགྱུར་བ་བྱས་ཏེ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་སྒྱུར་བཅོས་དང་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་། ཕྱོགས་ཁག་གི་ཐུན་མོང་ཁེ་ཕན་རྒྱ་སྐྱེད་དུ་ཧུར་ཐག་གཏོང་བ། གོ་ལ་ཧྲིལ་པོའི་བཅོས་སྐྱོང་སྒྲོམ་གཞི་དེ་བས་དོ་སྙོམས་དང་ཕན་ནུས་ལྡན་པ་ཡོང་བར་སྐུལ་འདེད་གཏོང་དགོས། ཐུན་མོང་ཐོག་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་སུ་འགྱུར་བར་བྱས་ཏེ། འཛམ་གླིང་རྒྱལ་ཁབ་ཁག་གི་ཤེས་དཔལ་མི་འདྲ་བའི་འབྲེལ་གཏུག་དང་གླེང་མོལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་འཛིན་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། སློབ་གསོ་དང་། ཚན་རྩལ། རིག་གནས། ས་གནས། དམངས་ཁྲོད། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་འགྲོ་འོང་གཏིང་ཟབ་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།

ཞི་ཅིན་ཕིང་གིས། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་མཉམ་ལས་ལ་རྒྱབ་སྐྱོར་དེ་བས་ལེགས་པ་བྱ་ཆེད། ཀྲུང་གོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་ཞིབ་འཇུག་ལྟེ་གནས་བཙུགས་ནས་འབྱུང་འགྱུར་ལོ་5ཡི་རིང་ལ“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”རྒྱལ་ཁབ་ལ“ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔའི་ཕུལ་བྱུང་སྦྱངས་འབྲས་ལེགས་ཐོན་གྱི་བྱ་དགའི”མིང་སྐལ་1000དང་ཞིབ་འཇུག་གསོ་སྦྱོང་གི་མིང་སྐལ་ཁྲི་10མཁོ་འདོན་བྱ་རྒྱུ་མ་ཟད། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་གཞོན་ནུ་སྣེ་ཁྲིད་པའི་འཆར་གཞི་ལག་བསྟར་བྱ་རྒྱུ་ཡིན། ཀྲུང་གོ་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཞི་བདེ་དང་འཕེལ་རྒྱས་ཐེབས་རྩ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་དང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ། གནམ་གཤིས་འགྱུར་ལྡོག་གི་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་བར་གྱི་མཉམ་ལས་ཐེབས་རྩ་བཅས་མུ་མཐུད་བེད་སྤྱོད་ཡག་པོ་བྱས་ཐོག འབྲེལ་ཡོད་ཕྱོགས་དང་མཉམ་དུ་གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་འགོ་དོན་འཁྱོལ་བྱེད་པའི་ཕྱོགས་གསུམ་མཉམ་ལས་དཔེ་སྟོན་ལྟེ་གནས་འཛུགས་པ་དང་དོན་འཁྱོལ་བྱེད་པ་དང་། རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩའི་ནང་གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དང་དེ་བཞིན་ཕྱོཊ་གསུམ་མཉམ་ལས་ཐེབས་རྩ་མུ་མཐུད་འཛུགས་དགོས། ཀྲུང་གོས“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས”ཀྱི་རྒྱལ་ཁབ་དེ་བས་མང་བ་དང་རང་མོས་ཉོ་ཚོང་ཐད་གྲོས་མོལ་བྱེད་པར་བཀོད་སྒྲིག་དང་། འཛམ་གླིང་ཉོ་ཚོང་སྒྲིག་འཛུགས་ཀྱིས་སྤེལ་བའི་ཉོ་ཚོང་རོཊ་སྐྱོབ་ལ་སྐུལ་འདེད་གཏོང་བའི་གྲོས་འགོར་མུ་མཐུད་རྒྱབ་སྐྱོར་དང་ཀྲུང་གོའི་རྣམ་གྲངས་ལ་མ་དངུལ་རྒྱུན་མཐུད་གཏོང་འདོད་ཡོད་པས། “གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ”དེ་བས་མང་བ《གྲངས་འཛིན་དཔལ་འབྱོར་དང་སྦགས་མེད་གོང་འཕེལ་གྱི་རྒྱལ་སྤྱིའི་དཔལ་འབྱོར་ཉོ་ཚོང་མཉམ་ལས་སྒྲོམ་གཞིའི་གྲོས་འགོའི》ནང་ཞུཊ་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་གནང་བ་རེད།

ཞི་ཅིན་ཕིང་གིས། ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་དེ་ཀྲུང་གོའི་རྩ་ཁྲིམས་ནང་སྔ་ས་ནས་བཅུག་ཟིན་པས། ཀྲུང་གོའི་རང་བཙན་རང་བདག་དང་དང་ཞི་བདེའི་ཕྱི་འབྲེལ་གྱི་སྲིད་ཇུས་ཀྱི་རྨང་རྡོར་གྱུར་ཟིན། ཀྲུང་གོས་ཞི་བདེ་གོང་འཕེལ་གྱི་ལམ་བུའི་ཐོག་སྐྱོད་པའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད་པ་དང་། རྒྱལ་ཁབ་ཁག་བར་གྱི་མཛའ་གྲོགས་མཉམ་ལས་ཀྱི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད། འཛམ་གླིང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་བའི་ཆོད་སེམས་ལ་འགྱུར་བ་གཏོང་མི་སྲིད། ཀྲུང་གོས་མུ་མཐུད་དེ་ཞི་བདེ་མཉམ་གནས་རྩ་དོན་ལྔ་དར་སྤེལ་གཏོང་བ་དང་། རྒྱལ་ཁབ་ཁག་དང་ལག་གདང་སྦྲེལ་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་དེ། འཛམ་གླིང་ཞི་བདེར་སྲུང་སྐྱོང་དང་ཐུན་མོང་གོང་འཕེལ་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་རྒྱུ་ཡིན་ཞེས་ནན་གྱིས་བསྟན་ཡོད།

ཞི་ཅིན་ཕིང་གིས་མཇུག་ཏུ། དེ་རིང་། མིའི་རིཊ་ཀྱི་ཞི་བདེ་དང་གོང་འཕེལ་བྱ་གཞག་ལ་སྐུལ་འདེད་གཏོང་བའི་མཐུད་རྒྱུག་དེ་ལོ་རྒྱུས་ཀྱི་འཕེལ་ཕྱོཊ་དང་བསྟུན་ནས་ང་ཚོ་མི་རབས་འདིའི་ལག་ཏུ་སླེབས་ཡོད། ང་ཚོས་ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲཊ་བྱས་ནས་ལོ་ངོ་70འཁོར་བར་དྲན་གསོ་ཞུ་བ་དེ་འགོ་འཛུཊ་སར་བརྩིས་ཐོག ལོ་རྒྱུས་ཀྱི་འགན་དཀྲི་ཕྲག་ཏུ་འཁུར་བ་དང་། ལག་གདང་སྦྲེལ་ནས་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་པ། ཐུན་མོང་ཐོག་མིའི་རིཊ་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པ་དང་མིའི་རིགས་ཀྱི་སྤྱི་ཚོགས་ལ་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གཏོད་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།

ལི་ཆང་གིས་དྲན་གསོ་ཞུ་བའི་ཚོཊ་ཆེན་གཙོ་སྐྱོང་གནང་བ་རེད།

ཚའེ་ཆི་དང་། ཝང་དབྱི། ལི་ཧྲུའུ་ལེ། ཅང་ཤིན་ཀྲེ་སོགས་ཚོགས་ཆེན་ལ་ཞུགས་ཡོད།

ཝེ་ཐེ་ནམ་གུང་ཁྲན་ཏང་ཀྲུང་དབྱང་གི་དེ་སྔའི་སྤྱི་ཁྱབ་ཧྲུའུ་ཅི་ནུང་ཏེ་མེང་དང་། འབར་མའི་དེ་སྔའི་ཙུང་ཐུང་ཏེང་ཧྲེང་། པ་ཙེར་གྱི་དེ་སྔའི་ཙུང་ཐུང་། གསར་སྤེལ་དངུལ་ཁང་གི་འགོ་འཛིན་ལུའོ་སའེ་ཕུའུ། ལྷོ་ཨ་ཧྥེ་རི་ཁའི་དེ་སྔའི་ཙུང་ཐུང་མུའུ་ཐེ་ལན་ཏི། ཨེ་ཙེ་ཨོ་ཕི་ཡའི་དེ་སྔའི་ཙུང་ཐུང་མུའུ་ལ་ཐུའུ། སི་རི་ལན་ཁའི་དེ་སྔའི་ཙུང་ཐུང་ལ་ཅ་ཧྥ་ཁེ་ས། ལྗར་པན་གྱི་དེ་སྔའི་དབུ་ཞུགས་བློན་ཆེན་ཅིའུ་ཧྲན་ཡིའུ་ཅི་ཕུའུ། དབྱི་ཊ་ལའི་དེ་སྔའི་ཙུང་ལི་ཏ་ལེ་མ། ཧྥ་རན་སིའི་དེ་སྔའི་ཙུང་ལི་ཏེ་ཝེར་ཧྥན། ལྷོ་ཁོ་རེ་ཡའི་དེ་སྔའི་ཙུང་ལི་ལི་ཧའེ་ཙན་སོགས་སྲིད་ཕྱོགས་མི་སྣ་དང་། དེ་བཞིན་ཀྲུང་གུང་ཀྲུང་དབྱང་དང་། རྒྱལ་ཡོངས་མི་དམངས་འཐུས་ཚོགས། རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས་སོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བ། རྒྱལ་སྤྱི་དང་ས་ཁུལ་གྱི་རྩ་འཛུགས་ཀྱི་འཐུས་མི། ཀྲུང་གོར་བཅར་སྡོད་རྒྱལ་ཁབ་100ལྷག་ཙམ་གྱི་གཞུང་ཚབ་ཕོ་ཉ། ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པ། མཛའ་གྲོགས་མི་སྣ། སྨྱན་སྦྱོར་དང་བཟོ་ཚོང་ལས་རིགས་ཀྱི་འཐུས་མི་བཅས་ཁྱོན་མི་600ལྷག་ཚོགས་འདུར་ཞུགས་ཡོད། (སྟོབས་རྒྱལ་དང་།བྱང་ཆུབ་ཆོས་སྒྲོན། ཨོ་རྒྱན་ཚེ་རིང་བཅས་ཀྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-30 6 6 拉萨日报藏文 c183647.html 1 ཞི་བདེ་མཉམ་གནས་ཀྱི་རྩ་དོན་ལྔ་ཁྱབ་བསྒྲགས་བྱས་ནས་ལོ་ངོ་70འཁོར་བའི་དྲན་གསོའི་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་འཚོགས་པ། /enpproperty-->