(པར་ངོས་དང་པོར་མཐུད)ནུས་པ་ཆ་ཚང་བ། ཚན་རིག་དང་མཐུན་ཞིང་ཚད་དང་ལྡན་པ། འཁོར་སྐྱོད་ནུས་ཆེ་བཅས་ཀྱི་ཁྱོན་ཡོངས་ནས་ཏང་ནན་པོས་སྐྱོང་བའི་མ་ལག་སྔར་བས་འཐུས་ཚང་དུ་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཀྲུང་དབྱང་རྩ་འཛུགས་པུའུ་ཡི་དྲུང་ཆེ་བློ་མཐུན་ཀྲང་ཅིན་ཧུའུ་ཡིས་གནད་དོན་དེའི་སྐོར་ལ་གསལ་འགྲེལ་གནང་བ་དང་ལས་ཀའི་གྲོས་འགོ་བཏོན་པ་རེད། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་གསལ་འགྲེལ་ལ་ནན་ཏན་ངང་ཉན་པ་དང་འབྲེལ་གྲོས་བསྡུར་ཡང་གནང་བ་རེད།
ཞི་ཅིན་ཕིང་གིས་གསལ་འགྲེལ་དང་གྲོས་བསྡུར་ལ་གསན་རྗེས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་ཐོག་མར། ཉིན་ཁ་ཤས་སོང་རྗེས་ང་ཚོའི་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བའི་ལོ་ཡིན་པས། ང་རང་ནས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་ལ་དུས་ཆེན་གྱི་འཚམས་འདྲི་ཞུ་རྒྱུ་ཡིན་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་ཏང་གི་ཚོཊ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བློ་བརྟན་འགྱུར་མེད་ངང་ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་བཏང་ནས། རིགས་པའི་གཞུང་ལུཊ་གསར་གཏོད་དང་། ལག་ལེན་གསར་གཏོད། ལམ་ལུཊ་གསར་གཏོད་བཅས་ཀྱི་གྲུབ་འབྲས་རབ་དང་རིམ་པ་ཐོབ་ནས། ཁྱོན་ཡོངས་ནས་ཏང་ནན་སྐྱོང་མ་ལག་བཙུཊ་པ་དང་། ལོ་བརྒྱའི་ཏང་ཆེན་པོའི་རང་ངོས་གསར་བརྗེའི་གནས་ཚད་གསར་པ་བཏོད་ཡོད། དུས་མཚུངས་སུ་ང་ཚོས་ད་དུང་། ཏང་གི་མདུན་དུ་ལྷག་པའི“ཉམས་སད་ཆེན་པོ་བཞི”དང་“ཉེན་ཁ་བཞི་”ཡུན་རིང་གནས་རྒྱུ་དང་། ཁྱོན་ཡོངས་ནས་ཏང་ནན་པོ་སྐྱོང་བ་ནམ་ཡང་ལམ་དུ་ཡོད་པ་དང་། ཏང་གི་རང་ངོས་གསར་བརྗེ་ནམ་ཡང་ལམ་དུ་ཡོད་པ་བཅས་མཐོང་བར་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དུ་ནམ་ཡང“རྒྱུགས་སྤྲོད་པའི”རིག་པ་དྭངས་གསལ་དང་བློ་བརྟན་འགྱུར་མེད་རྒྱུན་འཁྱོངས་བྱས་ཏེ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་མ་ལག་འཐུས་ཚང་དུ་གཏོང་རྒྱུ་དེ་ཐབས་ལམ་ནུས་ལྡན་དུ་བྱས་ཏེ་དུས་རབས་གསར་པའི་ཏང་འཛུཊ་སྐྱོང་གི་རླབས་ཆེན་ལས་གཞི་གསར་པ་རྒྱུན་ཆད་མེད་པར་མདུན་དུ་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་གོང་འོག་འབྲེལ་མཐུད་དང་ལག་བསྟར་ནུས་ལྡན་གྱི་རྩ་འཛུགས་མ་ལག་འཐུས་ཚང་དུ་གཏོང་དགོས། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་ལམ་སྲོལ་འཐུས་ཚང་དུ་བཏང་ནས། ཏང་ཀྲུང་དབྱང་གི་བཀའ་རྒྱ་ཤར་འཕྲོད་དང་གང་གསུང་དེ་སྒྲུབ་བྱ་རྒྱུར་འགན་ལེན་ཏན་ཏིག་བྱེད་དགོས། ཏང་འཛུགས་སྐྱོང་ལས་དོན་གྱི་འགོ་ཁྲིད་སྒྲིག་སྲོལ་དང་རྩ་འཛུགས་དོ་དམ་སྒྲིག་སྲོལ་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ་དང་། རིམ་པ་གཅིག་གིས་རིམ་པ་གཅིག་དམ་འཛིན་དང་། རིམ་པ་དེ་ག་དམ་འཇིན་ཡག་པོ་བྱས་ཐོག་འོག་རིམ་སྣེ་ཁྲིད་དམ་འཛིན་ཡག་པོ་བྱེད་པ། གཞི་རིམ་དམ་འཛིན་ཆེན་པོ་བྱས་ནས་རྨང་གཞི་སྟོབས་ལྡན་དུ་གཏོང་བའི་ལས་ཀའི་རྣམ་པ་ཆཊ་པར་བྱས་ཏེ། རིམ་པ་ཁག་དང་ཁྱབ་ཁོངས་ཁག་གི་ཏང་རྩ་འཛུཊ་ཁྱོན་ཡོངས་ནས་སྲ་བརྟན་དུ་འགྱུར་བར་སྐུལ་འདེད་གཏོང་དགོས། ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་བྱེད་པར་སྐུལ་འདེད་ཤུཊ་ཆེན་གཏོང་བ་དང་། ཉམས་ཞན་དང་ལྷོད་གཡེང་གི་གཞི་རིམ་ཏང་རྩ་འཛུཊ་མུ་མཐུད་དག་ཐེར་བྱས་ཏེ་གཞི་རིམ་ཏང་རྩ་འཛུགས་ཀྱིས་གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད་བྱེད་པའི་ནུས་པ་ཆེ་རུ་གཏོང་དགོས། དཔལ་འབྱོར་རྩ་འཛུགས་གསར་པ་དང་། སྤྱི་ཚོགས་རྩ་འཛུགས་གསར་པ། ལས་ཞུགས་ཚོགས་སྤྱི་གསར་པ་བཅས་ཀྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཤུགས་སྣོན་རྒྱག་པ་འཚོལ་ཞིབ་བྱས་ནས། ཏང་རྩ་འཛུགས་ཀྱི་སྒྲིག་འགོད་དང་བྱེད་སྟངས་གསར་གཏོད་བྱེད་དགོས། དྲ་སྦྲེལ་ལག་རྩལ་དང་ཆ་འཕྲིན་ཅན་གྱི་བྱེད་ཐབས་སྤྱད་དེ་ཏང་འཛུགས་སྐྱོང་གི་ལས་དོན་སྤེལ་མཁས་པོ་བྱས་ནས། ཏང་གི་རྩ་འཛུགས་དང་ཏང་གི་ལས་དོན་དྲ་ཕྱི་དང་དྲ་ཐོག་ཁྱོན་ཡོངས་ལ་ཁྱབ་ཐུབ་པ་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་རྩ་བ་བརྟན་གཏོང་དང་། བློ་སྒྲིལ་སེམས་སྐྱེད་ཀྱི་སློབ་གསོའི་མ་ལག་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་བསམ་བློ་འཛུགས་སྐྱོང་བྱེད་པའི་རྨང་གཞི་འདི་དམ་འཛིན་ཡག་པོ་བྱས་ཏེ་ཏང་གི་རིགས་པའི་གཞུང་ལུཊ་གསར་གཏོད་ཀྱི་དྲག་ཆས་ལ་སྐུལ་འདེད་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཏང་གཤིས་སློབ་གསོར་རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཤུགས་སྣོན་རྒྱག་དགོས། རྒྱུན་ལྡན་རང་བཞིན་གྱི་སློབ་གསོ་དང་གཅིག་སྡུད་རང་བཞིན་གྱི་སློབ་གསོ། རིཊ་པའི་གཞུང་ལུཊ་ཀྱི་དྲག་ཆས་དང་ལག་ལེན་གྱི་བཀོལ་སྤྱོད། ཏང་གཤིས་ཤུཊ་ཆེར་གཏོང་བ་དང་འཇོན་ཐང་ཆེ་རུ་གཏོང་བ་བཅས་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་སློབ་སྦྱོང་ལ་བརྟེན་ནས་བླ་སྲོག་གཏོད་པ་དང་། སློབ་སྦྱོང་ལ་བརྟེན་ནས་བློ་རིག་འཕེལ་བ། སློབ་སྦྱོང་ལ་བརྟེན་ནས་སྤྱོད་ཚུལ་དྲང་བ། སློབ་སྦྱོང་ལ་བརྟེན་ནས་ལས་སྒྲུབ་ལ་སྐུལ་འདེད་བཅས་ཀྱི་ཕུཊ་ཕན་ལམ་སྲོལ་འཐུས་ཚང་དང་དོན་འཁྱོལ་བྱེད་དགོས། ད་ལྟ་སྤེལ་བཞིན་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གོ་སྐབས་སུ་བཟུང་སྟེ་ཏང་ཡོན་དང་ལས་བྱེད་པར་ཏང་གཤིས་ཤུཊ་ཆེར་གཏོང་བ་དང་། སྒྲིག་ཁྲིམས་ནན་པོ་སྲུང་བ། སྤྱོད་ཚུལ་ཞུན་བརྡར་བྱེད་པ་བཅས་ཟུང་འབྲེལ་བྱས་ནས་དེ་དག་རྒྱུན་ལྡན་གྱི་འཚོ་བའི་ཁྲོད་དང་གོམས་གཤིས་སུ་འགྱུར་བར་ཁྲིད་སྟོན་བྱེད་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་གནད་ལ་འཁེལ་བའི་སྒོ་ནས་ནུས་པ་འདོན་པ་དང་། རྩ་ལག་མཉམ་བཅོས་བྱེད་པའི་ལྟ་སྐུལ་དོ་དམ་མ་ལག་འཐུས་ཚང་དུ་གཏོང་དགོས། ངེས་པར་དུ་ཏང་གཤིས་ཏང་སྲོལ་དང་ཏང་གི་སྒྲིག་ཁྲིམས་མཉམ་དུ་དམ་འཛིན་དང་། ནད་བཅོས་སྟོབས་འཕེལ་ཟུང་འབྲེལ་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་ཡོན་དོ་དམ་ལམ་སྲོལ་ལེགས་བཅོས་དང་། ལས་བྱེད་པར་དོ་དམ་དང་ལྟ་སྐུལ་ནན་པོ་བྱེད་པའི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། སྤྱོད་བཟང་དང་སྒྲིག་ཁྲིམས་ནན་གཏོང་རྒྱུན་ལྡན་ཅན་གྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཐུབ་པ། རུལ་སུངས་བྱེད་མི་འདོད་པ་བཅས་ཀྱི་ལས་ཀར་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། ཏང་གིས་རང་གིས་རང་ལ་ལྟ་སྐུལ་བྱེད་པ་དང་མི་དམངས་ཀྱིས་ལྟ་སྐུལ་བྱེད་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལྟ་སྐུལ་སྣ་ཚོགས་འབྲེལ་མཐུད་མཐུན་སྦྱོར་ཡོང་བར་སྐུལ་འདེད་གཏོང་བ་དང་། ཏང་གིས་གཅིག་གྱུར་གྱིས་འགོ་ཁྲིད་དང་། ཁྱོན་ཡོངས་ལ་ཁྱབ་པ། དབང་གྲགས་དང་ལས་ཆོད་ཆེ་བའི་ལྟ་སྐུལ་མ་ལག་འཐུས་ཚང་དུ་གཏོང་བ། ཆབ་སྲིད་ལྟ་སྐུལ་དང་། འགོ་ཁྲིད་ཚན་པ་སྤྱི་དང་ལྷག་པར་དུ“འགོ་ཁྲིད་པ་ཨང་དང་པོ”ལ་ལྟ་སྐུལ། “གལ་ཆེན་གསུམ་དང་ཆེ་བ་གཅིག”གི་དོན་ཚན་ལ་ལྟ་སྐུལ། དེ་བཞིན་དབང་ཆ་གཅིག་སྡུད་དང་། མ་དངུལ་རུབ་འདུས། ཐོན་ཁུངས་ཕུན་སུམ་ཚོགས་པ་སོགས་ཁྱབ་ཁོངས་གཙོ་གནད་ལ་ལྟ་སྐུལ་དམ་འཛིན་ཧུར་ཐག་བྱས་ནས་དམིགས་བསལ་དབང་ཆའི་སྣང་ཚུལ་དང་རུལ་སུངས་ཀྱི་གནད་དོན་ཆགས་ས་བརྟེན་ས་མེད་པར་བྱེད་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་ཚན་རིག་འཐུས་ཚང་དང་། ཕན་ནུས་ལྡན་ཞིང་སྤྱོད་གོ་ཆོད་པའི་ལམ་ལུགས་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས། ངེས་པར་དུ་མ་ལག་གཅིག་སྡུད་བྱེད་ཤུགས་ཆེ་རུ་བཏང་ནས། ལམ་ལུགས་འཛུགས་སྐྱོང་དེ་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་དགོས་མཁོ་དང་འཚམ་པ་དང་། ཏང་གི་འཛུགས་སྐྱོང་ཁག་དང་མཐུན་སྦྱོར་ཡོང་བར་བྱས་ཏེ། ཁྱོན་ཡོངས་ནས་ལམ་ལུགས་ཀྱི་རླུང་ཙེ་དམ་དུ་གཏོང་དགོས། ཏང་ནང་གི་ཁྲིམས་སྲོལ་ལམ་ལུགས་འཛུགས་སྐྱོང་དང་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་ནས། རྩེ་རིམ་ཇུས་འགོད་དང་། ཆད་ལུས་ཞིབ་བཤེར་དང་ཆད་ལུས་གསབ་པ། སྤུས་ཚད་མཐོ་རུ་གཏོང་བ་བཅས་ཀྱི་ལས་དོན་ཡག་པོ་སྒྲུབ་པ་དང་། ལག་ལེན་གྱི་དགོས་མཁོར་ཁ་ཕྱོགས་པ། ཉམས་མྱོང་བཟང་པོ་དང་བྱེད་སྟངས་བཟང་པོ་དུས་ཐོག་ཏུ་ལམ་ལུགས་སུ་བསྒྱུར་བ། ལམ་ལུགས་ལག་བསྟར་བྱེད་ཤུགས་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱ་རྒྱུ་དེ་ཁྲིམས་སྲོལ་ལམ་ལུགས་ཀྱི་ལམ་བུའི་ཐོག་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་བསྟན་ཡོད།
ཞི་ཅིན་ཕིང་གིས་གཙོ་གཟུགས་ཁ་གསལ་དང་བླང་བྱ་ཁ་གསལ་ཡིན་པའི་འགན་འཁྲིའི་མ་ལག་འཐུས་ཚང་དུ་གཏོང་དགོས།ངེས་པར་དུ་རིམ་པ་དབྱེ་ནས་འགན་འཁྲིའི་མ་ལག་འཛུགས་པ་དང་འཐུས་ཚང་དུ་བཏང་ནས། རིམ་པ་ཁག་གི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་འགན་འཁྲི་ཤེས་རྟོགས་དང་། འགན་འཁྲི་ཁུར་བ། འགན་འཁྲི་དོན་འཁྱོལ་བཅས་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཏང་ཨུད(ཏང་ཙུའུ)ཀྱིས་ཁྱོན་ཡོངས་ནས་ཏང་ནན་སྐྱོང་བྱེད་པའི་བྱེད་པོའི་འགན་འཁྲི་ཁ་གསལ་བཟོ་བ་དང་། རིམ་པ་ཁག་གི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་འགན་འཁྲི་ཁ་གསལ་བཟོ་བ། ཏང་ཨུད(ཏང་ཙུའུ)ཧྲུའུ་ཅིའི་འགན་འཁུར་བ་དང་པོའི་འགན་འཁྲི་ཁ་གསལ་བཟོ་བ། འགོ་ཁྲིད་ཚན་ཁག་གི་ཁོངས་མིའི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་ཁ་གསལ་བཟོ་བ། ཏང་ཡོན་དང་ལས་བྱེད་པའི་ཞིབ་ཕྲའི་འགན་འཁྲི་ཁ་གསལ་བཟོ་བ་བཅས་བྱེད་དགོས་པ། གནད་ལ་འཁེལ་ཞིང་ཚན་རིག་དང་མཐུན་པའི་འགན་འཁྲི་བདའ་འདེད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རིམ་པ་རེ་རེ་བཞིན་གནོན་ཤུགས་སྤྲད་དེ། འགན་འཁྲིའི་བྱེད་པོ་གནད་ལ་འཁེལ་བ་དང་། འགན་འཁྲི་བླང་བྱ་གནད་ལ་འཁེལ་བ། དཔྱད་ཞིབ་འགན་འཁྲི་བདའ་འདེད་གནད་ལ་འཁེལ་བ་བཅས་བྱས་ནས་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་འགན་འཁྲི་དོན་འཁྱོལ་གནད་ལ་འཁེལ་བར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་གནང་ཡོད།
ཞི་ཅིན་ཕིང་གིས་མཇུག་ཏུ་ཁྱོན་ཡོངས་ནས་ཏང་ནན་སྐྱོང་མ་ལག་འཐུས་ཚང་དུ་གཏོང་བ་དང་། ཁྱོན་ཡོངས་ནས་ཏང་ནན་སྐྱོང་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས་ན། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་བློ་མཐུན་ཚོས་སྣེ་ཁྲིད་ཡག་པོ་དང་། མིག་དཔེ་སྟོན་པ། རང་གཅུན་ནན་པོ་དང་། འགན་འཁྲི་ནན་ཏན་ཁུར་བ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱེད་དགོས་པ་དང་། ཏང་ཡོངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས། ཏང་བཅོས་སྐྱོང་ཡག་པོ་དང་འཛུགས་སྐྱོང་སྟོབས་ལྡན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བར་འགན་ལེན་བརྟན་པོ་བྱེད་དགོས་ཞེས་བསྟན་ཡོད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社