ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ།རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་གསར་བརྗེའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བར་སྐུལ་མ་གཏོང་བ་དང་། ལས་བྱེད་པ་དང་ལས་བཟོ་བའི་ཧུར་བརྩོན་ཡར་ཐོན་གྱི་བསམ་པའི་ཉམས་འགྱུར་མངོན་པ། རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྣམས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པའི་སྤྲོ་སེམས་འཕེལ་བ་བཅས་བྱ་ཆེད། ཉིན་ཤས་རིང་།རང་གྲོང་གི་ཚན་པ་ཁག་གིས་བྱེད་སྒོ་རྣམ་པ་སྣ་ཚོགས་སྤེལ་ཏེ།ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་རྟེན་འབྲེལ་ཞུས་ཡོད།
གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས།
ཚེས་27ཉིན།གྲོང་ཁྱེར་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་ཏང་ཨུད་ཀྱིས་ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ནས་སྙེ་མོ་རྫོང་དུ་བསྐྱོད་དེ“ཏང་འཛུགས་ཀྱི་སྙིང་སྟོབས་རླབས་པོ་ཆེ་དར་སྤེལ་བཏང་སྟེ་འཕེལ་རྒྱས་ཀྱི་སྟོབས་ཤུགས་གཅིག་ཏུ་སྒྲིལ་བའི”ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་ཡོད། ལྟེ་གནས་དེའི་ཏང་ཡོན་ལས་བྱེད་པ་དང་ཐོག་སྙེ་མོ་རྫོང་གི་གསར་བརྗེའི་སྔོན་གཤེཊ་དཔའ་བོའི་བང་སོ་ཁང་དུ་བསྐྱོད་ནས།སྔོན་གཤེགས་དཔའ་བོའི་བང་སོའི་དྲན་གསོའི་རྡོ་རིང་མདུན་དུ་ཚང་མས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་པ་དང་འབྲེལ་མིང་མེད་སྔོན་གཤེགས་དཔའ་བོའི་དྲན་གསོའི་རྡོ་རིང་ལ་ཁ་བཏགས་ཕུལ་ཞིང་།གསར་བརྗེའི་སྔོན་གཤེགས་དཔའ་བོར་དྲན་གསོ་ཞུས་པ་དང་ཆབས་ཅིག་ཕུགས་བསམ་དང་དད་སེམས་སྔར་བས་བརྟན་དུ་ཕྱིན་ཡོད།
བྱེད་སྒོའི་ནང་།ཚང་མས་བང་སོའི་དྲན་གསོ་ཁང་ལ་ལྟ་སྐོར་བྱས་པ་དང་། འགྲེལ་བཤད་པའི་འགྲེལ་བཤད་ལ་ནན་ཏན་གྱིས་ཉན་པ། པར་རིས་དང་དངོས་པོ།དེ་བཞིན་གློག་བརྙན་ཁང་གི་ལོ་རྒྱུས་གློག་བརྙན་བཅས་ལ་བལྟས་ནས་ད་ལྟའི་བདེ་སྐྱིད་ཀྱི་འཚོ་བ་ནི་ལས་སླ་པོར་བྱུང་བ་ཞིག་མིན་པ་ཚོར་བ་དང་།ལོ་རྒྱུས་ཤེས་རྟོགས་བྱས་ཏེ་ཏང་ལ་དགའ་ཞེན་དང་། ལོ་རྒྱུས་ཤེས་རྟོགས་བྱས་ནས་རྒྱལ་གཅེས་ཀྱི་བརྩེ་སེམས་འཕེལ་བར་བྱས་ཡོད་པར་མ་ཟད།ཏང་ཡོན་ལས་བྱེད་པས་ཐོག་མའི་བསམ་འདུན་མི་བརྗེད་པར་དཔའ་མཛངས་རྟུལ་ཕོད་ཀྱིས་མདུན་དུ་སྐྱོད་པའི་ཡིད་ཆེས་ཀྱང་བརྟན་དུ་ཕྱིན་ཡོད།
བྱེད་སྒོའི་ནང་།ད་དུང་ཤེས་བྱ་འགྲན་བསྡུར་གྱི་ལྷུ་ཚིགས་བཀོད་སྒྲིག་བྱས་ཤིང་། ཤེས་བྱའི་འགྲན་བསྡུར་བརྒྱུད་ཏང་ཡོན་ལས་བྱེད་པས་ཏང་གི་སྒྲིག་ཡིག་དང་ཏང་གི་ལོ་རྒྱུས་སོགས་ཀྱི་ནང་དོན་སྔར་བས་ཁོང་དུ་ཆུད་པར་བྱས་ཡོད།བྱེད་སྒོའི་མཇུག་ཏུ་ལས་ཁུངས་ཏང་ཨུད་ཀྱིས་ད་དུང་ཏང་ཀྲི་པུའུ་ཁག་ལ་ཆབ་སྲིད་ཀྱི་འཁྲུངས་སྐར་གྱི་རྟེན་འབྲེལ་བྱང་བུ་སྤྲད་པ་དང་།ཏང་ཡོན་ཡོངས་ཀྱིས་ཆབ་སྲིད་ཀྱི་བསམ་འདུན་བཅངས་ཏེ།ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་ཐུན་མོང་ཐོག་རྟེན་འབྲེལ་ཞུས་ཡོད་པ་རེད།
སྟག་རྩེ་ཆུས།
ཚེས་28ཉིན།སྟག་རྩེ་ཆུས་ཀྱིས“དཔའ་མཛངས་རྟུལ་ཕོད་ཀྱིས་རྒྱང་ལམ་གསར་པར་མདུན་སྐྱོད་དང་འབྱུང་འགྱུར་ཕྱོགས་སུ་གོམས་སྟབས་བརྟན་པོ་སྤོ”ཞེས་པའི་རྐང་ཐང་མར་སྟག་རྩེར་སྐྱོད་པའི་བྱེད་སྒོ་སྤེལ་བ་རེད།འགོ་ཚུཊ་མཛད་སྒོའི་ཐོག་ཚང་མས་ཏང་ནང་ཞུགས་པའི་དམ་བཅའ་བསྐྱར་དྲན་བྱས་ཏེ་ཐུན་མོང་ཐོག་ཏང་ལ་ལྷག་བསམ་རྣམ་དག་དང་དགའ་ཞེན་བྱེད་ལུཊ་མཚོན་པར་བྱས་ཡོད། བྱེད་སྒོའི་ནང་ཞུཊ་མཁན་ཡོངས་ཀྱི་སྙིང་སྟོབས་རབ་ཏུ་འཕེལ་ཞིང་། ཁོང་ཚོས་ཕན་ཚུན་སྐུལ་ལྕག་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱས་ཏེ།ཞིང་ཁའི་ནང་གི་མཛེས་ལྗོངས་དང་ཕན་ཚུན་གཞི་གཅིག་ཏུ་སྦྲེལ་བའི་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཤིག་ཆཊ་ཡོད། རྐང་ཐང་དུ་སྐྱོད་རིང་ད་དུང་ཏང་གི་སྒྲིག་ཁྲིམས་ཤེས་བྱའི་དྲི་བར་ལན་འདེབས་ས་བཙུཊ་ནས་བྱེད་སྒོའི་ནང་ཧུར་ཐག་ཞུཊ་རྒྱུའི་ཡིད་དབང་བཀུག་ཡོད།
སྤྱི་ལེ་5ཡི་སར་རྐང་ཐང་མར་འགྲུལ་བཞུད་བྱས་པ་བརྒྱུད། བྱེད་སྒོའི་ནང་ཞུགས་མཁན་ཚང་མ་བདེ་བླག་ངང་དམིགས་སར་འབྱོར་ཡོད་པ་རེད། མཇུག་མཐའི་དམིགས་སར་ཚང་མས་གཅིག་རྗེས་གཉིས་མཐུད་ངང་དྲན་རྟེན་གྱི་འདྲ་པར་བླངས་ནས་བརྗེད་པར་དཀའ་བའི་དུས་སྐབས་དེ་ཟིན་ཐོར་བཀོད་ཡོད། སྟག་རྩེ་ཆུས་སྲིད་གཞུང་གཞུང་དོན་ཁང་གི་ལས་དོན་པ་ནོར་སྒྲོན་གྱིས་ད་ཐེངས་ཀྱི་རྐང་ཐང་མར་སྐྱོད་པའི་བྱེད་སྒོའི་ནང་ཞུགས་པ་དེས་ང་ལ་སྤོབས་སེམས་ཆེན་པོ་ཞིག་སྐྱེས་བྱུང་།ཏང་གི་འཁྲུངས་སྐར་འཆར་ཉེར་ཡོད་པའི་སྐབས་སུ་རང་ཉིད་ཀྱི་བྱེད་སྟངས་ཐོག་ནས་ཏང་ལ་དགའ་ཞེན་དང་ཐུགས་རྗེ་ཆེ་ཞུ་ལུགས་མཚོན་པར་བྱས་ཡོད་ལ་ཏང་ཡོན་གྱི་འགན་འཁྲི་དང་ལས་འགན་ཡང་སྔར་བས་ངོས་འཛིན་གཏིང་ཟབ་ཐུབ་བྱུང་།ངས་མུ་མཐུད་སློབ་སྦྱོང་དང་ལས་ཀ་ཧུར་ཐག་བྱས་ནས་ཏང་གི་བྱ་གཞག་ཆེད་རང་ཉིད་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད།
བདུན་གཅིག་སྡེ་ཁུལ།
ཉིན་ཤས་གོང་།བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་བདུན་གཅིག་སྡེ་ཁུལ་གྱིས་བདུན་གཅིག་ལ་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཞིང་།རིག་རྩལ་འཁྲབ་སྟོན་གྱི་རྣམ་པའི་ཐོག་ནས་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་པའི་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་སྡེ་ཁུལ་གྱི་གྲོང་མིའི་སྤྲོ་སེམས་སྔར་བས་འཕེལ་བར་བྱས་ཡོད།
རིག་རྩལ་འཁྲབ་སྟོན་དེ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ་ཡོད་པའི་ཏང་ཡོན་ལས་བྱེད་པ་ཚང་མ་ཡར་ལངས་ནས་ཏང་ཞུགས་ཀྱི་དམ་བཅའ་བསྐྱར་དྲན་བྱས་ཡོད། དེ་རྗེས་བཅིངས་འགྲོལ་ནུབ་ལམ་ཁྲོམ་གཞུང་གི་སྡེ་ཁུལ་ཁག་གི་རིག་རྩལ་རུ་ཁག་དང་དེ་བཞིན་ཁོངས་གཏོཊ་ཁུལ་གྱི་བཅའ་སྡོད་ཚན་པའི་ལས་བྱེད་པ་དང་།ལས་བཟོ་བ།སློབ་མ་བཅས་ཀྱིས《བཀྲ་ཤིས་བདེ་ལེགས》ཞེས་པ་དང་།《བཀྲ་ཤིས་པའི་ཉིན་མོ》ཞེས་པ་སོགས་ངོ་མཚར་ཆེ་བའི་ལེ་ཚན་10ལྷག་ཙམ་འཁྲབ་སྟོན་བྱས་ཡོད།འཁྲབ་སྟོན་བྱ་ཡུལ་དུ་ད་དུང་ཏང་གི་ལོ་རྒྱུས་ཤེས་བྱའི་དྲི་བར་ལན་འདེབས་པའི་རྣམ་གྲངས་ཀྱང་བཀོད་སྒྲིག་བྱས་ཡོད།
བདུན་གཅིག་སྡེ་ཁུལ་གྱི་གྲོང་མི་བཀྲ་ཤིས་རྣམ་རྒྱལ་གྱིས་དེ་རིང་འཁྲབ་སྟོན་བྱས་པའི་ལེ་ཚན་ཚང་མ་ང་ཚོ་མང་ཚོགས་ཀྱིས་ལྟ་འདོད་པ་ཤ་སྟག་རེད་འདུག་པས་ལྟད་མོ་ཧ་ཅང་ཆེན་པོ་འདུག ཏང་གི་སྲིད་ཇུས་བཟང་པོའི་འོག་ང་ཚོའི་འཚོ་བ་ཉིན་རེ་ལས་མ་འདས་པར་ཇེ་ལེགས་སུ་འགྲོ་གི་ཡོད། དེ་དག་ཚང་མ་ཏང་གི་བཀའ་དྲིན་ཡིན་པས་ང་ཚོས་ནམ་ཡང་བློ་ལ་བརྟན་པོར་འཆང་རྒྱུ་ཡིན་ཞེས་བཤད། བདུན་གཅིག་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་པོ་བསོད་ནམས་གཡང་སྐྱིད་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད།གྲོང་མི་མང་ཚོགས་ཀྱིས་ཞི་མཐུན་སྡེ་ཁུལ་འཛུགས་སྐྲུན་བྱེད་པའི་གལ་ཆེའི་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཐུབ་ཡོད། ཕྱིས་འབྱུང་ང་ཚོས་གཞི་རིམ་གྱི་སྤྱི་པའི་རིག་གནས་ཞབས་ཞུའི་ཆུ་ཚད་མུ་མཐུད་མཐོ་རུ་བཏང་ནས་སྡེ་ཁུལ་གྱི་རིག་གནས་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་སྟེ།མང་ཚོགས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུ་དང་སྡེ་ཁུལ་གྱི་ཁོར་ཡུག་བཟང་པོ་མཉམ་དུ་གཏོད་རྒྱུ་ཡིན་ཞེས་བཤད།
བསྟན་རྒྱས་གླིང་སྡེ་ཁུལ།
ཚེས་26ཉིན།བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས“ཏང་ངའི་སེམས་དབུས་སུ་ཡོད།ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་གཙོ་དོན་དུ་བྱས་པའི་ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བ་དང་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་73འཁོར་བར་རྟེན་འབྲེལ་ཞུ་བའི་རིག་རྩལ་འཁྲབ་སྟོན་གྱི་བྱེད་སྒོ་སྤེལ་ཡོད་ཅིང་། ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པ་དང་། གྲོང་མི་མང་ཚོགས། སྡེ་ཁུལ་གྱི་ལས་དོན་པ། དེ་བཞིན་སྡེ་ཁུལ་གཞན་གྱི་གྲོང་མི་སོགས་མི་300ལྷག་ཙམ་མཉམ་དུ་འཛོམས་ནས་འགྱུར་ཁུག་སྙན་པའི་གླུ་སྒྲ་དང་སྟངས་སྟབས་ལེགས་པའི་ཞབས་བྲོའི་ཐོག་ནས་མེས་རྒྱལ་ལ་བསྟོད་གླུ་ཕུལ་ཡོད།
རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་རིག་རྩལ་འཁྲབ་སྟོན་དངོས་སུ་འགོ་ཚུགས་ཡོད། འཁྲབ་སྟོན་པ་ཚོས་འགྱུར་ཁུག་སྙན་པའི་གླུ་སྒྲ་དང་སྟངས་སྟབས་ལེགས་པའི་ཞབས་བྲོའི་ཐོག་ནས་ཏང་གི་ཐུན་མོང་མ་ཡིན་པའི་ལོ་ཟླར་དྲན་གསོ་ཞུས་པ་དང་།སྤྲོ་སེམས་འཁོལ་བའི་ངང་ཏང་ལ་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་པར་མ་ཟད། ངོ་མཚར་ཆེ་བའི་འཁྲབ་སྟོན་ལ་ཡུལ་དངོས་ཀྱི་ལྟད་མོ་བ་ཚོའི་དགའ་བསུ་ལན་མང་ཐོབ་ཡོད།
བསྟན་རྒྱས་གླིང་སྡེ་ཁུལ་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པ་དང་སྡེ་ཁུལ་གྱི་ཀྲུའུ་རེན་ཚེ་རིང་རྣམ་རྒྱལ་གྱིས་སླད་ཕྱིན་ང་ཚོའི་སྡེ་ཁུལ་གྱིས་ཏང་འཛུགས་སྐྱོང་གིས་སྣ་མང་མཉམ་བཅོས་ལ་སྣེ་ཁྲིད་བྱ་རྒྱུ་དེ་ལས་ཀའི་འདུ་ཤེས་སུ་བཟུང་ནས།ཁོངས་གཏོགས་ཁུལ་གྱི་ལས་བྱེད་པ་དང་མང་ཚོགས་ཀྱི་གོང་བུ་འགྲིལ་ཤུགས་ཆེ་རུ་དང་མཐུན་སྒྲིལ་ཟབ་ཏུ་གཏོང་རྒྱུ་དང་།བསྟན་རྒྱས་གླིང་སྡེ་ཁུལ་གྱི་ཐུན་མོང་མ་ཡིན་པའི་གཞི་རིམ་བཅོས་སྐྱོང་གི་ལམ་བུའི་ཐོག་བསྐྱོད་ནས་སྤྱི་ཚོགས་ཞི་མཐུན་དང་བརྟན་ལྷིང་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་དེ་བས་ལེཊ་པ་གཏོང་རྒྱུ་ཡིན་ཞེས་བཤད།
བྱེད་སྒོའི་ཁྲོད།སྡེ་ཁུལ་གྱིས་ད་དུང་ཁོངས་གཏོགས་ཁུལ་གྱི་མཉམ་སྐྲུན་ཚན་པར་གཟེངས་བསྟོད་ཀྱི་དར་ཆ་སྤྲད་པ་དང་། ཕུལ་བྱུང་གི་ཏང་ཡོན་དང་ཏང་དོན་ལས་དོན་པར་གཟེངས་བསྟོད་སྤྲད་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་སྔོན་ཐོན་གྱི་མིག་དཔེར་སློབ་སྦྱོང་དང་། གསར་བརྗེའི་གཞི་རྒྱུ་རྒྱུན་འཛིན།འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཅས་གཏོང་དགོས་པའི་སྐུལ་མ་བཏང་ཡོད།
སྦྲ་ནག་ཞོལ་སྡེ་ཁུལ།
ཉེ་ཆར། སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་ཏང་སྤྱི་ཁྱབ་ཀྲི་པུས“དུས་རབས་གསར་པར་བསྟོད་གླུ་འབུལ། ནམ་ཡང་ཏང་གི་རྗེས་སུ་འབྲང”ཞེས་པ་གཙོ་དོན་དུ་བྱས་ཏེ། ཏང་དབུ་བརྙེས་ནས་ལོ་ངོ་103འཁོར་བར་རྟེན་འབྲེལ་ཞུ་བ་དང་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བར་སྣེ་ཁྲིད་བྱེད་པའི་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། ཚང་མས་ཏང་དབུ་བརྙེས་ནས་ལོ་ངོ་103སོང་བའི་རིང་གི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཡོད། དེ་རྗེས། 《ཕུན་སུམ་ཚོགས་པའི་འཚོ་བ》ཞེས་པ་དང་། 《སླར་ཡང་གླུ་ཞིག་བླངས་ནས་ཏང་ལ་འབུལ》ཞེས་པ་སོགས་འགྱུར་ཁུག་སྙན་ཆ་དོད་པའི་ལེ་ཚན་5རེས་མོས་སུ་འཁྲབ་སྟོན་བྱས་ཏེ། ཏང་དང་མེས་རྒྱལ་ལ་བཅངས་པའི་བརྩེ་བ་ཟབ་མོ་མཚོན་པར་བྱས་ཡོད།
སྐྱིད་རས་ཁྲོམ་གཞུང་སྦྲ་ནག་ཞོལ་སྡེ་ཁུལ་གྱི་ས་ཀི་ན་ཡིས་ཐེངས་འདིའི་རིག་རྩལ་འཁྲབ་སྟོན་ལ་ཁོངས་གཏོགས་ཁུལ་གྱི་ཡུལ་མི་མང་པོ་ཞིག་ལྟ་རུ་སླེབས་འདུག་པས། དེ་ལས།རིག་གནས་ཀྱིས་དམངས་ལ་ཕན་པ་འདོགས་པ་སོགས་ཀྱི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བ་མཚོན་ཐུབ་ལ། སྡེ་ཁུལ་གྱི་ཡུལ་མི་རྣམས་སྔར་བས་ལས་ཀ་དང་འཚོ་བའི་ནང་ཞུགས་རྒྱུར་སྐུལ་མ་ཐེབས་ནས། ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་ཆེད་སྡེ་ཁུལ་གྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་རེད་ཅེས་བཤད།
ཚེ་སྨོན་གླིང་།
ཚེས་27ཉིན། ཚེ་སྨོན་གླིང་སྡེ་ཁུལ་གྱིས་གྲོང་ཚོར་བཅའ་སྡོད་དྲིལ་བསྒྲགས་པུའུ་ཡི་ལས་དོན་རུ་ཁག་སོགས་ཚན་པ་དང་མཉམ་དུ་བདུན་གཅིག་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོའི་ཁྲོད། ཏང་ཡོན་ཚོས་ཏང་ནང་ཞུཊ་པའི་དམ་བཅའ་བསྐྱར་དུ་བཞག་པ་དང་། ཏང་ཡོན་གསར་པ་ཚོས་མཉམ་དུ་ཏང་ཞུགས་དམ་བཅའ་ཐོག་མར་བཞག་པ་རེད། ཚང་མས། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་གང་ལེཊ་འདོན་པ་དང་། གསར་བརྗེའི་སྙིང་སྟོབས་རྒྱུན་འཛིན། འབད་འཐབ་ཀྱི་སྙིང་སྟོབས་དར་སྤེལ་བཅས་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་དུ་བཤད།
ཚེ་སྨོན་གླིང་སྡེ་ཁུལ་གྱི་ཏང་ཡོན་སྤེན་པས་ང་རང་ཏང་ནང་ཞུགས་ནས་ལོ་13ཕྱིན་སོང་། ལོ་13གྱི་ནང་། ངས་ཐོག་མཐའ་བར་གསུམ་དུ་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རང་ཉིད་ལ་བླང་བྱ་ནན་པོ་བཏོན་ཏེ། མང་ཚོགས་ཀྱི་ལས་དོན་ལག་ལེན་དུ་འཁྱོལ་བར་བྱས་པ་དང་མང་ཚོགས་ཀྱི་དཀའ་གནད་ཧུར་ཐག་བསལ་ཡོད། ཏང་ནང་གསར་དུ་ཞུཊ་པའི་ཏང་ཡོན་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་གི་སྒྲིག་ཁྲིམས་དང་བླང་བྱར་བརྟེན་ནས་རང་ཉིད་ཀྱི་གཏམ་སྤྱོད་ཚད་ལྡན་དུ་གཏོང་བ་དང་། མང་ཚོཊ་ལ་བསམ་བློ་མང་ཙམ་གཏོང་བ། ཏང་གི་བྱ་གཞག་ལ་ལེཊ་སྐྱེས་མང་ཙམ་འབུལ་བ།
(པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社