ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་26ཉིན།གྲོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་གྲོང་སྤྱི་ཝང་ཆང་གིས་གྲོང་སྤྱིའི་གཞུང་དོན་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།《སྲིད་གཞུང་གི་མ་འཇོག་ཐེབས་རྩ(ཐེབས་རྩ་ཨ་མ)དང་ཐོན་ལས་མ་འཇོག་ཐེབས་རྩ(དུས་ཐེངས་དང་པོའི་ཡན་ལག་ཐེབས་རྩ)འཛུགས་རྒྱུའི་སྐོར་གྱི་ལག་བསྟར་ཇུས་གཞི》དང《ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་མ་འཇོག་ཐེབས་རྩ་དོ་དམ་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་ཇུས་གཞི》ལ་གསན་ནས་འབྲེལ་ཡོད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་བ་རེད། ཁོང་གིས་སྲིད་གཞུང་གི་མ་འཇོག་ཐེབས་རྩའི་ཁྲིད་སྟོན་དང་སྐུལ་ཁྲིད་ནུས་པ་སྔར་བས་འདོན་སྤེལ་ལེགས་པོ་བྱས་ནས་ཐོན་སྐྱེད་ནུས་ཤུགས་གསར་པ་སྐྱེད་སྲིང་དང་འཕེལ་རྒྱས་གཏོང་བར་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཝང་ཆང་གིས་མཛུབ་སྟོན་གནང་དོན། སྲིད་གཞུང་གི་མ་འཇོག་ཐེབས་རྩར་ཞིབ་འཇུག་དང་འཛུགས་རྒྱུ་ནི་སྲིད་གཞུང་གིས་སྲིད་ཇུས་གསར་གཏོད་དང་ཚོང་འགུགས་མ་འདྲེན་བྱེད་ཤུགས་ཆེ་རུ་བཏང་ནས་རྣམ་གྲངས་གལ་ཆེན་དང་། གཙོ་གནད་ཐོན་ལས། ས་ཁོངས་འཕེལ་རྒྱས་བཅས་ལ་རོགས་སྐྱོར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་ལ། སྲིད་གཞུང་གི་འགན་ནུས་མགྱོགས་མྱུར་བསྒྱུར་ནས་དཔལ་འབྱོར་སྔར་བས་ཕན་ནུས་ཆེ་བ་དང་།
(པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社