ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་དང་རང་སྐྱོང་ལྗོངས། གྲོང་ཁྱེར་ཏང་ཨུད་བཅས་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ནས་དཔལ་འབྱོར་འཁོར་སྐྱོད་ཀྱི་དགེ་མཚན་ལྡན་པའི་རྒྱུ་རྐྱེན་སྣ་ཚོགས་ལ་སྔར་བས་སྐུལ་སློང་བྱས་ཏེ། གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་དང་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་གཏོང་ཆེད། ཟླ་འདིར་རང་གྲོང་གིས་དཔལ་འབྱོར་ལ་སྐུལ་འདེད་དང་དམངས་འཚོར་ཕན་པ་འདོཊ་པ།ཁེ་ལས་ལ་རོགས་སྐྱོར་བྱེད་པ་བཅས་ཀྱི་སྲིད་ཇུས་8བཏོན་པ་དང་སྦྲཊ། ཟླ་6ཚེས་1ཉིན་ནས་ཟླ་12ཚེས་31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
ཞིང་འབྲོག་ལས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ནི་སྲིད་ཇུས་བརྒྱད་ནང་གི་སྲིད་ཇུས་དང་པོ་ཡིན། སྲིད་ཇུས་དེ་དོན་འཁྱོལ་ཡག་པོ་བྱ་ཆེད། གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཏེ།《ཞིང་ལས་ཐོན་སྐྱེད་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་སྲིད་ཇུས་སྐོར་གྱི་ལག་བསྟར་ཞིབ་སྲོལ》དང《ནས་ཕྱིར་འཚོང་གི་ཁ་གསབ་སྲིད་ཇུས་སྐོར་གྱི་ལག་བསྟར་ཞིབ་སྲོལ》སོགས་ལ་ཞིབ་འཇུག་ཧུར་ཐག་བྱས་ནས་ཁ་གསབ་ཀྱི་རྩ་དོན་དང་ཁ་གསབ་བྱ་ཡུལ་སོགས་ཁ་གསལ་བཟོས་པ་རེད།
གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་འདེབས་འཛུགས་ལས་རིགས་དོ་དམ་ཁོའོ་ཡི་རིམ་པ་དང་པོའི་ཀྲུའུ་རེན་དང་ཁོའོ་ཡོན་བདེ་སྐྱིད་ཆོས་འཛོམས་ཀྱིས་ནས་ཕྱིར་འཚོང་གི་ཁ་གསབ་སྲིད་ཇུས་ལག་བསྟར་བྱེད་པ་ནི་ས་གནས་དེ་གའི་ནས་ཚོང་ཟོག་ཅན་དུ་འགྱུར་ཚད་དམའ་བའི་གནད་དོན་ཐག་གཅོད་ནུས་ལྡན་བྱ་ཆེད་དང་། (པར་ངོས་གསུམ་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社