分享按钮

(པར་ངོས་གཉིས་པར་མཐུད)རླངས་འཁོར་འཇོག་ས་2043ཕྱི་ཕྱོགས་སུ་སྒོ་ཕྱེ་ནས་མང་ཚོགས་ཀྱིས་རླངས་འཁོར་འཇོག་ས་དེ་བས་སྟབས་བདེ་ཡོང་བར་བྱས་པ་རེད། ས་གནས་སུ་བཅའ་སྡོད་བྱས་ཏེ་ལས་འགན་སྒྲུབ་པ་དང་སྐོར་གཡེང་དོ་དམ་ཚོད་འཛིན་ཟུང་འབྲེལ་དང་། སློབ་གསོ་དང་ཆད་གཅོད་ཟུང་འབྲེལ་གྱི་བྱ་ཐབས་སྤྱད་དེ་རྒྱུན་གཏན་ཅན་གྱི་བཅོས་སྒྲིག་དང་འགྲིམ་འགྲུལ་ཤེས་དཔལ་དར་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་འགྲོ་ལམ་འགྲིམ་འགྲུལ་བདེ་འཇགས་དང་། གོ་རིམ་ལྡན་པ། ཤར་གཏོང་བཅས་ཡོང་བའི་འགན་ལེན་བྱས་ཡོད། “ཁྲོམ་གཞུང་དང་གྲོང་ཚོ། ཚོགས་ཆུང”བཅས་རིམ་པ་གསུམ་གྱི་སྐོར་ཞིབ་ཤེས་རྟོགས་ལམ་སྲོལ་བཙུགས་ནས“སྒྲིག་འགལ་ཁྲིམས་འགལ་གཉིས”ལ་སྐོར་ཞིབ་ཤེས་རྟོགས་དང་དྲ་མིག་ཅན་གྱི་དོ་དམ་བྱས་ནས་དེ་རིགས་ཀྱི“སྙན་ཞུ་མེད་པའི”ལམ་ལུགས་ལག་བསྟར་བྱས་ཡོད། ཁྲོམ་བཀྱག་གང་བྱུང་དུ་བཙུགས་པའི་གནད་དོན་ཐད་ཁོངས་གཏོགས་ཁུལ་གྱི་ཟུར་གྱི་ས་ཆའི་ཐོན་ཁུངས་གང་ལེགས་སྤྱོད་པ་དང་། གཅིག་སྡུད་འཚོང་ས་དང་ཁྲོམ་བཀྱག་བཙུགས་ནས་ཁྲོམ་ར་ཚད་ལྡན་དུ་བཏང་ནས་མང་ཚོགས་ལ་དེ་བས་བདེ་འཇགས་དང་སྐྱིད་སྣང་དོད་པའི་ཉོ་སྒྲུབ་ཀྱི་ཁོར་ཡུག་ཅིག་བསྐྲུན་ཡོད། དེ་དང་ཆབས་ཅིག་ཁྱིམ་ཚང་གཅིག་གི་གློག་སྐུད་ཟླ་སྒྲིལ་དང་། གྱང་དུ་སྦྱར་ནས་འཁྲིད་པ། ལུགས་མཐུན་གྱིས་ས་འོག་ཏུ་བཅུག་པ། སྐུད་ལམ་བརྟོལ་ནས་དུད་ཚང་དུ་འཁྲིད་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གློག་སྐུད་རྙིང་པ་བཤིག་པ་དང་གློག་སྐུད་བསྡམས་ནས་ལེགས་སྒྲིག་བྱེད་པའི་ལས་དོན་ལེགས་སྒྲུབ་བྱས་ཏེ།ཟང་ཟིང་གི་གློག་སྐུད་བཅོས་སྒྲིག་ལེགས་པོ་བྱས་ནས་གྲོང་ཁྱེར་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་བྱས་ཡོད། ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ཆུ་ལམ་གྱི་བཙོག་འབུད་ཀྱི་སྒོ་ལ་ཞིབ་བཤེར་དང་། ཟང་ཟིང་བཞི་གཙང་སེལ། དུད་ཚང་གི་གསང་སྤྱོད་ལ་སྒྱུར་བཀོད་སོགས་ཀྱི་བྱ་སྤྱོད་གཏིང་ཟབ་སྤེལ་བ། ཆུ་ཡུར་གྱི་གད་སྙིགས་གཙང་སེལ་དང་ཆུ་སྦུག་གི་ཁེབས་གཅོད་བརྗེས་ནས་ཁོངས་གཏོགས་ཁུལ་གྱི་ཆུ་ཡུན་རིང་གཙང་མར་བཞུར་ཐུབ་པར་བྱས་ཡོད། འགག་སེལ་ཟུང་འབྲེལ་གྱི་རྩ་དོན་མཐའ་འཁྱོངས་བྱས་ནས་ཨར་སྐྲུན་གྱི་གད་སྙིགས་གཙང་སེལ་དང་དམར་རྗེན་དུ་གྱུར་བའི་ས་སེར་བཀབ་པ་སོགས་ཀྱི་བྱ་སྤྱོད་ལག་བསྟར་ཤུགས་ཆེན་བྱས་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་གཙང་སྦྲ་བྱེད་ཚད་མཐོ་རུ་བཏང་ནས་མང་ཚོགས་ལ་སྔར་བས་མིའི་འཚོ་སྡོད་ལ་འཚམ་པའི་འཚོ་བའི་ཁོར་ཡུག་ཅིག་བསྐྲུན་ཡོད། གཞན་ཡང“དྲ་མིག་དང་ཕྱུགས་བཀག་རྩ་གསོ་དང་ཕྱུགས་རིགས་ཉུང་གཏོང”གི་དོ་དམ་བྱེད་སྟངས་ཁྱོན་ཡོངས་ནས་ཁྱབ་གདལ་དུ་བཏང་ནས“དཔུང་ཁག་གསུམ་དང་ལྟེ་གནས་གཅིག”གི་ལས་ཀའི་ལམ་སྲོལ་སྔོན་ལ་འཚོལ་ཞིབ་བྱས་ཏེ་ཕྱུགས་རིགས་གང་བྱུང་དུ་རྒྱུག་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཡོད། གྲོང་ཁྱེར་དུ་གློག་སྒྲོན་སྤར་བའི་བྱ་སྤྱོད་ཤུགས་ཆེན་སྤེལ་ནས་འབྲེལ་ཡོད་སྡེ་ཚན་དང་འབྲེལ་མཐུད་ཧུར་ཐག་བྱས་ཏེ་གཞུང་ལམ་གཙོ་བོར་ལམ་སྒྲོན་སྒྲིག་སྦྱོར་བྱས་ཏེ་གྲོང་ཚོ(སྡེ་ཁུལ)ཁག་ལ་ཉི་ནུས་ཀྱི་ལམ་སྒྲོན་སྒྲིག་སྦྱོར་བྱས་ནས་མང་ཚོགས་མཚན་མོ་འགྲོ་འོང་བྱེད་པར་དེ་བས་བདེ་འཇགས་ཡོང་བར་བྱས་ཡོད།

ལམ་སྲོལ་བཙུགས་ནས་བཅོས་སྒྲིག་རྒྱུན་གཏན་ཅན་ལ་སྐུལ་འདེད་བཏང་བ།

ལྟ་སྐུལ་དག་ཐེར་གྱི་ནུས་པ་འདོན་སྤེལ་བྱས་ནས་རྒྱུན་གཏན་ཅན་གྱི་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱས་པ་བརྒྱུད་ཉང་བྲན་ཁྲོམ་གཞུང་དུ་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་གི་ཟང་ཟིང་སྣ་ཚོགས་དམར་རྗེན་དུ་བཏོན་ནས་རྩིས་ཐོ་རྣམ་པའི་དོ་དམ་དང་། རྩིས་ཐོ་རྣམ་པའི་སྐུལ་འདེད། གནད་དོན་ཐག་གཅོད་ཐུབ་ཕྱིན་རྩིས་ཐོ་སུབ་པའི་སྒྲིག་སྲོལ་ལག་བསྟར་བྱས་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཟང་ཟིང་གི་གནས་ཚུལ་ཞིབ་ཕྲ་ཅན་དུ་བསྒྱུར་ནས“གནད་དོན་ཤེས་རྟོགས་དང་།བཅོས་སྒྲིག ཡུལ་དངོས་སུ་ཞིབ་དཔྱད། ཡུལ་དངོས་སུ་བཅོས་སྒྲིག་གི་རྩིས་ཐོ་སུབ་པའི”ལས་ཀའི་རྣམ་པ་ཞིག་ཆགས་ཡོད།

གྲངས་འཛིན་གྱི་ནུས་སྤྲོད་ཀྱི་ནུས་པ་འདོན་སྤེལ་བྱས་ཏེ་གྲངས་འཛིན་གྲོང་གསེབ་ཀྱི་རྣམ་གྲངས་ནང་འདྲེན་ཧུར་ཐག་བྱས་ནས་ཁོངས་གཏོགས་ཁུལ་གྱི་སྲང་ལམ་དུ་དྲ་རྒྱའི་གློག་མིག་119སྒྲིག་སྦྱོར་བྱས་ཏེ་དུས་མཚམས་ཡོངས་ལ་ཚུལ་མིན་གྱི་བྱེད་སྤྱོད་ཐོན་པར་ལྟ་སྐུལ་ཚོད་འཛིན་བྱས་པ་རེད། སོ་ལྟ་ཐུབ་པའི་གྲོང་ཁྱེར་གྱི་ཚུལ་མིན་གྱི་བྱེད་སྤྱོད་ལ་དུས་ཐོག་ཏུ་གཅིག་གྱུར་གྱིས་བཀོད་འདོམས་བཀོད་གཏོང་དང་ཐག་གཅོད་བྱས་པ་རེད། “ཚུལ་མིན་གྱི་བྱེད་སྤྱོད་ཀྱི་དམར་འདོན་སྟེགས་བུ”ལ་བརྟེན་ནས“ཚུལ་མིན་གྱི་བྱེད་སྤྱོད་ཡོལ་ཤེལ་ཆེན་པོའི་ཐོག་བསྟན་པའི”བྱ་ཐབས་བརྒྱུད་གད་སྙིགས་གང་འདོད་དུ་བཤོ་བ་དང་། གང་སར་གོས་སྐམ་པ། འཕྲུལ་སྒུལ་མིན་པའི་རླངས་འཁོར་གང་བྱུང་དུ་འཇོག་པ་སོགས་ཚུལ་མིན་གྱི་བྱེད་སྤྱོད་ལ་དམར་འདོན་བྱས་ཏེ་མང་ཚོགས་ལ་ཤེས་དཔལ་གྱི་གོམས་གཤིས་བཟང་པོ་ཞིག་རང་རྟོགས་ངང་ཆགས་པར་ཁྲིད་སྟོན་བྱས་ཡོད།

དཔྱད་ཞིབ་དཔྱད་བསྡུར་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས“དཔྱད་བསྡུར་ཆེན་མོའི་དང་སྦྱོང་བརྡར་ཆེན་མོ”དང“དམར་ནག་མིང་ཐོ”སོགས་ཀྱི་ལམ་ལུགས་འཛུགས་པ་དང་འཐུས་ཚང་དུ་བཏང་ནས་ཟླ་རེར་རྒྱུན་རྣམ་ཅན་གྱི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་གིདཔྱད་ཞིབ་དཔྱད་བསྡུར་བྱས་འབྲས་ཁྱབ་བསྒྲགས་འགྲེམས་སྟོན་གྱི་བྱེད་སྒོ་སྤེལ་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་འགྱུར་བར་གནོན་ཤུགས་བརྒྱུད་སྤྲོད་དང་། སྒུལ་ཤུགས་འདོན་སྤྲོད།གསོན་ཤུགས་སྐུལ་སྤེལ་བཅས་ཏན་ཏིག་བྱས་ཡོད།

དྲ་ཐོག་དང་དྲ་ཕྱི་ནུས་པ་འདོན་སྤེལ་བྱས་ནས་དྲིལ་བསྒྲགས་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་བརྡ་ཐོའི་ཡི་གེ་དང་། འབོད་སྐུལ་ཡི་གེ དོ་དམ་བྱེད་ཐབས་ཀྱི་ཡི་གེ་བཅས་སྤྲོད་པ་བརྒྱུད་ཁོངས་གཏོགས་ཁུལ་གྱི་མང་ཚོགས་རྣམས་བདག་པོ་ཡག་པོ་བྱེད་པ་དང་སྒོ་འགྲམ་གྱི་གཙང་སྦྲ་ཡག་པོ་བྱེད་རྒྱུར་ཁྲིད་སྟོན་ཏན་ཏིག་བྱས་ཡོད། འཕྲིན་ཕྲན་གྱི་སྤྱི་སྟེགས་དང་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་Vསོགས་ཀྱི་སྟེགས་བུ་གང་ལེགས་སྤྱད་དེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ཀྱི་སྲིད་ཇུས་བླང་བྱ་དང་ཉམས་མྱོང་གི་ཕན་འབྲས་རྒྱ་ཁྱབ་ངང་དྲིལ་བསྒྲགས་དང་ཁྱབ་གདལ་དུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་མང་ཚོགས་རྣམས་གྲོང་ཁྱེར་དང་གྲོང་གསེབ་བཅོས་སྒྲིག་གི་དྲིལ་བསྒྲགས་པ་དང་ལྟ་སྐུལ་པར་བརྩོན་ལེན་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ལ་བརྟེན་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ལེགས་སུ་ཕྱིན་པར་མ་ཟད། གྲོང་མི་མང་ཚོགས་ལ་བཅོས་སྒྲིག་བྱ་སྤྱོད་ལས་བྱུང་བའི་ཕན་འབྲས་ཀྱང་ཚོར་ཐུབ་པར་བྱས་ཡོད། ཉང་བྲན་ཁྲོམ་གཞུང་གི་འབྲེལ་ཡོད་འགན་འཁུར་བས་ཕྱིས་འབྱུང་རྨང་གཞི་མུ་མཐུད་བརྟན་དུ་གཏོང་བ་དང་།ལམ་སྲོལ་གཏོད་པ། རྒྱུན་གཏན་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་མི་དེ་བས་མང་བ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་མོའི་བྱ་སྤྱོད་ནང་ཞུགས་ཐུབ་པར་བྱས་ཏེ་མཛེས་སྡུག་ལྡན་ལ་མིའི་འཚོ་སྡོད་ལ་འཚམ་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བཤད་པ་རེད།

(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-27 6 6 拉萨日报藏文 c183328.html 1 /enpproperty-->