分享按钮

(པར་ངོས་དང་པོར་མཐུད)ཤའོ་ཡིའུ་ཚའེ་ལྷ་ཀླུ་འདམ་རའི་སྐོར་ལམ་བརྒྱུད་ནས་འདམ་ར་ནུབ་ལམ་དང་། འདམ་རའི་ལྷོ་སྒོ། ཀླུ་སྡིངས་སྤྱི་གླིང་སོགས་སུ་བརྟག་ཞིབ་གནང་བ་དང་འབྲེལ་སྐོར་སྲུང་རྐང་ལམ་བརྒྱུད་འདམ་རའི་ནང་ཁུལ་དུ་ཟབ་འཇུག་བྱས་ཏེ་འདམ་རའི་སྲུང་སྐྱོང་རྣམ་གྲངས་ཀྱི་འཆར་འགོད་གནས་ཚུལ་ནན་ཏན་གྱིས་གསན་པ་དང་འབྲེལ་ཡོད་འགན་འཁུར་བ་དང་མཉམ་དུ་ཡུལ་དངོས་སུ་ཞིབ་ཕྲའི་འཆར་འགོད་ཐད་ཞིབ་འཇུག་ཀྱང་གནང་བ་རེད། ཁོང་གིས་ནུས་པའི་རང་བཞིན་དང་། བདེ་འཇགས་རང་བཞིན། སྐྱིད་སྣང་རང་བཞིན་བཅས་ལ་གཅིག་གྱུར་གྱིས་བསམ་གཞིགས་བྱས་ཏེ།བརྟག་ཞིབ་ཏན་ཏིག་བྱས་པའི་རྨང་གཞིའི་ཐོག་དོན་དངོས་དང་ཟུང་འབྲེལ་བྱས་ནས་རྣམ་གྲངས་ཀྱི་ས་ཆ་འདེམས་པ་དང་། ཉམས་འགྱུར་ཇུས་འགོད། རྒྱུ་ཆ་འདེམས་པ་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་དང་། སྲུང་སྐྱོང་དོ་དམ་གྱི་ཆུ་ཚད་སྔར་བས་མཐོ་རུ་བཏང་ནས་འདམ་རའི་ཆུ་དྭངས་བ་དང་།ཆུ་ངོགས་སྔོ་བ། ཡུལ་ལྗོངས་མཛེས་པ་བཅས་ཡོང་བར་བྱེད་དགོས་པ། གནད་དོན་གྱི་ཕྱོགས་སྟོན་མཐའ་འཁྱོངས་དང་། སྤྱི་པའི་སྒྲིག་བཀོད་སྣ་ཚོགས་ཀྱི་དོ་དམ་དང་སྲུང་སྐྱོང་གི་འགན་འཁྲི་ཁ་གསལ་བཟོས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་མོ་སྔར་བས་གཏིང་ཟབ་ཏུ་སྤེལ་རྒྱུར་སྐུལ་འདེད་གཏོང་དགོས་པའི་མཛུབ་སྟོན་གནང་བ་རེད།

བརྟག་ཞིབ་མཇུག་འགྲིལ་རྗེས།ཤའོ་ཡིའུ་ཚའེ་ཡིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཁོང་གིས་ནན་གསུངས་གནང་དོན།ལྷ་ཀླུ་འདམ་ར་འདི་ཉིད་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་ཡིན་པའི་ངོས་ནས་འབྱུང་ཁམས་ཐོན་ཁུངས་རྩ་ཆེན་ཞིག་ཡིན་ལ་ལྷ་སའི་འཕེལ་རྒྱས་ཀྱི་དམིགས་བསལ་ལེགས་ཆ་ཞིག་ཀྱང་ཡིན་པས། བསམ་བློ་དང་ངོས་འཛིན་གཅིག་གྱུར་བྱས་ཏེ་མང་ཚོགས་ཀྱི་རེ་སྒུག་དང་བསྟུན་ཧུར་ཐག་དང་།འགན་འཁྲི་དང་བྱ་སྤྱོད་ལ་ཤུགས་སྣོན་རྒྱག་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བཅས་བྱས་ནས་ལྷ་ཀླུ་འདམ་རའི་སྲུང་སྐྱོང་རྣམ་གྲངས་ཀྱི་འཆར་འགོད་དང་དམངས་སེམས་ལས་གྲྭ་འདི་ཏན་ཏིག་ངང་སྤེལ་ཐོག་ལྷ་ཀླུ་འདམ་རའི་འབྱུང་ཁམས་སྲུང་སྐྱོང་ལས་བྱུང་བའི་གྲུབ་འབྲས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པ་དེ་བས་ལེགས་པ་ཐོབ་པར་བྱེད་དགོས་པ་དང་། སྤྱི་ཡོངས་ཀྱི་རྩ་དོན་ཁོང་དུ་ཆུད་པ་དང་། སྤྱོད་གོ་ཆོད་པའི་མཛེས་པ་དང་སྒམ་བརླིང་གི་བླང་བྱ་གཞིར་བཟུང་། ཚན་རིག་དང་མཐུན་པའི་སྒོ་ནས་ཉམས་འགྱུར་ཇུས་འགོད་དང་སྒྲིག་ཆས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབས་ཏེ་མང་ཚོགས་ལ་སྤྲོ་གསེང་དང་ལུས་སྦྱོང་བྱེད་ཆོག་པ་དང་འགྲན་བསྡུར་བྱ་ཡུལ་གྱི་འབྱུང་འཕྲོད་ས་ཆ་ལེགས་པོ་ཞིག་བསྐྲུན་དགོས་པ། འབྱུང་ཁམས་ཀྱི་ངོ་བོ་འབུར་དུ་ཐོན་པར་བྱེད་དགོས་ཤིང་།རྣམ་གྲངས་ཀྱི་འཆར་འགོད་དང་འཛུགས་སྐྲུན་བྱེད་པར་འབྱུང་ཁམས་སྲུང་སྐྱོང་དང་ཕན་ཚུན་འབྲེལ་མཐུད་དང་སྐུལ་འདེད་གཏོང་བར་སྣང་ཆེན་བྱས་ཏེ།མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཡོང་བར་བྱེད་དགོས་པ། ལས་ཀའི་བླང་བྱར་སྟངས་འཛིན་ཡང་དག་བྱེད་དགོས་ཤིང་།ཞིབ་ཕྲའི་ཐད་ལ་དམིགས་ཏེ་རྟོག་ཞིབ་དང་རིགས་པས་ཁུངས་སྐྱེལ་གང་ལེགས་བྱས་ནས་ཡག་ཐོག་ཡག་བརྩེགས་དང་ཞིབ་ཚགས་ཀྱིས་བཟོ་བཀོད་བྱེད་དགོས་པ། ལས་ཀའི་འགན་འཁྲི་དམ་དུ་གཏོང་དགོས་ཤིང་། ལས་འགན་ཁག་བགོས་ཞིབ་ཚགས་སུ་གཏོང་བ་དང་དུས་ཚོད་ལ་དམ་འཛིན་བྱས་ཏེ་ལས་དོན་ཁག་འཆར་གཞི་ལྟར་སྤེལ་རྒྱུར་བརྟན་པོའི་ངང་སྐུལ་འདེད་གཏོང་དགོས།

ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འབྲེལ་ཡོད་ཁྲུའུ་དང་ཁང་གི་འགན་འཁུར་བློ་མཐུན་དང་། ཁྲེང་ཀོན་ཆུས་དང་། གྲོང་ཁྱེར་འཕེལ་སྒྱུར་ཨུ་ལྷན། གྲོང་ཁྱེར་ནོར་སྲིད། གྲོང་ཁྱེར་རང་བྱུང་ཐོན་ཁུངས་ཅུས། གྲོང་ཁྱེར་སྐྱེ་ཁམས་ཁོར་ཡུག་ཅུས། གྲོང་ཁྱེར་སྡོད་ཁང་དང་འཛུགས་སྐྲུན་ཅུས། གྲོང་ཁྱེར་ནགས་ལས་དང་རྩྭ་ཐང་ཅུས། གྲོང་ཁྱེར་དོ་དམ་ཅུས། གྲོང་ཁྱེར་སྤྱི་བདེ་ཅུས་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་འབྲེལ་ཡོད་བྱེད་སྒོའི་ནང་ཞུགས་ཡོད་པ་རེད།(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-26 6 6 拉萨日报藏文 c183298.html 1 /enpproperty-->