分享按钮

(པར་ངོས་དང་པོར་མཐུད)ཁེ་ལས་ཀྱི་ཚུར་སྣང་ལན་ཆ་ཡོངས་ཁྱབ་ཏུ་བཟང་པོ་བྱུང་བ་དང་། གྲོང་ཨུད་དང་། གྲོང་ཁྱེར་སྲིད་གཞུང་གིས་ཁེ་ལས་རང་ཉིད་ཀྱི་ཁྱིམ་མིར་བརྩིས་ནས་ཁེ་ལས་འཕེལ་རྒྱས་ལ་སྲིད་ཇུས་དང་། གོ་སྐབས། རྒྱབ་སྐྱོར་བཅས་བྱས་ཏེ་ཁེ་ལས་ཀྱི་ཐོན་སྐྱེད་ཧུར་སེམས་ཆེ་རུ་བཏང་ཡོད། སྲིད་ཇུས་ལག་བསྟར་བྱས་རྗེས། གྲོང་ཁྱེར་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་གྱི་འཕེལ་རྒྱས་རྣམ་པ་སྔོན་དཔག་ལས་ཀྱང་ལེགས་སུ་ཕྱིན་པ་དང་། སྲིད་ཇུས་ཀྱིས་བཟོ་ལས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ནས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་ཅེས་བཤད།

《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད》ལག་བསྟར་བྱེད་པའི་ཐད། ལྷ་ས་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས《ལྷ་ས་གྲོང་ཁྱེར་གྱི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་འདོགས་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་བརྒྱད་ལས་བཟོ་ལས་ཐད་དོན་ཚན་གསུམ་གྱི་སྙན་ཞུའི་ཕྱོགས་སྟོན》བཏོན་ནས། རྒྱ་ཆེའི་ཁེ་ལས་ཀྱིས་གཟིགས་སྐྱོང་རོགས་སྐྱོར་སྲིད་ཇུས་ཀྀ་སྙན་ཞུ་འབུལ་རྒྱུར་གཞི་རྩའི་ཐབས་ལམ་མཁོ་འདོན་བྱས་པ་དང་། སྲིད་ཇུས་ཡོངས་བསྒྲགས་བྱས་རྗེས། སྲིད་ཇུས་བློ་འདྲིའི་ཆེད་སྤྱོད་ཁ་པར་ཤར་གཏོང་བྱས་པ་དང་། ཆུ་ཚོད་24ཡི་རིང་ཁེ་ལས་ལ་སྲིད་ཇུས་ཐད་བློ་འདྲི་བྱེད་པའི་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་ཆ་འཕྲིན་ལས་ཁུངས་སྒྲིག་འཛུགས་བྱས་ནས་ཁེ་ལས་ལ་ཁ་ཕྱོགས་ནས་སྲིད་ཇུས་སྒྲོག་འགྲེལ་བྱས་ཏེ། སྲིད་ཇུས་ཀྱི་ཁྱབ་རྒྱ་དང་ཤེས་རྟོགས་བྱེད་ཚད་མཐོ་རུ་བཏང་ནས། ཁེ་ལས་ཀྱིས་སྲིད་ཇུས་ཤེས་རྟོགས་དང་། སྲིད་ཇུས་ལ་གོ་བ་ལེན་པ། སྲིད་ཇུས་བེད་སྤྱོད་བཅས་བྱ་རྒྱུའི་འགན་ལེན་བྱས་པ། རྫོང(ཆུས)ཁག་དང་། བྱེད་ནུས་གླིང་ཁུལ། གྲོང་ཁྱེར་ཐད་གཏོགས་ཀྱི་འབྲེལ་ཡོད་ཚན་པ་བཅས་དང་འབྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས། ལས་ཀའི་འགན་འཁྲི་ཁ་གསལ་བཟོས་ཏེ་སྙན་ཞུའི་བརྒྱུད་རིམ་ཕན་ཚུན་འབྲེལ་མཐུད་ཡག་པོ་ཐུབ་པའི་འགན་ལེན་བྱས་ནས་ཁེ་ལས་ཀྱིས་སྙན་ཞུ་འབུལ་རྒྱུར་སྟབས་བདེ་དང་སྤུས་ལེགས་ཀྱི་ཞབས་ཞུ་བསྒྲུབས་པ་རེད།

སྲིད་ཇུས་དེ་ཟླ་6ཚེས་1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་དང་། བཟོ་ལས་ཁེ་ལས་ཀྱིས་ད་ལོའི་དུས་ཚིགས་གཉིས་པ་མཇུག་འགྲིལ་རྗེས་འབྲེལ་ཡོད་གྲངས་གཞི་བྲིས་ནས་ཁོངས་གཏོགས་རྫོང(ཆུས)དང་། གླིང་ཁུལ་གྱི་དཔལ་འབྱོར་ཆ་འཕྲིན་ཚན་པར་སྙན་ཞུ་འབུལ་ཆོག་གི་ཡོད་པ་རེད། སྲིད་ཇུས་འདི་རྩ་དོན་ཐོག་ད་ལོའི་ཟླ་12ཚེས་31ཉིན་བར་ལག་བསྟར་བྱ་རྒྱུ་ཡིན་པ་དང་། འོན་ཀྱང་བྱ་དགའ་དང་གསབ་དངུལ་གྱི་སྤྱི་འབོར་ལ་ཚད་ཡོད་པས་ལག་བསྟར་བྱེད་དུས་བྱ་དགའ་དང་གསབ་དངུལ་གྱི་དངུལ་སྤྲད་ཚར་ཚེ། སྲིད་ཇུས་དེ་མཚམས་འཇོག་རྒྱུ་ཡིན་པ་དང་། དེའི་རྗེས་ཀྱི་ལས་དོན་གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་ཀྱིས་འབྲེལ་ཡོད་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་སྙོམ་སྒྲིག་བྱ་རྒྱུ་ཡིན་པ་རེད། ལུའེ་ཀྲི་ཡོན་གྱིས་ཁེ་ལས་ཀྱིས་བཟོ་ལས་ཐད་ཀྱི་རོགས་སྐྱོར་སྲིད་ཇུས་དོན་ཚན་གསུམ་སྙན་ཞུ་འབུལ་རྒྱུར་སྟབས་བདེ་ཡོང་ཆེད། 《སྙན་ཞུ་འབུལ་བའི་ཕྱོགས་སྟོན》ནང་སྙན་ཞུ་འབུལ་བའི་ཐོབ་ཐང་དང་། སྙན་ཞུ་འབུལ་བའི་ཆ་རྐྱེན། སྙན་ཞུ་འབུལ་བའི་དཔྱད་ཡིག སྙན་ཞུ་འབུལ་བའི་བླང་བྱ་བཅས་ཁ་གསལ་བཟོས་ཡོད། རྒྱ་ཆེའི་བཟོ་ལས་ཁེ་ལས་ཀྱི་ལས་དོན་པ་ས་གནས་ཀྱི་རྫོང་དང་། ཆུས། གླིང་ཁུལ་གྱི་དཔལ་འབྱོར་ཆ་འཕྲིན་ཚན་པ། གྲོང་ཁྱེར་དཔལ་འབྱོར་ཆ་འཕྲིན་ཅུས་བཅས་སུ་བསྐྱོད་དེ་བློ་འདྲི་ཞིབ་ཕྲ་བྱས་ཆོག་ལ། ཁ་པར་ཨང་གྲངས་0891—6388598བརྒྱུད་ནས་བློ་འདྲི་བྱས་ཀྱང་ཆོག ང་ཚོས་ཁེ་ལས་ལ་སྲིད་ཇུས་གསལ་འགྲེལ་ཞིབ་ཕྲ་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-25 6 6 拉萨日报藏文 c183190.html 1 /enpproperty-->