ཟླ་6ཚེས་22ཉིན་གྱི་ཆུ་ཚོད་15དང་སྐར་མ་00ཡི་ཐོག་ཤིས་ཁྲང་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་ཀྲུང་ཧྥ་གནམ་རིག་སྲུང་སྐར(SVOM)དེ་རྒྱང་སྐྱོད་མེ་ཤུགས་འཕུར་མདའ་ཨང་2པའི་ཐོག་མཁའ་དབྱིངས་སུ་འཕུར་རྗེས་སྔོན་བཀོད་འཁོར་ལམ་དུ་བསྐྱོད་ནས་འཕེན་གཏོང་གི་ལས་འགན་བདེ་བླག་ངང་བསྒྲུབས་ནས་ཀཱ་མ་པའོ་འཚོལ་ཞིབ་བྱེད་པའི་ལས་འགན་གལ་ཆེན་ཞིག་འགོ་བཙུགས་ཡོད། འདི་ནི་ཀྲུང་གོ་དང་ཧྥ་རན་སེ་རྒྱལ་ཁབ་གཉིས་ཀྱིས་འཇིག་རྟེན་འཕུར་སྐྱོད་ཁྱབ་ཁོངས་ཀྱི་མཉམ་ལས་གྲུབ་འབྲས་གལ་ཆེན་གཞན་ཞིག་རེད།
འདི་ལོ་ནི་ཀྲུང་ཧྥའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60འཁོར་བའི་ལོ་ཞིག་རེད། 2005ལོར་རིགས་པས་ཁུངས་སྐྱེལ་བྱེད་འགོ་ཚུགས་པ་ནས་གྲུབ་འབྲས་ཐོབ་པའི་ངང་འཕེན་གཏོང་བྱེད་པའི་བར་ཀྲུང་ཧྥ་གནམ་རིག་སྲུང་སྐར་རྒྱལ་ཁབ་གཉིས་ཀྱི་ཚན་རིག་མཁས་ཅན་དང་ལས་གྲྭ་ཚོགས་པའི་སེམས་ཤུགས་དང་འབད་བརྩོན་བྱས་ནས་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་ཀྱི་གསོན་ཉམས་ལྡན་པའི་དཔང་པོ་ཞིག་ཏུ་གྱུར་ཡོད།
ཀྲུང་ཧྥ་གནམ་རིག་སྲུང་སྐར་གྱིས་ལས་འགན་གལ་ཆེན་ཞིག་ཕྲག་ཏུ་ཁུར་ཡོད་པ་སྟེ། ཀཱ་མ་པའོ་འཚོལ་ཞིབ་བྱ་རྒྱུ་དེ་རེད།
ཀཱ་མ་པའོ་ནི་འཇིག་རྟེན་གྱི་འབར་གས་ཆེན་པོ་ལས་གཞན་པའི་ཆེས་དྲག་པའི་འབར་གས་ཀྱི་སྣང་ཚུལ་ཞིག་ཡིན་ལ། འདིར་འཇིག་རྟེན་ཁམས་ཀྱི་ཤོག་སྦག་ཟེར། དེ་གོང་རང་རྒྱལ་གྱི་ས་བབ་མཐོ་བའི་འཇིག་རྟེན་ཐིག་ལྟ་ཞིབ་ཚད་ལེན་ས་ཚིགས“ལ་སོའུ”ཡིས་ད་བར་ཆེས་གསལ་ཤོས་ཀྱི་ཀཱ་མ་པའོ་ཡི་ནུས་མཐོའི་ཁྱབ་འགྱེད་ནུས་པ་ཚད་འཇལ་གནད་ལ་འཁེལ་བྱས་ཡོད། ད་ཐེངས་ཀྲུང་གོ་དང་ཧྥ་རན་སིའི་གནམ་རིག་སྲུང་སྐར་འཕེན་གཏོང་བྱས་པ་དང་བསྟུན་ནས་ཀཱ་མ་པའོ་ལ་ཞིབ་འཇུག་བྱ་རྒྱུ་དེ་མཐོ་ཚད་གསར་པ་ཞིག་གི་ཕྱོགས་སུ་འགྲོ་རྒྱུ་ཡིན་པ་རེད།
ཀྲུང་ཧྥ་གནམ་རིག་སྲུང་སྐར་ཀྲུང་གོ་ཕྱོགས་ཀྱི་དབུ་བཞུགས་ཚན་རིག་མཁས་ཅན་ཝུའེ་ཅན་ཡན་གྱིས་ཀཱ་མ་པའོ་ནི་འོད་ལོ་དུང་ཕྱུར་བཅུ་ཕྲག་ཁ་ཤས་དང་ཐ་ན་དུང་ཕྱུར་བརྒྱ་ལྷག་ཙམ་གྱི་སར་ཡོད་པའི“འཇིག་རྟེན་ཁམས”ནས་བྱུང་བ་ཞིག་ཡིན་པ་དང་དེར་ལྟ་ཞིབ་ཚད་ལེན་དང་ཞིབ་འཇུག་གཏིང་ཟབ་བྱས་ཚེ་མིའི་རིགས་ཀྱིས་གནམ་གཟུགས་དངོས་ལུགས་རིག་པ་དང་། དངོས་ཁམས་རིག་པ་དང་དེ་བཞིན་རྨང་གཞིའི་ཚན་རིག་ཁྲོད་ཀྱི་གནད་དོན་གལ་ཆེན་འགའ་ཞིག་ཐག་གཅོད་བྱ་རྒྱུར་ཕན་ཐོགས་ཡོད་པར་མ་ཟད། ད་དུང་འཇིག་རྟེན་གྱི་ཐོག་མའི་ཚན་རིག་གི་གསང་བ་དེ་བས་མང་བ་ཞིག་ཀྱང་གསལ་སྟོན་ཐུབ་རེ་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
ངོ་སྤྲོད་བྱས་པར་གཞིཊ་ན། ད་ཐེངས་ཀྱི་ཀྲུང་ཧྥ་གནམ་རིག་སྲུང་སྐར་གྱི་ཚན་རིག་དམིཊ་ཚད་ནི་རིཊ་མི་འདྲ་བའི་ཀཱ་མ་པའོ་ཤེས་རྟོཊ་དང་མགྱོཊ་མྱུར་གནས་ཐིག་གཏན་འཁེལ་བྱ་རྒྱུ་དང་། ཀཱ་མ་པའོ་ཡི་གློག་རྡུལ་འགྱེད་འཕྲོའི་ངོ་བོ་ཕྱོཊ་ཡོངས་ནས་ཚད་འཇལ་བ། ཀཱ་མ་པའོ་བེད་སྤྱད་ནས་འཇིག་རྟེན་གྱི་འཕེལ་འགྱུར་དང་མུན་ནག་ནུས་ཚད་ལ་ཞིབ་འཇུག་བྱེད་པ། མགྱོཊ་མྱུར་རྗེས་འཐེན་ཤུཊ་རླབས་སོགས་གནམ་རིག་གི་གནས་སྐབས་འབྱུང་ཁུངས་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུ་དེ་ཡིན་པ་རེད།
ཆེས་དྲག་ཅིང་དུས་ཐུང་གི་ཀཱ་མ་པའོ་ཇི་ལྟར་དམ་འཛིན་བྱེད་དགོས།
ཀཱ་མ་པའོ་ནི་གནམ་གཟུགས་དངོས་ལུགས་ཁམས་ཀྱི་ཡིད་དབང་འཕྲོག་པའི་གནམ་རིག་སྣང་ཚུལ་ཞིག་ཡིན་ལ། དེ་དང་ཆབས་ཅིག་རྨང་གཞིའི་དངོས་ལུགས་ཁྱབ་ཁོངས་ཀྱི“ཐལ་དྲགས་དངོས་ལུགས་ཚོད་ལྟ་ཁང”ཞིག་ཀྱང་ཡིན། འོན་ཀྱང་། དེ་ཐོན་པའི་དུས་ཚོད་ངེས་མེད་དང་། གནས་ཡུལ་ངེས་མེད་ཡིན་པར་མ་ཟད། འགྱུར་ལྡོག་ཧ་ཅང་མགྱོགས་ཤིང་དུས་ཡུན་ཡང་ཆེས་ཐུང་ཐུང་ཞིག་ཡིན།
ཀཱ་མ་པའོ་སྔར་བས་འཚོལ་ཞིབ་ཡག་པོ་བྱ་ཆེད། ཀྲུང་ཧྥ་གནམ་རིག་སྲུང་སྐར་ལ་ཀྲུང་གོ་ཕྱོཊ་ཀྱིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་ཀཱ་མ་འཕྲོ་ཐིག་ལྟ་ཞིབ་འཕྲུལ་ཆས་དང་། འོད་རིག་རྒྱང་ཤེལ། ཧྥ་རན་སེ་ཕྱོཊ་ཀྱིས་ཞིབ་འཇུག་དང་གསར་བཟོ་བྱས་པའི་Xའཕྲོ་ཐིག་སྲ་མོའི་པར་ཆས་དང་Xའཕྲོ་ཐིག་མཉེན་པའི་རྒྱང་ཤེལ་བཅས་ཚན་རིག་གི་ཐེག་ཚད་4བཀོད་སྒྲིག་བྱས་ཡོད། ལྟ་ཞིབ་ཚད་ལེན་གྱི་རླབས་རིམ་དེ་ནུས་མཐོ་ནས་དམར་ཕྱིའི་རླབས་རིམ་བར་ཁྱབ་ཡོད། དེ་ནི་ད་བར་གོ་ལ་ཧྲིལ་པོའི་ཀཱ་མ་པའོ་རླབས་རིམ་མང་པོའི་ཕྱོཊ་བསྡུས་ལྟ་ཞིབ་ཚད་ལེན་བྱེད་ནུས་ཆེ་ཤོས་ཀྱི་སྲུང་སྐར་ཞིག་རེད།
ཚན་རིག་ཐེག་ཁུར་4ཡི་ནང་ཀཱ་མ་པའོ་འཕྲོ་ཐིག་ལྟ་ཞིབ་ཡོ་ཆས་དང་Xའཕྲོ་ཐིག་སྲ་མོའི་པར་ཆས་ནི་མཐོང་རྒྱ་ཆེ་བའི་འཚོལ་ཞིབ་དཔྱད་ཆས་ཤིག་ཡིན་ལ།“དྲ་བ་ཆེན་པོ་ཕྱེ”བའི་འགན་འཁུར་བས། ལྟ་ཞིབ་མཐོང་རྒྱའི་ཁྱབ་ཁོངས་ཀྱི་ཟུར་ཚད་རྒྱ་ཁྱོན་ནི་ཏུའུ་གྲུ་བཞི་མ་ཁྲི་1ཡས་མས་སུ་ཡོད་པ་དང་། ཉིན་གང་གི་བཞི་ཆའི་གཅིག་ལ་ཁྱབ་པས། ནམ་མཁར་སྔོན་དཔག་བྱེད་ཐབས་བྲལ་བའི་ཀཱ་མ་པའོ་པར་ལེན་བྱེད་ཐུབ། འོད་རིག་རྒྱང་ཤེལ་དང་མཉེན་པའི་Xའཕྲོ་ཐིག་རྒྱང་ཤེལ་གྱིས་ཞིབ་ཚད་མཐོ་བའི་ལྟ་ཞིབ་ཚད་ལེན་གྱི་འགན་ཁུར་གྱི་ཡོད། གལ་ཏེ་དམིགས་འབེན་རྙེད་ཚེ། འཁོར་སྐར་རང་འགུལ་གྱིས་དམིགས་འབེན་ལ་འཁོར་ཏེ། མཐོང་རྒྱ་ཆུང་བའི་རྒྱང་ཤེལ་གཉིས་སྤྱད་ནས་དུས་ཡུན་རིང་པོའི་ཞིབ་ཚད་མཐོ་བའི་ལྟ་ཞིབ་ཚད་ལེན་བྱེད་སྲིད།
ཀྲུང་ཧྥ་གནམ་རིག་སྲུང་སྐར་འཕེན་གཏོང་དེའང་ཀྲུང་གོ་སྐར་ཚོཊ་ཁྲོད་བསྐྱོད་དེ་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བའི་དཔང་པོ་ཞིག་རེད།
འཇིག་རྟེན་ཁམས་ལ་རྒྱུས་ལོན་དང་འཚོལ་ཞིབ་བྱེད་པ་ནི་མིའི་རིགས་ཡོངས་ཀྱི་ཐུན་མོང་གི་ཕུགས་འདུན་ཡིན། 2018ལོར་ཀྲུང་གོ་དང་ཧྥ་རན་སིའི་རྒྱ་མཚོའི་སྲུང་སྐར་འཕེན་གཏོང་བྱས་པ་ནས་ཟླ་བའི་ལྷ་མོ་ཨང་དྲུག་པའི་འཚོལ་ཞིབ་ཡོ་བྱད་ཡོ་རོབ་མཁའ་དབྱིངས་ཅུས་དང་། ཧྥ་རན་སེ། དབྱི་ཐ་ལི། ཕ་ཁི་སི་ཐན་བཅས་ཀྱི་རྒྱལ་སྤྱིའི་ཐེག་ཁུར་བར་དང་ད་ཆའི་ཀྲུང་གོ་དང་ཧྥ་རན་སིའི་གནམ་རིག་སྲུང་སྐར་འཕེན་གཏོང་བྱས་པའི་བར། ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་ཀྱིས“རྒྱལ་སྤྱིའི་དཔེ་མཚོན”མུ་མཐུད་མངོན་བཞིན་ཡོད།
“ང་ཚོས་མཛའ་གྲོགས་ཟབ་མོ་བཙུགས་ཡོད་ལ་ཀྲུང་གོའི་འཇིག་རྟེན་འཕུར་སྐྱོད་བྱ་གཞག་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་ཡང་བདེན་དཔང་བྱས་ཡོད”ཅེས་ཀྲུང་ཧྥ་གནམ་རིག་སྲུང་སྐར་ཧྥ་རན་སེའི་དབུ་བཞུགས་ཚན་རིག་མཁས་ཅན་པེ་ཐེ་ལང་ཁོའོ་ཏིར་གྱིས་བཤད།
འཇིག་རྟེན་ཁམས་ཀྱི་ངོ་མཚར་འཚོལ་ཞིབ་བྱེད་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ལག་གདང་སྦྲེལ་ནས་མདུན་ཕྱོགས་སུ་སྐྱོད་དགོས། ཀྲུང་གོ་དང་ཧྥ་རན་སེའི་གནམ་རིག་སྲུང་སྐར་རྣམ་གྲངས་ནང་ཞུགས་མཁན་ཀྲུང་གོ་དང་ཧྥ་རན་སེའི་རྒྱལ་ཁབ་གཉིས་ཀྱི་ཚན་རིག་མཁས་ཅན་གྱིས་ཀྲུང་གོ་དང་ཧྥ་རན་སེའི་གནམ་རིག་སྲུང་སྐར་གྱིས་ཚན་རིག་གི་གསར་རྙེད་དེ་བས་མང་བ་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ལ་རྒྱལ་ཁབ་གཉིས་པོས་འཇིག་རྟེན་འཕུར་སྐྱོད་སྤེལ་རེས་དང་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་འཇིག་རྟེན་འཕུར་སྐྱོད་ཀྱི་ཕུགས་འདུན་ཐུན་མོང་ཐོག་མངོན་འགྱུར་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་བཤད། (ཤིན་ཧྭ་གསར་འགྱུར་ཁང་ཤིས་ཁྲང་ནས་ཟླ་6ཚེས་22ཉིན་འབྱོར་བའི་གློག་འཕྲིན)(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社