(པར་ངོས་དང་པོར་མཐུད)བོད་ལྗོངས་འཛུགས་སྐྲུན་དངོས་མང་སྟོན་ཚོགས་ཀྱི་གྲ་སྒྲིག་ཚོགས་ཆུང་གི་ལས་དོན་པས་ངོ་སྤྲོད་བྱས་པར་གཞིགས་ན། འགྲེམས་ཚོགས་ལ་ཞུགས་རྒྱུའི་མིང་ཐོ་འགོད་ཚུལ་ལ་བལྟས་ཚེ། ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་གྲགས་ཅན་གྱི་ཁེ་ལས་དང་སྤུས་རྟགས་མང་པོ་ཞིག་འགྲེམས་ཚོགས་ནང་ཞུགས་རྒྱུ་དང་འགྲེམས་ཚོགས་ནང་རིག་ནུས་འཛུགས་སྐྲུན་དང་། ལྗང་མདོག་ཨར་ལས་ཀྱི་རྒྱུ་ཆ། ནུས་རྒྱུ་གྲོན་ཆུང་གི་དྲོད་རླངས་མཁོ་འདོན་དང་། རླུང་འགྲོ། མཁའ་རླུང་སྙོམ་སྒྲིག སྐྱིད་སྣང་དོད་པའི་ཁྱིམ་ཆས། གསོ་རླུང་མཁོ་འདོན་དང་གསོ་རླུང་གསར་བཟོའི་ཐོན་རྫས་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད་པ་རེད། མིག་སྔའི་བར་འགྲེམས་ཚོགས་ནང་ཞུགས་མཁན་སྤུས་རྟགས་150ལྷག་ཙམ་དང་ཐོན་རྫས་གསར་པ་དང་སྒྲིག་ཆས་གསར་པའི་རིགས་1000ལྷག་ཙམ་ཡོད་པ་རེད། སྒྲིག་སྦྱོར་རྣམ་པའི་འཛུགས་སྐྲུན་དང་འདུས་གྲུབ་ཁང་པ་སོགས་འཛུགས་སྐྲུན་བཟོ་ལས་ཅན་ཁྱབ་ཁོངས་ཀྱི་གསར་གཏོད་ལག་ལེན་ཡིན་ནའང་འདྲ། ཡང་ན་ལྗང་མདོག་ཨར་ལས་ཀྱི་རྒྱུ་ཆ་དང་། ནུས་རྒྱུ་གྲོན་ཆུང་གི་དྲོད་རླངས་མཁོ་འདོན་དང་། རླུང་འགྲོ། མཁའ་རླུང་སྙོམ་སྒྲིག་སོགས་ཁོར་ཡུག་སྲུང་སྐྱོང་དང་ནུས་རྒྱུ་གྲོན་ཆུང་གི་ལག་རྩལ་ཁྱབ་གདལ་དང་བེད་སྤྱོད་གང་ཡིན་རུང་ཚང་མ་སྐབས་འདིའི་བོད་ལྗོངས་འཛུགས་སྐྲུན་དངོས་མང་སྟོན་ཚོགས་ཐོག་ཁྱོན་ཡོངས་ནས་འགྲེམས་སྟོན་བྱ་རྒྱུ་ཡིན་པ་རེད། དེ་དང་ཆབས་ཅིག་འགྲེམས་ཚོགས་ཐོག་ད་དུང་ཆེད་ལས་ཀྱི་གླེང་སྟེགས་དང་བགྲོ་གླེང་ཚོགས་འདུ་ཐེངས་མང་འཚོགས་ནས་ལས་རིགས་ཀྱི་རིགས་གཅིག་མཁས་ཅན་དང་། མཁས་པ། ཁེ་ལས་ཀྱི་འཐུས་མི་བཅས་གདན་དྲངས་ཏེ་ཁྲོམ་རའི་འཕེལ་ཕྱོགས་དང་ལས་རིགས་ཀྱི་གནས་ཚུལ་གསར་ཤོས་ལ་ཐུན་མོང་ཐོག་གྲོས་བསྡུར་བྱས་ཏེ་འགྲེམས་ཚོགས་ནང་ཞུགས་མཁན་ཁེ་ལས་དང་ཆེད་ལས་མི་སྣར་མཉམ་ལས་ཀྱི་གོ་སྐབས་དང་ཐོན་ཁུངས་དེ་བས་མང་བ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད།
གླེང་རིན་ཡོད་པ་ཞིག་ནི་ད་ཐེངས་ཀྱི་འགྲེམས་ཚོགས་ཐོག་གསོ་རླུང་མཁོ་འདོན་དང་གསོ་རླུང་གསར་བཟོའི་ཐོན་རྫས་འགྲེམས་སྟོན་ཁུལ་དུ་ཁེ་ལས་མང་པོ་ཞིག་གིས་ས་མཐོའི་གསོ་རླུང་མཁོ་འདོན་གྱི་ལག་རྩལ་དང་སྒྲིག་ཆས་གསར་ཤོས་འགྲེམས་སྟོན་བྱས་ནས་བོད་ལྗོངས་ས་ཁུལ་གྱི་ས་མཐོའི་ནད་འགོག་བཅོས་དང་གྲོང་མིའི་བདེ་ཐང་ལ་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་ཡིན་པ་རེད། གཞན་ཡང་འགྲེམས་ཚོགས་ཐོག་ད་དུང་མཉམ་འགུལ་ཉམས་ལེན་ཁུལ་མང་པོ་བཙུགས་ནས་ལྟད་མོ་བ་ཚོས་རིག་ནུས་ཀྱི་འཛུགས་སྐྲུན་སྣ་ཚོགས་དང་། ལྗང་མདོག་ཨར་ལས་ཀྱི་རྒྱུ་ཆ། ནུས་རྒྱུ་གྲོན་ཆུང་གི་དྲོད་རླངས་མཁོ་འདོན་དང་། རླུང་འགྲོ། མཁའ་རླུང་སྙོམ་སྒྲིག་སོགས་ཐོན་རྫས་ཀྱི་ཕན་འབྲས་དངོས་སུ་མྱོང་ཚོར་ཐུབ་པར་བྱ་རྒྱུ་ཡིན་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社