(པར་ངོས་དང་པོར་མཐུད)ལྷུན་གྲུབ་ཀྱི་ཁྱད་ཆོས་ལྡན་པའི་ཞབས་བྲོ་འཁྲབ་རྒྱུ་ཡིན་པས་ལྟད་མོ་བ་ཚོར་མཐོང་ཚོར་ལོངས་སྤྱོད་ཐུབ་རྒྱུའི་རེ་བ་ཡོད་ལ་ལུས་རྩལ་པ་ཚང་མར་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བའང་ཡོད་ཅེས་བཤད།
ལུས་རྩལ་པ་ཐང་ཆེན་ནས་ཕྱིར་ཐོན་རྗེས། རིག་རྩལ་འཁྲབ་སྟོན་དེ《ཉི་འོད་གྲོང་ཁྱེར་དུ་འཇོམས་པ》ཞེས་པའི་ཁྲོད་འགོ་ཚུགས་པ་དང་སྙན་འཇེབས་ལྡན་པའི་གླུ་གཞས་དང་སྤྲོ་སྣང་ལྡན་པའི་ཞབས་བྲོ་ལས་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་ཟབ་མོ་མངོན་ཡོད།ངོ་སྤྲོད་བྱས་པར་གཞིགས་ན་རིག་རྩལ་འགྲེམས་སྟོན་དེ་མཛེས་སྡུག་ལྡན་པའི་ས་མཐོའི་ལྷ་སར་ཕུགས་འདུན་སྒྲུབ་ཅེས་པ་གཙོ་དོན་དུ་བྱས་ནས་བཀོད་སྒྲིག་བྱས་པ་རེད།འཁྲབ་སྟོན་ལ་ཁྱོན《ཉི་འོད་གྲོང་ཁྱེར་དུ་འཇོམས་པ》《ཚོན་མདངས་རྣམ་པར་བཀྲ་བའི་ཕུགས་འདུན》《འཆམ་ཞིང་མཐུན་པའི་རི་ཆུའི་བརྩེ་སེམས》《ཞིང་འབྲོག་གི་དགའ་སྟོན་གླུ་དབྱངས》《ལྷ་སར་བདེ་སྐྱིད་ལྡན》བཅས་ལེའུ་ལྔ་རུ་དབྱེ་ནས་ལྷ་སའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མཛེས་པ་དང་།འབྱུང་ཁམས་ཀྱི་མཛེས་པ། ལུས་རྩལ་གྱི་མཛེས་པ་བཅས་ཁྱོན་ཡོངས་ནས་མངོན་ཡོད།
ལྟད་མོ་བ་ཉི་མ་མཚམས་གཅོད་ཀྱིས་དེ་རིང་གཟའ་མཇུག་གི་དུས་ཚོད་སྤྱད་དེ་ལུས་རྩལ་འགྲན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ལྟ་བར་ཡོང་བ་དང་ས་གནས་ས་ཐོག་ཏུ་འཁྲུག་ཆ་དོད་པོ་ཡོད་པས་ང་ལ་ཞིང་འབྲོག་མང་ཚོགས་ཀྱི་སྤྲོ་སེམས་དང་གསོན་ཤུགས་གང་ལེགས་ཚོར་བྱུང་ལ་ཞིང་འབྲོག་མང་ཚོགས་ཀྱི་ཉམས་འགྱུར་ཡང་མཐོང་བྱུང་བས་སྐུལ་ལྕག་ཆེན་པོ་ཐེབས་བྱུང་། གོ་སྐབས་བྱུང་ཚེ་ང་ཡང་སྐབས་རྗེས་མའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་རྒྱུ་ཡིན་ཞེས་བཤད་བྱུང་།
ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་ནི་ལྷ་ས་གྲོང་ཁྱེར་གྱི་ད་ལྟའི་བར་གྱི་ཚད་གཞི་མཐོ་ཤོས་དང་གཞི་ཁྱོན་ཆེ་ཤོས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་གཟབ་རྒྱས་ཤིག་རེད།སྐབས་འདིའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ལ་རྩལ་འགྲན་རྣམ་གྲངས་དང་མི་རིགས་ཀྱི་སྲོལ་རྒྱུན་དང་སྤྲོ་སྣང་ལྡན་པའི་རྣམ་གྲངས་རིགས་ཆེ་གྲས་གཉིས་ལ་ཁྱོན་འགྲན་བསྡུར་རྣམ་གྲངས་ཆུང་བ་19བཙུགས་པ་དང་ལུས་རྩལ་པ་500ལྷག་ཙམ་གྱིས་འགྲན་རའི་ཐོག་ནུས་ཤུགས་གང་ཡོད་བཏོན་ནས་དུས་རབས་གསར་པའི་ཞིང་འབྲོག་པའི་ཉམས་འགྱུར་གསར་རྐྱང་མངོན་པར་བྱ་རྒྱུ་རེད། སྐབས་དང་པོའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་བས་གྲུབ་འབྲས་ཡག་པོ་ཐོབ་རྒྱུའི་རེ་བ་ཡོད།
ལུས་རྩལ་པ་དོན་གྲུབ་ཀྱིས་སྐབས་དང་པོའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ནང་ཞུགས་ཐུབ་པར་ཧ་ཅང་དགའ་པོ་བྱུང་། ད་ཐེངས་ཀྱི་ལུས་རྩལ་འགྲན་ཚོགས་ཐོག་ངས་མིང་ཐོ་བཀོད་པའི་རྣམ་གྲངས་ནི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་ཤོ་རྩེད་ཡིན་པས་རིམ་ཁག་སྡེ་ཚན་གྱི་བཀོད་སྒྲིག་དང་རྒྱབ་སྐྱོར་འོག་ང་ཚོ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ལུས་རྩལ་འགྲན་ཚོགས་ནང་ཞུགས་ནས་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འཕེལ་རྒྱས་གཏོང་རྒྱུ་དེ་ཧ་ཅང་ཡག་པོ་འདུག་པས་སླད་ཕྱིན་འགྲན་བསྡུར་དེ་འདྲ་མང་ཙམ་གཉེར་རྒྱུའི་རེ་བ་ཡོད་ཅེས་བཤད།
ལུས་རྩལ་འགྲན་ཚོགས་རིང་ད་དུང་ལེ་ལག་ཚང་བའི་བྱེད་སྒོ་རབ་དང་རིམ་པ་སྤེལ་རྒྱུ་ཡིན་པ་དེའི་ནང་མཚན་མོའི་གློག་འོད་འགྲེམས་སྟོན་དང་རླངས་འཁོར་འགྲེམས་སྟོན།ཁྱད་ལྡན་ཞིང་ལས་ཐོན་རྫས་འགྲེམས་སྟོན།ཞིམ་ཟས་དགའ་སྟོན་སོགས་ཚུད་ཡོད།དུས་མཚུངས་སུ་ད་དུང་གསར་དར་ལུས་རྩལ་རྣམ་གྲངས་ལ་བྱ་དགའ་ཡོད་པའི་ཉམས་ལེན་ཁུལ་བཙུགས་ནས་མང་ཚོགས་ལ་ལུས་རྩལ་འགུལ་སྐྱོད་ཀྱི་ཡིད་དབང་འཕྲོག་ཤུགས་དང་སྤྲོ་སྣང་ཚོར་དུ་འཇུག་རྒྱུ་རེད།
(སྟོབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社