分享按钮

བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་སྒྲུབ། ཐུན་མོང་ཐོག་འབྱུང་འགྱུར་ལ་འབད་པས་ཕྱོགས།

རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཟུར་བྲིས།

ཟླ་6ཚེས་22ཉིན་ལྷ་ས་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་དང་ལྷ་ས་གྲོང་ཁྱེར་ལུས་རྩལ་ཅུས་དང་ལྷ་ས་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས(ལྷ་ས་གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས)ཀྱིས་ཐུན་མོང་ཐོག་གཉེར་འགན་འཁུར་བའི་ལྷ་སའི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པ་དང་།གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཁག་དང་ནུས་པའི་གླིང་ཁུལ་ནས་ཡོང་བའི་འཐུས་མི་རུ་ཁག་11གི་ལུས་རྩལ་པ་500ལྷག་ཙམ་འགྲན་བསྡུར་ནང་ཞུགས་ཡོད་པ་རེད།ཁོང་ཚོས་གྲོང་ཁྱེར་ཡོངས་ཀྱི་མི་དམངས་ལ་བསམ་པའི་ཉམས་འགྱུར་བཟང་པོ་ཞིག་མངོན་པར་བྱ་རྒྱུ་རེད།ལྷ་ས་གྲོང་ཁྱེར་མང་ཚོགས་རིག་གནས་ལུས་རྩལ་ལྟེ་གནས་ལུས་རྩལ་ཁང་གི་ཕྱི་རོལ་དུ་ལུས་རྩལ་པ་ཚོས་ལུས་ལ་ལས་གོས་དང་བོད་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྱོན་ཆས་གྱོན་ནས་བང་བསྒྲིགས་ཏེ་གོ་རིམ་ལྡན་པའི་ངང་ལུས་རྩལ་ཐང་དུ་འཛུལ་བཞིན་ཡོད་པ་གསར་འགོད་པས་མཐོང་བྱུང་།ཁོང་ཚོའི་གོམ་སྟབས་གྲལ་འགྲིག་པ་དང་བཞིན་རས་ནས་རང་ལ་ཡིད་ཆེས་དང་སྤོབས་སེམས་ཀྱིས་ཁེངས་བཞིན་དུ་དུས་རབས་གསར་པའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་རྗེས་སུ་འབྲངས་པའི་དད་སེམས་དང་ལུས་རྩལ་ལ་དགའ་ཞེན་དང་འཚོ་བར་དགའ་ཞེན་བྱེད་པའི་སྤྲོ་སེམས་མཚོན་པར་བྱས་ཡོད།

ལྷུན་གྲུབ་རྫོང་གི་རུ་སྟར་གྲུ་བཞིའི་འཐུས་མི་བདེ་སྐྱིད་ཀྱིས་ལུས་རྩལ་ཐང་ནང་འཛུལ་གྲབས་ཡོད་པས་སེམས་ནང་དགའ་ཚོར་ཆེན་པོ་འདུག དེ་རིང་ང་ཚོས་ལྷུན་གྲུབ་རྫོང་གི་ཚབ་ཞུས་ནས།

(པར་ངོས་གཉིས་པར་གཟིགས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-24 རང་གྲོང་གི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོའི་འགོ་ཚུགས་མཛད་སྒོའི་ཟུར་བྲིས། 6 6 拉萨日报藏文 c183168.html 1 བློ་སེམས་གཅིག་མཐུན་གྱིས་ཕུགས་འདུན་སྒྲུབ། ཐུན་མོང་ཐོག་འབྱུང་འགྱུར་ལ་འབད་པས་ཕྱོགས། /enpproperty-->