ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་གསར་འགོད་པས་བཅར་འདྲི་བྱེད་སྐབས་ཤེས་རྟོགས་བྱུང་བར་གཞིགས་ན། རང་གྲོང་གི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་རམ་བཅས་བྱེད་པའི་སྲིད་ཇུས་དོན་ཚན་ཁག་8དང་ལེན་ཧུར་ཐག་བྱས་ནས་འཛུགས་སྐྲུན་ལས་རིགས་འདི་ཉིད་འབྱུང་འཕྲོད་དང་། རིག་ནུས། ནུས་རྒྱུ་གྲོན་ཆུང་བཅས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད། ཟླ་6ཚེས་28ནས་ཚེས་30ཉིན་བར་དུས་ཡུན་ཉིན་གསུམ་གྱི་2024ལོའི་སྐབས་ལྔ་པའི་བོད་ལྗོངས་རིག་ནུས་འཛུགས་སྐྲུན་ཏེ་ལྗང་མདོག་ཨར་ལས་ཀྱི་རྒྱུ་ཆ་དང་། ནུས་རྒྱུ་གྲོན་ཆུང་གི་དྲོད་རླངས་མཁོ་འདོན་དང་། རླུང་འགྲོ། མཁའ་རླུང་སྙོམ་སྒྲིག་གི་སྒྲིག་ཆས། སྐྱིད་སྣང་དོད་པའི་ཁྱིམ་གཤིས། གསོ་རླུང་མཁོ་འདོན་དང་གསོ་རླུང་གསར་བཟོའི་ཐོན་རྫས་འགྲེམས་ཚོགས་འདི་ཉིད(གཤམ་དུ“བོད་ལྗོངས་འཛུགས་སྐྲུན་དངོས་མང་སྟོན་ཚོགས་འགྲེམས་ཚོཊ་ཞེས་བསྡུ་རྒྱུ)བོད་རང་སྐྱོང་ལྗོངས་འགྲེམས་ཚོཊ་ལྟེ་གནས་སུ་འཚོག་རྒྱུ་རེད།
(པར་ངོས་གཉིས་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社