(པར་ངོས་དང་པོར་མཐུད)ཀྲུང་གོའི་རྡོ་སྣུམ་བོད་ལྗོངས་ལྷ་སའི་ཕྱིར་འཚོང་ཡན་ལག་ཀུང་སི། ཅིང་ཏུང་བོད་ལྗོངས་ཡན་ལག་ཀུང་སི་སོགས་ཀྱི་ཁེ་ལས་ཀྱི་འགན་འཁུར་བས་ཁ་རི་ཁ་ཐུག་དང་། གནད་དོན་ལ་ཐད་ཀར་དམིགས་པ། རང་ངོས་ཀྱི་ཁེ་ལས་དང་ལས་རིགས་ཀྱི་གནས་ཚུལ་དང་ཟུང་འབྲེལ་བྱས་ཏེ་དཔལ་འབྱོར་ལ་སྐུལ་འདེད་དང་།དམངས་འཚོར་ཕན་པ།ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་8ལས་བྱུང་བའི་དགེ་མཚན་ལྡན་པའི་ཕན་འབྲས་དང་དེ་བཞིན་འཕེལ་རྒྱས་ཁྲོད་གནས་པའི་གནད་དོན་དང་། སྲིད་ཇུས་ཐད་གནས་པའི་ཞན་ཆ། སྲིད་འཛིན་དང་ཁེ་ལས་དབར་འབྲེལ་གཏུགས་བྱེད་པའི་བཀག་རྒྱ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་འགོ་བཏོན་པ་རེད། ཝང་ཆང་གིས་ནན་ཏན་ངང་གསན་རྗེས་གཏམ་བཤད་གནང་བ་དང་འབྲེལ་དུས་ངེས་མེད་དུ་མཉམ་འགུལ་སྤེལ་རེས་གནང་བ་རེད།
ཝང་ཆང་གིས་ཁེ་ལས་ནི་དཔལ་འབྱོར་འཕར་བའི་གཙོ་ཤུགས་དམག་དཔུང་ཡིན་པ་དང་། ཁྲོམ་རའི་དཔལ་འབྱོར་དང་ཐད་ཀར་འབྲེལ་བ་དམ་ཟབ་ཡོད་པས་སྲིད་ཇུས་ལག་བསྟར་དང་ཕན་འབྲས་ཐོན་རྒྱུར་ཚོར་སྣང་དངོས་སུ་ཡོང་གི་ཡོད། གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཁེ་ལས་འཕེལ་རྒྱས་ལ་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཤིང་། ཉེ་དུས་བཏོན་པའི་དཔལ་འབྱོར་ལ་སྐུལ་འདེད་དང་། དམངས་འཚོར་ཕན་པ། ཁེ་ལས་ལ་རོགས་སྐྱོར་བཅས་བྱེད་པའི་སྲིད་ཇུས་དུས་ཐོག་ཏུ་དོན་འཁྱོལ་བྱུང་ནས་ཁྲོམ་རའི་ཡིད་ཆེས་ཆེ་རུ་གཏོང་བ་དང་། དམངས་འཚོའི་བདེ་སྐྱིད་ཆེ་རུ་གཏོང་བ། དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ནུས་པ་ཏན་ཏིག་ཐོན་ཡོད་ཅེས་གསུངས་པ་རེད།
ཝང་ཆང་གིས་ཡིད་ཆེས་ཤུགས་ཆེར་འཕེལ་བར་བྱེད་དགོས་ཤིང་། རྒྱ་ཆེའི་ཁེ་ལས་མཁས་ཅན་གྱིས་ཡིད་ཆེས་བརྟན་པོ་དང་གོ་སྐབས་ལ་དམ་འཛིན་བྱས་ཏེ།རང་འགུལ་ངང་གྲོང་ཁྱེར་ཡོངས་ཀྱི་སྲིད་ཇུས་དང་འབྲེལ་མཐུད་གང་ལེགས་བྱས་ནས་སྲིད་ཇུས་ཀྱི་ཕན་འབྲས་ཆེ་ཤོས་འདོན་སྤེལ་བྱ་རྒྱུར་སྐུལ་འདེད་མགྱོགས་སུ་གཏོང་དགོས་པ་དང་། དོན་འཁྱོལ་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། འབྲེལ་ཡོད་ཚན་པས་ལས་རིགས་དེ་དང་དེའི་ཁྱབ་ཁོངས་ཀྱི་ལས་ཀའི་ཞན་ཆར་དམིགས་ཏེ་ལས་རིགས་ཁྱབ་ཁོངས་ཀྱི་སྲིད་ཇུས་དང་བྱེད་ཐབས་སྔར་བས་འཐུས་ཚང་དུ་བཏང་ནས་ཁྲོམ་ར་སྔར་བས་ཕན་ནུས་ལྡན་པ་དང་སྲིད་གཞུང་གི་ལས་དོན་ལ་སྔར་བས་གྲུབ་འབྲས་ཐོབ་པར་བྱེད་དགོས་པ། ཞབས་ཞུ་བསྒྲུབ་ཤུགས་ཆེ་རུ་གཏོང་དགོས་ཤིང་། འབྲེལ་ཡོད་ཚན་པས་ཁེ་ལས་མཁས་ཅན་གྱིས་བཏོན་པའི་གནད་དོན་ལ་དམིགས་ནས་དེ་དག་རེ་རེ་བཞིན་རིགས་དབྱེ་དང་གསེད་བཀྲོལ་བྱས་ནས་ལས་འགན་གྱི་གསལ་ཐོ་བཟོས་ཏེ་རྩིས་ཐོ་བཀོད་ནས་ལྟ་སྐུལ་སྒྲུབ་སྐུལ་དང་། སྒྲུབ་ཐུབ་པ་ངེས་པར་དུ་སྒྲུབ་ཐུབ་པར་བྱས་ཏེ་དོན་དག་ཚང་མ་སྒྲུབ་ཐུབ་པ་དང་དོན་དག་ཚང་མར་ལན་སློག་ཐུབ་པར་འགན་ལེན་བྱེད་དགོས་པའི་ནན་གསུངས་གནང་བ་རེད།
ཝང་ཆང་གིས་ལྷ་ས་གྲོང་ཁྱེར་གྱིས་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་ཞབས་ཞུ་གོང་མཐོར་བཏང་སྟེ་ཁེ་ལས་ལེགས་སུ་གཏོང་བ་དང་སྟོབས་ཤུགས་ཆེ་རུ་གཏོང་རྒྱུར་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ་ཁེ་ལས་མཁས་ཅན་ཚོས་ཁྲོམ་རའི་ཡིད་ཆེས་བརྟན་པོ་དང་། འཕེལ་རྒྱས་ཀྱི་དམིགས་ཚད་གཏན་འཁེལ་དང་དམ་འཛིན་བྱས་ཏེ་སྟོབས་ཤུགས་གང་ཡོད་བཏོན་ནས་ཐོན་སྐྱེད་དང་། ཁྲོམ་ར་རྒྱ་བསྐྱེད་པ། ཕན་འབྲས་ཆེ་རུ་གཏོང་བ་བཅས་ཀྱི་ཐད་འབད་བརྩོན་གང་ལེགས་བྱས་ནས་འཕར་གཞི་གསར་པ་ཟམ་མི་ཆད་པར་གསོ་སྐྱོང་དང་འཕེལ་རྒྱས་ཀྱི་ལེགས་ཆ་གསར་པ་གཏིང་ཟབ་ཏུ་བཏང་སྟེ་སྲིད་གཞུང་དང་ཁེ་ལས་ཀྱིས་སེམས་པ་གཅིག་མཐུན་གྱི་སྒོ་ནས་འབད་འཐབ་བྱེད་པ་དང་ལག་གདང་སྦྲེལ་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
གྲོང་སྤྱི་གཞོན་པ་ཁོང་ཧུའེ་དང་ཀའོ་ཅུན་ཚོགས་འདུར་ཞུགས་ཡོད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社