ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་20ཉིན། ལྷ་ས་གྲོང་ཁྱེར་རྩྭ་ཐང་འགན་གཙང་གཉེར་སྐྱོང་དབང་ཆའི་གཏན་འཇགས་རྒྱུ་ནོར་བདག་དབང་གི་ལག་ཁྱེར་ཐོག་མར་སྤྲོད་པའི་མཛད་སྒོ་ལྷུན་གྲུབ་རྫོང་དུ་འཚོགས་པ་རེད།
གྲོང་སྤྱི་གཞོན་པ་བློ་གསལ་གྱིས་མཛད་སྒོ་གཙོ་སྐྱོང་གནང་བ་རེད།
མཛད་སྒོའི་ཐོག ལྷུན་གྲུབ་རྫོང་གི་རྫོང་དཔོན་བདེ་སྐྱིད་གཡང་འཛོམས་དང་རང་སྐྱོང་ལྗོངས་རང་བྱུང་ཐོན་ཁུངས་ཐིང་གི་ཐིང་ཀྲང་གཞོན་པ་མིག་དམར་ཚེ་རིང་གིས་ཁག་དང་པོའི་འཐུས་མི་10ལ་རྩྭ་ཐང་འགན་གཙང་གཉེར་སྐྱོང་དབང་ཆའི་གཏན་འཇགས་རྒྱུ་ནོར་བདག་དབང་གི་ལག་ཁྱེར་ཐོབ་པའི་འབྲོག་པའི་འཐུས་མིར་ལག་ཁྱེར་སྤྲད་པ་རེད།
ཤེས་རྟོགས་བྱུང་བར་གཞིཊ་ན། 2021ལོའི་ཟླ་12པར་རྩྭ་ཐང་འགན་གཙང་གཉེར་སྐྱོང་དབང་ཆ་གཏན་འཁེལ་ཐོ་འགོད་དང་ལག་ཁྱེར་སྤྲོད་པའི་ལས་དོན་ཁྱོན་ཡོངས་ནས་སྤེལ་འགོ་ཚུགས་ཚུན། གྲོང་ཁྱེར་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་195དང་། མུའུ་ཁྲི་1429.64 དུད་ཚང་52181བཅས་ཀྱི་རྩྭ་ཐང་བདག་དབང་གཏན་འཁེལ་གྱི་ས་ཁོངས་བརྟག་དཔྱད་ལས་དོན་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། བདག་དབང་གཏན་འཁེལ་ཐོ་འགོད་ལག་ཁྱེར་སྤྲོད་པའི་ལས་དོན་གྱི་མྱུར་ཚད་དེ་ལྗོངས་ཡོངས་ཀྱི་ཨང་དང་པོར་སླེབས་ཡོད་ཅིང་། དེ་ནི་གྲོང་ཁྱེར་རིམ་པའི་ཞིབ་བཤེར་རྩིས་ལེན་དང་རང་སྐྱོང་ལྗོངས་ཀྱི་འཐེན་བཤེར་ལེགས་གྲུབ་ཟིན་པའི་ས་ཁུལ་དང་གྲོང་ཁྱེར་ཡིན་ལ། གཏན་འཇགས་རྒྱུ་ནོར་བདག་དབང་ལག་ཁྱེར་སྤྲོད་མཁན་ས་ཁུལ་དང་གྲོང་ཁྱེར་དང་པོ་དེའང་ཡིན་པ་དང་སྦྲགས། ཐེངས་འདིར་སྤྲད་པའི་ལག་ཁྱེར་ནི་གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་ས་ཞིང་འགན་གཙང་གཉེར་སྐྱོང་དབང་ཆའི་རིཊ་ཀྱི་གཏན་འཇཊ་རྒྱུ་ནོར་བདག་དབང་གི་ལག་ཁྱེར་ཐོག་མ་དེ་ཡིན་པ་རེད།(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社