分享按钮

2024ལོའི་མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་ལས་དོན་པའི་གསོ་སྦྱོང་མཇུག་འགྲིལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར་མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་ལས་གཉེར་པའི་འགྲོ་འོང་དང་།སྤེལ་རེས།མཉམ་འདྲེས་བཅས་ཀྱི་གསོ་སྦྱོང་དང་ནན་ཅིང་དུ་བསྐྱོད་ནས་ཡུལ་དངོས་སུ་སློབ་སྦྱོང་སྤེལ་རེས་བྱེད་པའི་གསོ་སྦྱོང་མཇུག་འགྲིལ་བ་རེད།

ད་ཐེངས་ཀྱི་གསོ་སྦྱོང་གི་དམིགས་ཡུལ་ནི་རྫོང་དེའི་སྨྱན་སྦྱོར་མཉམ་འདྲེས་ལྟེ་གནས་ཀྱི་སྨྱན་སྦྱོར་ལས་དོན་པའི་ཆེད་ལས་ཀྱི་བྱང་ཚད་དང་རྩལ་ནུས་མཐོ་རུ་བཏང་ནས་དུས་རབས་གསར་པའི་སྨྱན་སྦྱོར་མཉམ་འདྲེས་འཕེལ་རྒྱས་ཀྱི་བླང་བྱ་གསར་པ་དང་དེ་བས་ལེགས་པའི་སྒོ་ནས་འཚམ་པོ་ཡོང་བར་བྱ་རྒྱུ་དེ་རེད།

གསོ་སྦྱོང་བྱེད་རིང་ལས་རིགས་རིགས་གཅིག་མཁས་ཅན་གྱིས་གསོ་སྦྱོང་ནང་ཞུགས་མཁན་གྱི་སློབ་མར་རིགས་པའི་གཞུང་ལུགས་ཐད་ནས་འགྲེལ་བཤད་བརྒྱབ་པར་མ་ཟད། སློབ་མ་ཚོ་ད་དུང་ཤིན་ཧྭ་ཉིན་རེའི་ཚགས་པར་ལོ་རྒྱུས་ཁང་དང་། ཅང་སུའུ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཕུའུ་ཁོའུ་ཆུས་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས། ནན་ཅིང་ཉིན་རེའི་ཚགས་པར་སོགས་སུ་ཁྲིད་ནས་སློབ་སྦྱོང་བྱས་པ་རེད།

ཉིན་ཁ་ཤས་རིང་སློབ་སྦྱོང་དང་ལྟ་སྐོར་བྱས་པ་བརྒྱུད།ཚང་མས་ད་ཐེངས་ཀྱི་གསོ་སྦྱོང་ལ་གྲུབ་འབྲས་ཆེན་པོ་ཐོབ་ནས་མཐོང་རྒྱ་ཆེ་རུ་ཕྱིན་པར་མ་ཟད། སྨྱན་སྦྱོར་མཉམ་འདྲེས་ཁྱབ་ཁོངས་ལ་དེ་བས་བསམ་ཤེས་དང་དགའ་ཞེན་ཟབ་མོ་ཐོབ་ཡོད་ཅེས་བཤད་པ་དང་འབྲེལ་སླད་ཕྱིན་གྱི་སློབ་སྦྱོང་དང་ལས་ཀའི་ཁྲོད་ངེས་པར་དུ་རྒྱུན་ཆད་མེད་པར་འབད་བརྩོན་བྱས་ཏེ་སྨྱན་སྦྱོར་མཉམ་འདྲེས་བྱ་གཞག་འཕེལ་རྒྱས་འགྲོ་རྒྱུར་སྟོབས་ཤུགས་ལེགས་སྐྱེས་ཕུལ་དགོས་པའི་ངོས་འཛིན་གཅིག་མཐུན་བྱུང་ཡོད་པརེད།

ད་ཐེངས་ཀྱི་གསོ་སྦྱོང་དེས་མཉམ་འདྲེས་སྨྱན་སྦྱོར་གྱི་ཆེད་ལས་ཤེས་ལྡན་པ་གསོ་སྐྱོང་དང་ལས་རིགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད་པར་མ་ཟད། སྨྱན་སྦྱོར་མཉམ་འདྲེས་ཀྱི་བྱ་གཞག་ནང་ཞུགས་འདོད་ཡོད་པའི་ལས་དོན་པ་དེ་བས་མང་བ་ཞིག་ལ་སློབ་སྦྱོང་དང་འཚར་ལོངས་ཀྱི་སྟེགས་བུ་ཡག་པོ་ཞིག་ཀྱང་མཁོ་འདོན་བྱས་ཡོད་པ་རེད། ཤེས་རྟོགས་བྱུང་བར་སློབ་མ་ཁག་གཅིག་གིས་ད་དུང་ནན་ཅིང་གིས་བོད་སྐྱོར་བྱས་ནས་ལོ་30འཁོར་བའི་དྲིལ་བསྒྲགས་གནས་ཚུལ་སྤེལ་བའི་བྱེད་སྒོ་དང་ཟུང་འབྲེལ་བྱས་ཏེ་ནན་ཅིང་དུ་དུས་ཡུན་ཉིན་བཅུའི་སློབ་སྦྱོང་བྱ་རྒྱུ་ཡིན་པ་རེད། (ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183131.html 1 2024ལོའི་མལ་གྲོ་གུང་དཀར་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྨྱན་སྦྱོར་ལས་དོན་པའི་གསོ་སྦྱོང་མཇུག་འགྲིལ་བ། /enpproperty-->