分享按钮

ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཏང་གི་སློབ་གྲྭའི་ལས་དོན་ལ་བརྟག་ཞིབ་གནང་བ།

(པར་ངོས་དང་པོར་མཐུད)རྣམ་པ་གསར་པ་ཞིག་གཏོད་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་དགོས། གྲོང་ཨུད་ཀྱི་རྒྱུན་ཨུད་དང་། རྩ་འཛུགས་པུའི་པུའུ་ཀྲང་། ཏང་གི་སློབ་གྲྭའི་སློབ་སྤྱི་བཅས་ཡིན་པའི་ཀྲང་ཏིང་ཁྲེང་དང་། གྲོང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཀྲང་ཁྲུན་དབྱང་ཚོགས་འདུར་ཞུགས་ཡོད།

གྲོང་ཨུད་ཏང་གི་སློབ་གྲྭར་ཤའོ་ཡིའུ་ཚའེ་སྔ་རྗེས་སུ་ལུས་རྩལ་ཕྱོགས་བསྡུས་ཞབས་ཞུའི་ཐོག་ཁང་དང་། སློབ་མའི་ཉལ་ཁང་། གྲོང་ཁྱེར་གནས་ཚུལ་ཞིབ་འཇུག་ལྟེ་གནས། སློབ་དོན་ཁོའོ། དཔེ་མཛོད་ཁང་བཅས་སུ་བསྐྱོད་དེ་འགྲོ་ཞོར་དང་། ཉན་ཞོར། ལྟ་ཞོར་བཅས་ཀྱི་སྒོ་ནས་གྲོང་ཨུད་ཏང་གི་སློབ་གྲྭའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་། དགེ་རྒན་གྱི་སྟོབས་ཤུགས། སློབ་ཁྲིད་དང་གསོ་སྦྱོང་། ཚན་ཞིབ་སོགས་ཀྱི་གནས་ཚུལ་ལ་མཁྱེར་རྟོགས་ཞིབ་ཕྲ་གནང་བ་འབྲེལ།དགེ་རྒན་དང་ལས་བཟོ་བར་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་བསྟན་དོན། གྲོན་ཆུང་དང་སྤྱོད་གོ་ཆོད་པའི་རྩ་དོན་མཐའ་འཁྱོངས་བྱས་ནས་སློབ་གྲྭའི་ལེ་ལག་ཚང་བའི་སྒྲིག་བཀོད་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས་པ་དང་། སློབ་གྲྭའི་ཁོར་ཡུག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ། སློབ་གཉེར་གྱི་ཆ་རྐྱེན་དང་སློབ་གཉེར་གྱི་སྤུས་ཚད་སྔར་བས་མཐོ་རུ་གཏོང་བ། ན་གཞོན་ཏང་ཡོན་ལས་བྱེད་པར་སློབ་གསོ་རྒྱག་པ་དང་གསོ་སྦྱོང་རྒྱག་ཤུགས་ཆེ་རུ་གཏོང་དགོས་པ། གཞི་རིམ་ལ་བསྐྱོད་པ་ཕྱོགས་བཞིའི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་བཏང་ནས། གཞི་རིམ་དང་མང་ཚོགས་ཀྱི་ཁྲོད་དུ་ཟབ་ཞུགས་བྱས་ཏེ་དཔྱོད་དོན་ལ་ཞིབ་འཇུག་བྱེད་པར་སྐུལ་འདེད་བཏང་ནས་ཏང་གི་སློབ་གྲྭའི་རིག་མཛོད་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་དགོས།

དེའི་རྗེས་སུ་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཏང་གི་སློབ་གྲྭའི་ལས་དོན་སྙན་ཞུར་ནན་ཏན་གྱིས་གསན་པ་དང་། ཉེ་བའི་ལོ་ཤས་རིང་གྲོང་ཨུད་ཏང་གི་སློབ་གྲྭར་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། དགེ་རྒན་དང་ལས་བཟོ་བས་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་གནང་བ་རེད།

ཤའོ་ཡིའུ་ཚའེ་ཡིས་ནན་གསུངས་གནང་དོན། གྲོང་ཨུད་ཏང་གི་སློབ་གྲྭ་ནི་གྲོང་ཁྱེར་ཡོངས་ཀྱི་ཏང་ཡོན་ལས་བྱེད་པར་སློབ་གསོ་རྒྱག་པ་དང་གསོ་སྦྱོང་བྱེད་པའི་གཡུལ་ས་གཙོ་བོ་ཞིག་ཡིན་པས། བྱང་ཚད་མཐོ་བའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་དང་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་ཐོན་པར་དོན་སྙིང་གལ་ཆེན་ལྡན་ཡོད།

ཏང་གི་འགོ་ཁྲིད་ལ་ཤུགས་སྣོན་སྔར་ལས་ལྷག་པ་རྒྱག་དགོས། ཏང་གི་སློབ་གྲྭའི་རུས་ཏང་ཡིན་པའི་རྩ་བའི་རྩ་དོན་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱས་ཏེ། ཏང་གི་འགོ་ཁྲིད་དེ་སློབ་གྲྭ་གཉེར་སྐྱོང་གི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་། ཏང་གི་སློབ་གྲྭའི་ལས་དོན་ཡག་པོ་སྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་སེམས་དང་ལོ་རྒྱུས་ཀྱི་ལས་འགན་སྒྲུབ་སེམས་ཟམ་མི་ཆད་པར་ཇེ་དྲག་ཏུ་བཏང་སྟེ། ལྷ་སའི་ཏང་གི་སློབ་གྲྭའི་ལས་དོན་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པར་སྐུལ་འདེད་ཧུར་ཐག་གཏོང་དགོས།

སློབ་ཁྲིད་དང་ཞིབ་འཇུག་གསར་གཏོད་ལ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས། ལྟེ་གནས་ལ་དམིགས་པ་དང་ཁྱོན་ཡོངས་ལ་ཞབས་འདེགས་ཞུ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ལས་བྱེད་པའི་སློབ་གསོ་གསོ་སྦྱོང་དང་རིགས་པའི་གཞུང་ལུགས་ལ་ཞིབ་འཇུག་དང་འགྲེལ་བཤད་རྒྱག་རྒྱུར་དམ་འཛིན་ཡག་པོ་བྱེད་པའི་རྨང་གཞིའི་ཐོག སློབ་ཁྲིད་དང་ཚན་རིག་ཞིབ་འཇུག་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཞི་ཁྱོན་ཆེ་རུ་གཏོང་བ་དང་། སྤུས་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ་ཚན་རིག་ཞིབ་འཇུག་གི་སྲིད་ཇུས་བློ་འདྲིའི་ཆུ་ཚད་སྔར་ལས་ལྷག་པའི་སྒོ་ནས་མཐོ་རུ་གཏོང་རྒྱུ་དང་། གྲོང་ཨུད་ཀྱི་ཐབས་ཇུས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་མཁོ་འདོན་བྱས་ནས་ཏང་གི་སློབ་གྲྭའི་ལས་དོན་དེ་ཆུ་ཚད་ལྡན་པ་དང་། ཁྱད་ཆོས་ཡོད་པ། བཀྲག་མདངས་འཚེར་ས་ཡོད་པ་བཅས་སུ་ཏན་ཏིག་ངང་བསྒྲུབ་དགོས།

སློབ་ཁྲིད་དོ་དམ་ལ་སྔར་ལས་ལྷག་པའི་ཤུགས་སྣོན་རྒྱག་དགོས། སློབ་གྲྭ་ནན་སྐྱོང་དང་། སྤུས་ཚད་ཡོད་པའི་སྒོ་ནས་སློབ་གྲྭ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། དེང་རབས་ཅན་གྱི་དོ་དམ་འདུ་ཤེས་འཛུགས་པ། སྔོན་ཐོན་ཉམས་མྱོང་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། ལྷ་སའི་དོན་དངོས་དང་མཐུན་པ། དམིགས་སའི་རང་བཞིན་ལྡན་པའི་དེང་རབས་ཅན་གྱི་ཏང་གི་སློབ་གྲྭའི་དོ་དམ་ལམ་སྲོལ་འཚོལ་ཞིབ་བཅས་བྱེད་དགོས། ལམ་ལུགས་ལ་བརྟེན་ནས་སློབ་གྲྭ་དང་། མི་སྣ། ལས་དོན་བཅས་ལ་དོ་དམ་བྱས་ཏེ། ཏང་གི་སློབ་གྲྭའི་སློབ་ཁྲིད་དོ་དམ་ཐད་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་གཏོང་དགོས།

སྒྲིག་ཁྲིམས་དང་སྒྲིག་ལམ་སྔར་ལས་ལྷག་པར་དམ་དུ་གཏོང་དགོས། དགེ་རྒན་དང་ལས་བཟོ་བའི་ཆེད་ལས་ཀྱི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་སྟེ། ནང་ནུས་ཟབ་སྦྱོང་དང་འཇོན་ཐང་ཆེ་རུ་གཏོང་རྒྱུ་མུ་མཐུད་རྒྱུན་འཁྱོངས་བྱེད་པ་དང་། བྱང་ཚད་མཐོ་ཞིང་ཆེད་ལས་ཅན་གྱི་དགེ་རྒན་གྱི་དཔུང་ཁག་ཅིག་ཧུར་ཐག་གཏོད་དགོས། སྲིད་དོན་གཙང་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ། ནོར་སྲིད་དང་དཔལ་འབྱོར་གྱི་སྒྲིག་ཁྲིམས་ལག་བསྟར་ནན་པོ་བཅས་བྱེད་དགོས། བཀག་སྡོམ་རྣམ་པའི་དོ་དམ་དོན་འཁྱོལ་ནན་པོ་བྱེད་པ་དང་འབྲེལ་སློབ་མ་སློབ་གྲྭར་སྡོད་རིང་གི་བྱེད་སྟངས་དེ་ཕྱིན་ཆད་སྔོན་ཐོན་དང་ཕུལ་བྱུང་ལ་འདེམས་པའི་དཔྱད་གཞི་གལ་ཆེན་ཞིག་ལ་བརྩི་དགོས། (པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183124.html 1 ཤའོ་ཡིའུ་ཚའེ་ཡིས་གྲོང་ཨུད་ཏང་གི་སློབ་གྲྭའི་ལས་དོན་ལ་བརྟག་ཞིབ་གནང་བ། /enpproperty-->