分享按钮

(པར་ངོས་དང་པོར་མཐུད)སྤྱི་ཚོགས་ལས་དོན་གྱི་ཆེད་ལས་ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་སོགས་གཙོ་གནད་ལས་འགན་གཏིང་ཟབ་དང་དོན་གཉེར་བྱ་རྒྱུར་སྐུལ་འདེད་སྔར་ལས་ལྷག་པ་གཏོང་དགོས། སྤྱོད་ཚུལ་བསྒྱུར་ནས་གཟུགས་བརྙན་གཏོད་པ་དང་། སྤྱོད་གཙང་སྲིད་གཉེར་གྱི་གཏན་འབེབས་ཁག་ལག་བསྟར་ཡག་པོ་བྱས་ཏེ། རྩ་དོན་ལ་གཡོ་འགུལ་མི་ཡོང་བ་དང་། ལག་བསྟར་གྱི་ཚད་གཞིར་འགྱུར་བ་མི་གཏོང་བ། ལག་བསྟར་གྱི་གོ་རིམ་བབ་བསྟུན་མི་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་འདུ་ཤེས་སྔར་བས་བརྟན་པོར་འཛུགས་པ་དང།མང་ཚོགས་ཀྱི་ལས་ཀའི་འཇོན་ནུས་དང་ཆུ་ཚད་ཕྱོགས་ཡོངས་ནས་མཐོ་རུ་བཏང་སྟེ།སྤྱི་ཚོགས་ལས་དོན་གྱི་འགན་འཁྲི་གསར་པ་རྒྱུན་ཆད་མེད་པར་མངོན་པར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།

ཁྲེན་ཅིང་གིས་གྲོང་ཁྱེར་ཞིང་ལས་དང་གྲོང་གསེབ་ཅུས(གྲོང་ཁྱེར་གྲོང་གསེབ་དར་རྒྱས་ཅུས)ཀྱིས་ཞིང་གསུམ་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་དོན་འཁྱོལ་ནན་ཏན་བྱས་ཏེ་རང་གྲོང་གི་ཞིང་གསུམ་ལས་དོན་གྱི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས་བཅས་གཅིག་གྱུར་གྱིས་ཞིབ་འཇུག་དང་སྒྲིག་འཛུགས་ལག་བསྟར་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་། རང་གྲོང་གི་ཞིང་གསུམ་ལས་དོན་གྱི་ལས་འགན་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་པ། ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་གཞི་དང་མི་སྣ་བཀོད་སྒྲིག་བྱས་ཏེ་སྔར་བས་འཐུས་སྒོ་ཚང་བའི་ལས་ཀའི་ལམ་སྲོལ་དང་དོ་དམ་སྒྲིག་སྲོལ་ཆགས་པར་བྱས་ནས་ལྷ་སའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞིང་གསུམ་གྱི་སྟོབས་ཤུགས་འདོན་དགོས། གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་ཀྱིས་རང་གྲོང་གི་རིག་གནས་ཡུལ་སྐོར་ཐོན་ལས་ཀྱི་འཐབ་ཇུས་དང་། འཆར་འགོད། སྲིད་ཇུས་བཅས་གཅིག་གྱུར་གྱིས་ཞིབ་འཇུག་དང་ལག་བསྟར་བྱེད་པའི་འགན་འཁྲི་ཏན་ཏིག་འཁུར་དགོས་པ་དང་།དུས་བབ་གསར་པ་དང་འཚམ་པར་བྱས་ནས་གཙོ་གནད་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་འཕེལ་རྒྱས་ཚོཊ་ཆེན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་མུ་མཐུད་ནས་འཚོལ་ཞིབ་བཅས་བྱས་ནས་གནམ་མཚོའི་5Aརིམ་པའི་མཛེས་ལྗོངས་ཁུལ་གཏོད་རྒྱུ་དང་། རྒྱལ་སྤྱིའི་ཡུལ་སྐོར་གྲོང་ཁྱེར་བསྐྲུན་རྒྱུ། མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བེད་སྤྱོད་སོཊ་གཙོ་གནད་ལས་འགན་དུ་བྱས་ཏེ་རིག་གནས་ཡུལ་སྐོར་ཐོན་ལས་དེ་ལྷ་སའི་དཔལ་འབྱོར་འཕེལ་རྒྱས་ཀྱི་འདེཊ་སྐྱོར་གལ་ཆེན་ཞིག་ཏུ་འགྱུར་བར་བྱེད་དགོས་པའི་བླང་བྱ་བཏོན་གནང་ཡོད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-21 6 6 拉萨日报藏文 c183120.html 1 /enpproperty-->