分享按钮

ཞི་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་ དགོས་ཞེས་ནན་གསུངས་གནང་བ།

(པར་ངོས་དང་པོར་མཐུད)ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེརྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་འབུལ་རྒྱུའི་རེ་བ་ཡོད།

ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བར་དྲན་གསོ་ཞུ་བའི་བཞུགས་མོལ་ཚོགས་འདུ་ཚེས་17ཉིན་པེ་ཅིང་དུ་འཚོགས་ཤིང་། ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་སྒྲོག་སྦྱངས་གནང་བ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཝང་ཧུའུ་ཉིང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་ཐུགས་ཁུར་གནང་ནས་ཧོང་ཕུའུ་དམག་དོན་སློབ་གྲྭ་བཙུགས་ནས་ལོ་100འཁོར་བ་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པ་བཙུགས་ནས་ལོ་40འཁོར་བར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཧོང་ཕུའུ་དམག་དོན་སློབ་གྲྭའི་ལོ་རྒྱུས་ཀྱི་བྱས་རྗེས་དང་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་དགེ་མཚན་ལྡན་པའི་ལེགས་སྐྱེས་ལ་ཁས་ལེན་གང་ལེགས་གནང་བ་དང་། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ངོ་བོ་དང་། དམིགས་ཡུལ། ལས་འགན་བཅས་ལ་གསལ་བཤད་གཏིང་ཟབ་གནང་ནས་རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་རེ་བ་ནན་པོ་བཅོལ་ཏེ། དུས་རབས་གསར་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ལག་ལེན་མཐར་ཕྱིན་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས།

ཝང་ཧུའུ་ཉིང་གིས་གསུངས་དོན། རྒྱལ་ཁབ་ཕྱི་ནང་གི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེར་རྒྱལ་གཅེས་དང་གསར་བརྗེའི་གཟི་བརྗིད་ལྡན་པའི་ལོ་རྒྱུས་དང་སྲོལ་རྒྱུན་བཟང་པོ་ལྡན་པས། མེས་རྒྱལ་གཅིག་གྱུར་དང་མི་རིགས་བསྐྱར་དར་ལ་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གལ་ཆེན་ཞིག་རེད། རྒྱལ་གཅེས་དང་གསར་བརྗེའི་ཧོང་ཕུའུ་ཡི་སྙིང་སྟོབས་རྒྱུན་འཛིན་དར་སྤེལ་བཏང་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་ཐུན་མོང་ཐོག་འབད་བརྩོན་བྱེད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཧུར་ཐག་ཞུགས་ཏེ་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་ཆེན་ལ་ཐུན་མོང་ཐོག་འབད་བརྩོན་བྱེད་དགོས། མེས་རྒྱལ་གཅིག་གྱུར་གྱི་བྱ་གཞག་ཆེན་པོར་བློ་བརྟན་འགྱུར་མེད་ངང་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་ནང་ཧུར་ཐག་ཞུགས་པ། ངོགས་གཉིས་ཀྱི་གཞོན་ནུ་རྣམས་སྤེལ་རེས་བྱེད་ཤུགས་ཆེ་རུ་གཏོང་བར་སྐུལ་འདེད་ཧུར་ཐག་གཏོང་བ་དང་། ཀྲུང་ཧྭའི་རིག་གནས་ཐུན་མོང་ཐོག་རྒྱུན་འཛིན་དར་སྤེལ་བཏང་སྟེ། ངོགས་གཉིས་ཀྱི་སྤུན་ཟླ་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ཀྱི་ཁྲོད་དེ་བས་ཐག་ཉེ་རུ་འགྲོ་བ་དང་། དེ་བས་སྙིང་ཉེ་རུ་ཡོང་བར་བྱས་ཏེ། རྒྱལ་ཁབ་དང་མི་རིགས་ཀྱི་ངོས་འཛིན་གཅིག་མཐུན་ཟམ་མི་ཆད་པར་ཟབ་ཏུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་དགོས། ཐའེ་ཝན་རང་བཙན་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་གཏོགས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ་དང་། ཐའེ་ཝན་མཚོ་འགག་གི་ཞི་བདེ་དང་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་ཁྱིམ་གཞིས་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་། མཆན་འགོད་གལ་ཆེན། རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་བཅས་ལག་བསྟར་གཏིང་ཟབ་བྱས་ཏེ་ཡང་དག་པའི་ཁ་ཕྱོགས་བརྟན་པོར་འཛིན་པ་དང་། ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། ནུས་པ་སྔར་ལས་ཆེ་བ་འདོན་སྤེལ་ཧུར་ཐག་བྱེད་དགོས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྲི་ཐའེ་ཧྥུང་གིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་བ་རེད། རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་དང་། དམངས་གཙོ་གསར་བརྗེའི་ཀྲུང་དབྱང་གི་ཀྲུའུ་ཞི་ཀྲེང་ཅན་པང་གིས་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་མང་ཚོགས་ཚོགས་པའི་ཚབ་ཞུས་ནས་རྟེན་འབྲེལ་གསུང་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཆེ་གཅིག་ལྕོགས་གནང་མཁན་ཝང་ཏུང་ཧྥེང་བཞུགས་མོལ་ཚོགས་འདུར་ཞུགས་ཡོད།

ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་དང་། ཐའེ་དབན་ཧོང་ཕུའུ་སློབ་གྲོགས་ཀྱི་འཐུས་མིས་ཚོགས་འདུའི་ཐོག་གཏམ་བཤད་གནང་བ་རེད།

ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། འབྲེལ་ཡོད་ཚོགས་པའི་འགན་འཁུར་བློ་མཐུན། འབྲེལ་ཡོད་དམངས་གཙོའི་ཏང་ཤོག་གི་ཀྲུང་དབྱང་གི་འགན་འཁུར་བ། མཚོ་འགག་ངོགས་གཉིས་དང་། ཤང་ཀང་དང་། ཨའོ་མོན། ཕྱི་རྒྱལ་གྱི་ཧོང་ཕུའུ་སློབ་གྲོགས་དང་ཁོང་ཚོའི་གཉེན་ཉེའི་འཐུས་མི། ཞིང་ཆེན་རིམ་པའི་ཧོང་ཕུའུ་དམག་དོན་སློབ་གྲྭའི་སློབ་གྲོགས་ཚོགས་པའི་འགན་འཁུར་བ་སོགས་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-19 6 6 拉萨日报藏文 c182825.html 1 ཞི་ཅིན་ཕིང་གིས་བློ་གཅིག་སེམས་གཅིག་གིས་ཀྲུང་གོའི་ཕུགས་འདུན་མཉམ་དུ་མངོན་འགྱུར་བྱ་ཆེད་སེམས་ནུས་གཅིག་ཏུ་བསྒྲིལ་ དགོས་ཞེས་ནན་གསུངས་གནང་བ། /enpproperty-->