(པར་ངོས་དང་པོར་མཐུད)ཁྱད་ཆོས་མངོན་གསལ་དོད་པོས་གཞི་རིམ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་འཚོལ་ཞིབ་ཧུར་ཐག་བྱས་ཏེ་སྤྱི་ཚོགས་བཅོས་སྐྱོང་གི་ལྟེ་གནས་གཞི་རིམ་དུ་སྤོ་རྒྱུར་སྐུལ་འདེད་བཏང་ནས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ནས་ཡུན་རིང་བདེ་ཐང་ཡོང་བར་རྨང་གཞི་བརྟན་པོ་འདིང་དགོས།ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ཚད་ཡོད་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཞུས་ཕུའུ་ཀོང་གིས་ཟླ་6ཚེས་12ཉིན་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་འགྲེམས་སྟོན་ལྟེ་གནས་སུ་ཕེབས་ནས་ལས་དོན་ལ་ཞིབ་བཤེར་དང་མཛུབ་ཁྲིད་གནང་བ་དང་། དེའི་རིང་ཁྲལ་སྲུང་ཟོག་འགྲེམས་དང་། རྒྱལ་སྤྱིའི་ཚོང་དོན། རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་སོགས་ཐོན་ལས་འབྲེལ་ཐག་སྣུར་སྲིང་འཕེལ་རྒྱས་སོགས་ཀྱི་ཕྱོགས་བསྡུས་གནས་ཚུལ་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ལས་ཀའི་གྲུབ་འབྲས་ལ་ཁས་ལེན་གནང་བ་དང་ཆབས་ཅིག་ང་ཚོའི་རྗེས་མའི་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་གཞི་འཛིན་ས་མཁོ་འདོན་གནང་བས་ང་ཚོར་སྐུལ་ལྕག་ཆེན་པོ་ཐེབས་པའི་ཁར་རང་ཉིད་ལ་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་བཤད།
རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ནི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཡིན་པའི་ངོས་ནས་ལྷ་སའི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱིས་སྔར་ནས་ད་བར་ཚད་མཐོའི་མཐོང་ཆེན་དང་ཇུས་འགོད་ཞིབ་ཚགས་བྱེད་ཀྱི་ཡོད། མིག་སྔའི་བར་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་འགྲེམས་སྟོན་ལྟེ་གནས་3བཙུགས་ནས་དྲ་ཐོག་རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་ལས་སྟེགས་དང་དྲ་ཕྱིའི་ཉམས་ལེན་ཞབས་ཞུའི་ཚོང་ཁང་གཞི་གཅིག་ཏུ་འདུས་པའི་གཅིག་འཐུས་རྣམ་པའི་སྟབས་བདེའི་ཉོ་སྒྲུབ་ལས་སྟེགས་བསྐྲུན་ནས་ཐད་གཏོང་ཚོང་གཉེར་དང་འཕྲིན་ཕྲན་ཚོང་ཁང་བརྒྱུད་ཕྱིར་ཚོང་བྱེད་པའི་ལྗོངས་ཡོངས་ཀྱི་ཁྲལ་སྲུང་དངོས་ཟོག་གྲ་སྒྲིག་རྣམ་པའི(རྒྱལ་མཚམས་སྒྲོལ་བའི་གློག་རྡུལ་ཚོང་དོན་གྱི་སིལ་ཚོང་ནང་འདྲེན་ཚོང་ཟོག་གི་ལས་སྒོའི་རྣམ་པ)ཐོག་ནས་ལས་སྒོ་གཉེར་བའི་ནང་འདྲེན་ཚོང་ཟོག་འགྲེམས་སྟོན་ལྟེ་གནས་གཅིག་བུ་དེ་ཡིན་པ་དང་། ཟླ་6པའི་བར་འགྲེམས་སྟོན་ལྟེ་གནས་3གྱི་རིམ་རྩིས་བྱས་ན་ཕྱིར་ཚོང་གྲངས་འབོར་སྒོར་ཁྲི་340ཟིན་པ་དང་། ཕྱིར་ཚོང་གྲངས་འབོར་5000ལྷག་ཙམ་ཟིན་པ། རིམ་རྩིས་ཚོང་དོན་གྲངས་འབོར་སྒོར་ཁྲི་1500ཟིན་ཡོད་པ་རེད།
ཞུས་ཕུའུ་ཀོང་གིས་རྗེས་མར་ང་ཚོས་སྔར་བཞིན་ནུས་ལྡན་དང་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་དང་རྨང་གཞི་བརྟན་དུ་གཏོང་བ་དང་། གཏམ་བཤད་དང་མཛུབ་སྟོན་གྱི་དགོངས་དོན་དང་ཁེ་ལས་འཕེལ་རྒྱས་མཉམ་འདྲེས་དང་གཅིག་ལ་གཅིག་བརྟེན་སྐུལ་འདེད་ཧུར་ཐག་གཏོང་བ། དུས་བབ་གསར་པའི་འོག་གི་གཞུང་དབང་ཁེ་ལས་འཕེལ་རྒྱས་ཀྱི་ཁྱད་ཆོས་རྒྱུན་འཁྱོངས་ལྷོད་མེད་བྱས་ནས་བོད་ཀྱི་ཐོན་རྫས་ཕྱིར་གཏོང་སོགས་ཀྱི་ཐད་འབད་བརྩོན་བྱས་ཏེ་འབྲེལ་ཐག་སྣུར་སྲིང་དང་། འབྲེལ་ཐག་གསབ་པ། འབྲེལ་ཐག་སྟོབས་ལྡན་སོགས་ཀྱི་རྨང་གཞིའི་ལས་དོན་ཁག་ཁ་གསབ་དང་འཐུས་ཚང་དུ་བཏང་སྟེ། ཁེ་ལས་སྐྱོན་བྲལ་དང་བརྟན་ཞིང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཁེ་ལས་ཕུལ་བྱུང་དུ་གཏོང་བ་དང་། ཁེ་ལས་གཞི་རྒྱ་ཆེ་རུ་གཏོང་བ། ཁེ་ལས་སྟོབས་ལྡན་དུ་གཏོང་བ་བཅས་ལ་བརྩོན་ལེན་བྱས་ཏེ་ལྷ་སའི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕུལ་བྱུང་ཁེ་ལས་ཤིག་བརྩན་ལེན་བྱས་ནས་རྒྱལ་དབང་ཁེ་ལས་ཁྱབ་ཁོངས་ཀྱི་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མདོང་ལེན་པ་ཞིག་བྱ་རྒྱུ་ཡིན་ཞེས་བཤད།(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社