ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་13ཉིན།གྲོང་ཁྱེར་ཚན་རྩལ་ཅུས་ཀྱིས་ཚན་རྩལ་ཆེད་མངགས་པའི་གསོ་སྦྱོང་ཚོགས་འདུ་འཚོགས་ཤིང་། ཚོགས་འདུའི་ཐོག་དང་ཐོག་གདན་ཞུའི་བརྡ་ཐོ་སྒྲོག་སྦྱངས་བྱས་པ་དང་འབྲེལ་ཚན་རྩལ་ཆེད་མངཊ་པ་12ལ་གདན་ཞུའི་ཡི་གེ་ཡང་སྤྲད་ཡོད།ཚན་རྩལ་ཆེད་མངགས་པ་12ལས་གནས་ཐོག་དངོས་སུ་བསྐྱོད་པ་དེའང་རང་གྲོང་གིས་ལྗོངས་ཕྱི་ནས་འདེབས་འཛུགས་གསོ་སྤེལ་གྱི་ཤེས་ལྡན་པ་བདམས་པའི་ཁྲོད་ཀྱི་ཚན་རྩལ་ཆེད་མངགས་པ་ཐོག་མ་དེ་ཡིན་པ་རེད།
རྒྱལ་ཡོངས་ཀྱི་ཞིང་ཆེན་9དང་གྲོང་ཁྱེར་དང་རྫོང་12ནས་ཡོང་བའི་འདེབས་གསོའི་རྩལ་ནུས་ཤེས་ལྡན་པ་12རང་གྲོང་གི་རྫོང(ཆུས)5ཡི་ཤང་དང་གྲོང་རྡལ་དང་།གྲོང་ཚོའི་ཚོགས་ཆུང་། ཞིང་ལས་ཚན་རྩལ་གླིང་ཁུལ།ཐོན་ལས་གླིང་ཁུལ། ཞིང་འབྲོག་ལས་ཀྱི་ལག་ལེན་རྟེན་གཞི་བཅས་སུ་བསྐྱོད་ནས་ཚན་རྩལ་ཆེད་མངགས་པའི་འགན་ཁུར་རྒྱུ་ཡིན་ཞིང་། ཤིང་ཏོག་དང་སྔོ་ཚལ་འདེབས་འཛུགས་དང་།ཤ་མོ་འདེབས་འཛུགས། ཀྲུང་ལུགས་སྨན་རྫས་འདེབས་འཛུགས། ཕག་པ་གསོ་སྤེལ། ཤིང་སོན་འདེབས་འཛུགས། སྔོ་གཟན་འདེབས་འཛུགས་སོགས་ཀྱི་ཐད་འཐབ་ས་མདུན་མའི་ལས་རིགས་དང་། ཁེ་ལས། མཉམ་ལས་ཁང་། ཞིང་འབྲོག་མང་ཚོགས་བཅས་ལ་ལག་རྩལ་ཞབས་ཞུ་མཁོ་འདོན་བྱ་རྒྱུ་ཡིན་པ་རེད། ཀན་སུའུ་ནས་ཡོང་བའི་དབྱང་ལིན་གྱིས་སྟོད་ལུང་བདེ་ཆེན་ཆུས་སུ་གུར་ཀུམ་འདེབས་འཛུགས་བྱས་ནས་ལོ་5སོང་ཞིང་།ཉམས་མྱོང་ཕུན་སུམ་ཚོགས་པོ་ཡོད། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་རང་ཉིད་ཚན་རྩལ་ཆེད་མངགས་པར་གདན་ཞུ་བྱས་པར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། སླད་ཕྱིན་ངས་ལས་ཀའི་ནང་ཧུར་ཐག་ཞུགས་ནས་རང་ཉིད་ཀྱི་བོད་ལུགས་དང་ཀྲུང་ལུགས་སྨན་རྫས་འདེབས་འཛུགས་ཐད་ཀྱི་ཆེད་ལས་ལག་རྩལ་གང་ཡོད་བཏོན་ཏེ་མང་ཚོགས་ལ་ཐོན་སྐྱེད་བརྒྱུད་རིམ་ཁྲོད་འཕྲད་པའི་ལག་རྩལ་གྱི་གནད་དོན་ཐག་གཅོད་བྱ་རྒྱུ་ཡིན་ཞེས་བཤད།
གསོ་སྦྱོང་བྱེད་རིང་།གྲོང་ཁྱེར་ཚན་རྩལ་ཅུས་ཀྱི་འབྲེལ་ཡོད་མི་སྣས་ཚན་རྩལ་ཆེད་མངགས་པའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དང་འབྲེལ་ཡོད་སྲིད་ཇུས་སོགས་ཀྱི་ནང་དོན་ལ་དམིགས་ནས་གསོ་སྦྱོང་ནང་ཞུགས་མཁན་གྱི་མི་སྣར་གསོ་སྦྱོང་བྱས་པ་རེད། རང་གྲོང་གིས་ཐོག་མར་གསར་གཏོད་བྱས་པའི་ཤེས་ལྡན་པ་ནང་འདྲེན་གྱི་ལམ་སྲོལ་ཞིག་ཡིན་པའི་ངོས་ནས་སྲིད་གཞུང་དང་སྲིད་འཛིན་གྱིས་རྣམ་གྲངས་བཏོད་པའི་རྣམ་པ་བརྒྱུད།ལྗོངས་ཕྱི་ནས་ལག་རྩལ་ཤེས་ལྡན་པ་བདམས་པའི་ཁྲོད་ནས་ཚན་རྩལ་ཆེད་མངགས་པ་གདན་ཞུ་བྱ་རྒྱུ་དེ་ནི་རང་གྲོང་གིས་ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་གཏོང་བའི་འཐབ་ཇུས་སྐོར་གྱི་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་འཚོལ་ཞིབ་རང་བཞིན་གྱི་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་པ་ཞིག་དང་།ཚན་རྩལ་ཆེད་མངཊ་པའི་སྤྱི་ཡོངས་ཀྱི་ཕན་ནུས་སྔར་བས་འདོན་སྤེལ་བྱས་ཏེ་གྲོང་གསེབ་ཀྱི་ཐོན་སྐྱེད་ནུས་ཤུཊ་གསར་པའི་འཕེལ་རྒྱས་མགྱོཊ་སུ་བཏང་ནས་གྲོང་གསེབ་དར་རྒྱས་གཏོང་རྒྱུར་ཚན་རྩལ་ཤེས་ལྡན་པའི་འདེཊ་སྐྱོར་མཁོ་འདོན་བྱ་རྒྱུ་དེ་ཡིན་པ་རེད།
གྲོང་ཁྱེར་ཚན་རྩལ་ཅུས་ཞིང་ལས་གྲོང་གསེབ་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་བསོད་ནམས་དབང་མོས་ལྷ་ས་གྲོང་ཁྱེར་དུ་ད་ལྟ་ཚན་རྩལ་ཆེད་མངགས་པ་621ཡོད་ཅིང་།རྒྱ་ཆེའི་ཚན་རྩལ་ཆེད་མངགས་པ་རྣམས་ཞིང་འབྲོག་ཐོན་སྐྱེད་ཀྱི་འཐབ་ས་མདུན་མའི་ཐོག་ཕྱུགས་ཟོག་གསོ་སྤེལ་དང་ཞིང་ལས་འདེབས་འཛུགས་སོགས་ལ་དམིགས་ནས་ཞིང་འབྲོག་མང་ཚོགས་དང་། ཞིང་ལས་ཚན་རྩལ་གླིང་ཁུལ། ཐོན་ལས་གླིང་སོགས་ལ་ཕྱོགས་ཡོངས་ཀྱི་ལག་རྩལ་ཞབས་ཞུ་མཁོ་འདོན་བྱས་ཏེ་ཞིང་འབྲོག་ལས་ཀྱི་སྣ་ཁ་གསར་པ་དང་། ལག་རྩལ་གསར་པ། ཐོན་རྫས་གསར་པ་བཅས་ཁྱབ་གདལ་དུ་བཏང་ཡོད་པ་དང་།ཚན་རྩལ་གྲུབ་འབྲས་གཞན་སྒྱུར་དང་། ཚོད་ལྟ་དཔེ་སྟོན། ལག་རྩལ་མཛུབ་སྟོན། ཚན་རིག་ཁྱབ་གདལ་བཅས་ཀྱི་སྲིད་ཇུས་དྲིལ་བསྒྲགས་གནད་ལ་འཁེལ་བའི་སྒོ་ནས་སྤེལ་བཞིན་ཡོད། ཚན་རྩལ་ཆེད་མངཊ་པའི་ཞབས་ཞུ་བརྒྱུད།ཞིང་འབྲོག་པའི་ཚན་རིག་རིག་གནས་ཀྱི་བྱང་ཚད་མཐོ་རུ་ཕྱིན་པ་དང་། ཞིང་འབྲོག་ཁུལ་གྱི་ཚན་རིག་ལག་རྩལ་ཁྱབ་གདལ་ལ་སྐུལ་འདེད་ཐུབ་པ།ཞིང་འབྲོག་ཐོན་ལས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུར་སྐུལ་འདེད་བཅས་ཐུབ་ཡོད་པས་རང་གྲོང་གིས་ཞིང་འབྲོག་ལས་ཀྱི་ཐོན་སྐྱེད་ནུས་ཤུཊ་གསར་པ་མགྱོགས་མྱུར་སྐྱེད་སྲིང་བྱེད་པར་ཚན་རྩལ་གྱི་འདེཊ་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད་ཅེས་བཤད།
(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社