分享按钮

རབ་གསལ་སྡེ་ཁུལ་གྱིས་ཐོན་སྐྱེད་བདེ་འཇགས་ཤེས་བྱའི་འཆད་ཁྲིད་བྱས་པ།

སྡེ་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། སྡེ་ཁུལ་གྱི་གྲོང་མིའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་གནོད་འཚེ་སྔོན་འགོག་གི་ནུས་པ་ཆེ་རུ་གཏོང་ཆེད། ཟླ་6ཚེས་11ཉིན་གྱི་སྔ་དྲོ། རབ་གསལ་སྡེ་ཁུལ་གྱི་ལས་དོན་རུ་ཁག་གིས་སྡེ་ཁུལ་དང་མཉམ་འབྲེལ་བྱས་ཏེ་གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་དེ་བཞིན་ཁྲེང་ཀོན་ཆུས་མེ་ཟོན་སྡེ་ཚན་གདན་དྲངས་ནས་མི་ཚང་མས་བདེ་འཇགས་ལ་སྣང་ཆེན་བྱེད་པ་དང་མི་ཚང་མས་འཕྲལ་སྡོམ་ཤེས་པ། ཚེ་སྲོག་གི་བགྲོད་ལམ་གཏོད་པ་ཞེས་པ་གཙོ་དོན་དུ་བྱས་པའི་ཐོན་སྐྱེད་བདེ་འཇགས་ཀྱི་ཤེས་བྱ་འཆད་ཁྲིད་བྱས་པ་རེད། ཐེངས་འདིའི་བྱེད་སྒོའི་ནང་དུད་སྦྲེལ་གྱི་འཐུས་མི་དང་དེ་བཞིན་གསོལ་མགྲོན་ཁང་ཁག་གི་བཟའ་བཏུང་ལས་རིགས་ཀྱི་འགན་འཁུར་བ་ཞུགས་ཡོད་པ་རེད།

འཆད་ཁྲིད་ཁྲོད། གྲོང་ཁྱེར་འཕྲལ་སྡོམ་དོ་དམ་ཅུས་དང་ཁྲེང་ཀོན་ཆུས་མེ་ཟོན་སྡེ་ཚན་གྱི་ཆེད་ལས་མི་སྣས་གཙོ་དོན་ལ་དམིགས་ནས་ནང་དོན་ཟབ་ལ་གོ་བདེ་ཞིང་ཤེས་སླ་བའི་སྒོ་ནས་ཤེས་བྱ་ཁྱབ་གདལ་དུ་བཏང་བ་རེད། ཁོང་ཚོས་རྒྱུན་གཏན་གྱི་འཚོ་བ་དང་དེ་བཞིན་ལས་ཀའི་ཁྲོད་གློག་དང་།སོལ་རླངས། མེ་བཅས་སྤྱོད་པའི་བདེ་འཇགས་ཤེས་བྱ་དང་དེ་བཞིན་གནོད་འཚེ་འཕྲད་སྐབས་སྲོག་ཉེན་ལས་ཐར་བའི་རྩལ་ནུས་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་དང་ཐོན་སྐྱེད་བདེ་འཇགས་དེ་གྲོང་མིའི་འཚོ་བའི་ངོས་ནས་བརྗོད་ན་གལ་ཆེན་ཡིན་པ་ནན་བཤད་བྱས་པ་རེད།

གཞན་ཡང་། ད་དུང་གྲོང་མིར་དུས་བཀག་ལྟར་མེ་ཟོན་སྒྲིག་ཆས་དང། གློག་སྐུད་སོགས་ལ་ཞིབ་བཤེར་བྱས་ནས་འཚོ་བའི་བདེ་འཇགས་འགན་ལེན་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་སྦྲགས། ཚང་མས་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་ནས་རྐྱེན་ངན་མ་བྱུང་གོང་ནས་སྔོན་འགོག་བྱས་ཏེ་ཐུན་མོང་ཐོག་སྡེ་ཁུལ་གྱི་བདེ་འཇགས་བརྟན་ལྷིང་ཐད་སྲུང་སྐྱོང་བྱེད་དགོས་པའི་འབོད་སྐུལ་ཡང་བྱས་པ་རེད།

ངོ་སྤྲོད་བྱས་པར་གཞིགས་ན། ཐེངས་འདིའི་འཆད་ཁྲིད་ནི་ཐོན་སྐྱེད་བདེ་འཇགས་ཀྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་འགོ་ཚུགས་པ་ཙམ་རེད། ཕྱིས་སུ། སྡེ་ཁུལ་གྱིས་དྲིལ་བསྒྲགས་གློག་བརྙན་དང་སྤྱི་ཕན་བརྡ་ཁྱབ་གཏོང་བ་དང་དུད་ཚང་དུ་བསྐྱོད་དེ་དྲིལ་བསྒྲགས་བྱེད་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་ཐོན་སྐྱེད་བདེ་འཇགས་ཀྱི་ཤེས་བྱ་ཁྱབ་གདལ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཁོངས་གཏོགས་ཁུལ་གྱི་གྲོང་མི་མང་ཚོགས་ཀྱི་བདེ་འཇགས་དོགས་ཟོན་གྱི་འདུ་ཤེས་ཟབ་ཏུ་ཧུར་ཐག་བཏང་སྟེ་སྡེ་ཁུལ་གྱི་མེ་ཟོན་བདེ་འཇགས་ཀྱི་དུས་བབ་བརྟན་ལྷིང་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན་པ་རེད།

(ཕུར་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 རབ་གསལ་སྡེ་ཁུལ་གྱིས་ཐོན་སྐྱེད་བདེ་འཇགས་ཤེས་བྱའི་འཆད་ཁྲིད་བྱས་པ། 6 6 拉萨日报藏文 c182846.html 1 སྡེ་ཁུལ་གྱི་བདེ་འཇགས་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ། /enpproperty-->