分享按钮

(པར་ངོས་དང་པོར་མཐུད)འགྲེམས་སྟོན་དངོས་རྫས་ཀྱིས་བལ་ཡུལ་གྱི་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་ནང་དོན་དང་ཕུལ་དུ་བྱུང་བའི་ལག་ཤེས་བཟོ་རྩལ་མངོན་པས་རང་གྲོང་གི་མང་ཚོགས་ཀྱི་དགའ་བསུ་ཆེན་པོ་ཐོབ་ཡོད་པ་རེད།

ད་ཐེངས་ཀྱི་འགྲེམས་ཚོགས་དེ་ལྗོངས་དང་གྲོང་ཁྱེར་ཚོང་དོན་སྡེ་ཚན་གྱིས་སྣེ་ཁྲིད་བྱས་པ་དང་བོད་ལྗོངས་གཡུ་ཐོག་ཚོང་དོན་ཚད་ཡོད་ཀུང་སིས་སྒྲུབ་འགན་ཁུར་བ་ཞིག་རེད། ཟླ་6ཚེས་11ཉིན་གསར་འགོད་པས་དགའ་སྐྱིད་གླིང་ཐང་ཆེན་གྱི་ཐོག་སོ་དང་པོའི་འགྲེམས་ཚོགས་ཐོག་བལ་ཡུལ་གྱི་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་འགྲེམས་སྟོན་བྱས་ཡོད་པ་མཐོང་བྱུང་། སྤུས་ལེགས་ཀྱི་ལྕགས་རིགས་བཟོ་རྩལ་ཐོན་རྫས་དང་། སྲོལ་རྒྱུན་གྱི་ཐང་ག ཚོན་མདངས་རྣམ་པར་བཀྲ་བའི་བལ་གྱི་ཐོན་རྫས། སྤུས་ལེགས་ཀྱི་ཤིང་བརྐོས་སྒྱུ་རྩལ་ཐོན་རྫས་བཅས་ལག་ཤེས་བཟོ་རྩལ་ཐོན་རྫས་ཚང་མར་གྲོང་མི་ཚོས་དགའ་པོ་བྱེད་ཀྱི་ཡོད། ལྷ་སའི་བལ་ཡུལ་ཁྱད་ལྡན་ལག་ཤེས་བཟོ་རྩལ་ཐོན་རྫས་ཉོ་འཚོང་འགྲེམས་ཚོགས་ཀྱི་འགན་འཁུར་བ་མཁའ་འགྲོ་ཡིས་ད་ཐེངས་ཀྱི་འགྲེམས་ཚོགས་ལ་ང་ཚོས་ཟླ་བ་ཁ་ཤས་གྲ་སྒྲིག་བྱས་ནས་ཟླ་6ཚེས་19ཉིན་བར་རྒྱུན་མཐུད་བྱ་རྒྱུ་ཡིན་པ་དང་འགྲེམས་དངོས་རིགས་50ལྷག་ཙམ་ཡོད་ཅིང་། འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་53ཙམ་ཡོད་ཅེས་བཤད།

ད་ཐེངས་ཀྱི་འགྲེམས་ཚོགས་ནང་ཞུགས་མཁན་ཚོང་པ་53ཁྲོད་བལ་ཡུལ་གྱི་ཚོང་པ་44དང་འབྲུག་ཡུལ་གྱི་ཚོང་པ་9ཡོད་པ་དང་། ཕྱིར་འཚོང་བྱས་པའི་ཐོན་རྫས་ཚང་མ་གཙོ་གཉེར་ཕྱོགས་ཀྱིས་གདམ་གསེས་ཞིབ་ཚགས་བྱས་པ་ཞིག་ཡིན་པས་སྤུས་ཀ་ལེགས་ཤིང་གོང་ཚད་ཀྱང་ཁེ་པོ་ཡོད། འགྲེམས་སྟོན་ཁུལ་ཁག་ཏུ་ཚོང་དུད་ཀྱིས་སྐུ་མགྲོན་ལ་སྤྲོ་སེམས་འཁོལ་བའི་ངང་སྣེ་ལེན་ཞུས་ནས་ཁོང་ཚོར་བལ་ཡུལ་གྱི་ལག་ཤེས་ཤིང་ཕོར་དང་། ཐང་ག དངུལ་ཆས། རྒྱན་ཆ་སོཊ་ས་ཁོངས་ཀྱི་ཁྱད་ཆོས་ལྡན་པའི་ལག་ཤེས་བཟོ་རྩལ་ཐོན་རྫས་སྣ་ཚོགས་འགྲེལ་བཤད་རྒྱག་གི་ཡོད། བལ་ཡུལ་གྱི་འགྲེམས་ཚོཊ་ནང་ཞུཊ་མཁན་ཚོང་པ་པ་ཆུང་གིས་ང་ཚོས་ཕྱིར་འཚོང་བྱེད་པའི་ཅ་ལག་ནི་ལག་བཟོས་ཀྱི་བལ་ཡུལ་ཚོང་ཟོག་ངོ་མ་ཤ་སྟག་ཡིན། བལ་གྱི་ཀམ་པ་ལི་དང་ལག་བཟོས་ཤིང་ཕོར་སོཊ་ཡོད། ངས་འཚོང་བཞིན་པའི་ཅ་ལག་ནི་ལག་བཟོས་བལ་གྱི་ཀམ་པ་ལི་ཡིན་ཞིང་། རིགས་150ལྷག་ཙམ་ཡོད་པ་དང་བྲིན་ཁ་རྒྱུག་པོ་འདུག་ཅེས་བཤད།

(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-14 6 6 拉萨日报藏文 c182835.html 1 /enpproperty-->