(པར་ངོས་དང་པོར་མཐུད)ས་གནས་གཉིས་ཀྱི་འགག་སྒོ་ལས་ཁུངས་ཀྱིས་ལས་སྒོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་སྔོན་ཐོན་གྱི་ཉམས་མྱོང་དང་ལྟ་སྐུལ་དོ་དམ་བྱེད་ཐབས་ལ་སློབ་སྦྱོང་དང་དཔྱད་གཞིར་འཛིན་པ། འགག་སྒོ་སྒྲོལ་བའི་སྟབས་བདེ་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བ། པེ་ཅིང་དང་བོད་ལྗོངས་ས་གནས་གཉིས་ཀྱི་འགག་སྒོ་ལས་ཁུངས་ཀྱི་བློ་གྲོས་སྟོབས་ཤུགས་དེ་ཞབས་ཞུའི་ལྟེ་གནས་ཀྱི་ཁྱོན་ཡོངས་ལ་ཁྱབ་ནས་ས་གནས་འཕེལ་རྒྱས་ལ་རོགས་རམ་བཅས་བྱས་ཏེ་ལྷ་སའི་འགག་སྒོ་ལས་ཁུངས་ཀྱི་མཐོ་ས་གསུམ་འཛུགས་སྐྲུན་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱི་ཆེས་བཞིའི་འགག་སྒོ་གཏོད་རྒྱུར་སྤུས་ཚད་མཐོ་བའི་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་ཕྱོགས་གཉིས་པོས་ད་དུང་ཏང་འཛུགས་སྐྱོང་དང་མཉམ་སྐྲུན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་རོགས་རེས་བྱེད་ཤུགས་ཆེ་རུ་གཏོང་བ། ཤེས་ལྡན་མི་སྣའི་སྤེལ་རེས་མཉམ་ལས་ལམ་སྲོལ་བཙུགས་ནས་ལས་བྱེད་པའི་དཔུང་ཁག་གི་ཕྱོགས་བསྡུས་བྱང་ཚད་དང་ནུས་པའི་ཆུ་ཚད་མཐོ་རུ་གཏོང་རྒྱུ་བཅས་རེད།
ལྷ་སའི་འགག་སྒོའི་ཀོན་ཀྲང་ཝང་ཧུང་ཧན་གྱིས་པེ་ཅིང་འགག་སྒོས་གནད་ལ་འཁེལ་བའི་སྒོ་ནས་རྒྱལ་སའི་འགག་སྒོའི་ངེས་གནས་ཁོང་དུ་ཆུད་པ་དང་།ལས་ཀའི་གནས་རིམ་དང་པོ་དང་། འཚམ་ཚད། བློ་ཡིད་ཚིམ་ཚད་བཅས་ཀྱི་ཐད་ང་ཚོས་སློབ་སྦྱོང་གཏིང་ཟབ་བྱེད་འོས་པ་ཞིག་རེད།ལྷ་ས་འགག་སྒོ་དང་པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་མཉམ་དུ་བློ་གྲོས་ཀྱི་འགག་སྒོ་འཛུགས་སྐྱོང་དང་།བློ་གྲོས་འགག་སྒོ་དང་སྟོབས་ལྡན་རྒྱལ་ཁབ་ཀྱི་བྱ་སྤྱོད་ཀྱི་རྣམ་པ་གསར་པའི་ལག་ལེན་ཁྲོད་རྗེས་སུ་འབྲངས་བ་དང་རྗེས་ཟིན་ཐུབ་པ་མཐའ་འཁྱོངས་དང་།ཆབ་སྲིད་འཛུག་དང་།རྒྱལ་ཁབ་ཀྱི་སྒོ་སྲུང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགན་འཁྲི་དང་ལས་འགན་སྒྲུབ་པའི་འགག་སྒོའི་བྱ་སྤྱོད་ཁྲོད་ལག་གདང་སྦྲེལ་ནས་དགེ་མཚན་ལྡན་པའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
པེ་ཅིང་འགག་སྒོའི་ཀོན་ཀྲང་ཀྲང་ཀེ་ཕིང་གིས་མཉམ་ལས་དྲན་ཐོར་མིང་རྟགས་བཀོད་པ་ནི་པེ་ཅིང་འགག་སྒོ་དང་ལྷ་སའི་འགག་སྒོའི་དབར་མཉམ་ལས་གཏིང་ཟབ་ཏུ་གཏོང་བའི་འགོ་འཛུགས་ས་གསར་པ་ཞིག་ཡིན་ལ་པེ་ཅིང་དང་བོད་ལྗོངས་གཉིས་ཀ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དོ་ཁུར་བྱ་ཡུལ་ཞིག་ཡིན།སྤྱི་ཁྱབ་ཧྲུའུ་ཅིས་བཀའ་རྒྱ་གནང་མ་ཐག་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གནང་རྒྱུ་དང་།འགག་སྒོས་བྱ་སྤྱོད་སྤེལ་རྒྱུ་ཡིན་ལ།པེ་ཅིང་འགག་སྒོ་ལས་ཁུངས་ཀྱིས་ལྷ་སའི་འགག་སྒོ་ལས་ཁུངས་དང་མཉམ་དུ་ལམ་སྲོལ་ལེགས་པར་བཙུགས་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ་དང་།མཉམ་དུ་ཤུགས་སྣོན་བརྒྱབ་ནས་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། ཕན་འབྲས་དངོས་དོན་འཁྱོལ་ལ་སྣང་ཆེན་བྱེད་པ་བཅས་བྱས་ཏེ་བློ་གྲོས་འགག་སྒོ་འཛུགས་སྐྱོང་དང་།བློ་གྲོས་འགག་སྒོ་དང་སྟོབས་ལྡན་རྒྱལ་ཁབ་ཀྱི་བྱ་སྤྱོད་ལ་སྐུལ་འདེད་བཏང་ནས་འགག་སྒོ་གཉིས་ཀྱི་མཉམ་ལས་གྲུབ་འབྲས་དེ་རྒྱལ་ཁབ་སྲུང་སྐྱོང་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཕན་འབྲས་དངོས་སུ་བསྒྱུར་བར་བྱས་ཏེ་ཏང་བློ་བདེ་བ་དང་མི་དམངས་བློ་ཡིད་ཚིམ་པའི་རྒྱལ་ཁབ་ཀྱི་སྲུང་སྐྱོང་པ་ཞིག་ཏུ་འགྱུར་རྒྱུ་ཡིན་ཞེས་བཤད་པ་རེད།
(ནོར་བུ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社