分享按钮

ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་པ།

(པར་ངོས་དང་པོར་མཐུད)ཆ་རྐྱེན་ཚང་བའི་དམངས་གཉེར་ཁེ་ལས་ཀྱིས་དེང་རབས་ཁེ་ལས་ཀྱི་ལམ་ལུགས་འཛུཊ་པར་བསྔགས་སྐུལ་དང་། ཁྲིམས་མིའི་བཅོས་སྐྱོང་གྲུབ་ཚུལ་འཐུས་ཚང་དུ་གཏོང་བ། མ་རྐང་འཇོག་མཁན་གྱི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ། ནང་ཁུལ་གྱི་ལྟ་སྐུལ་ཤུགས་ཆེ་རུ་གཏོང་བ། ཉེན་ཁ་སྔོན་འགོག་གི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ནས་ནང་ཁུལ་གྱི་དོ་དམ་ཆུ་ཚད་མཐོ་རུ་གཏོང་དགོས།

ཚོགས་འདུའི་ཐོག་ནན་གསུངས་གནང་དོན། འབྲུ་རིགས་འདེབས་མཁན་གྱི་ཞིང་པའི་ཡོང་འབབ་ཀྱི་འགན་ལེན་ལམ་སྲོལ་དང་འབྲུ་རིགས་ཐོན་ཁུལ་གཙོ་བོའི་ཁེ་ཕན་ཁ་གསབ་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས་ན། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་ཤུགས་ཆེ་རུ་གཏོང་རྒྱུ་དེ་སྔར་བས་མངོན་གསལ་དོད་པའི་གནས་སུ་འཇོག་དགོས་པ་དང་། རིན་གོང་དང་། ཁ་གསབ། འགན་བཅོལ་སོགས་སྲིད་ཇུས་མ་ལག་འཐུས་ཚང་དུ་གཏོང་དགོས། འབྲུ་རིགས་གཉེར་སྐྱོང་གི་ཕན་འབྲས་ཐོན་སྟངས་གསར་གཏོད་བྱེད་པ་དང་། འབྲུ་རིགས་ཐོན་ཁུལ་གཙོ་བོར་བྱ་དགའ་སྤྲོད་པ་དང་། ཁ་གསབ་བྱེད་པ། སྐུལ་ལྕག་བྱེད་པ་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་དགོས། ཐོན་སྐྱེད་ཁུལ་དང་ཕྱིར་ཚོང་ཁུལ་ལ་ཐབས་ལམ་མང་པོའི་ཁེ་ཕན་ཁ་གསབ་བྱེད་ཐབས་འཚོལ་ཞིབ་བྱེད་དགོས། འབྲུ་རིགས་ཐོན་སྐྱེད་ལ་རྒྱབ་སྐྱོར་དང་སྲུང་སྐྱོང་བྱེད་པའི་མ་ལག་འཐུས་ཚང་དུ་གཏོང་དགོས། ཞིང་ཆེན་དབར་འཕྲེད་ཕྱོགས་ཀྱི་ཁེ་ཕན་ཁ་གསབ་ལམ་སྲོལ་འཛུགས་པའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་སྤོས་ནས་འབྲུ་རིགས་ཐོན་ཁུལ་གཙོ་བོ་དང་། ཕྱིར་ཚོང་ཁུལ་གཙོ་བོ། ཐོན་སྐྱེད་དང་ཕྱིར་ཚོང་དོ་སྙོམས་ཁུལ་བཅས་ཀྱིས་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པའི་ཐུན་མོང་གི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། ཞིང་དུད་ཆུང་གྲས་དང་ཞིང་ལས་གཉེར་སྐྱོང་བྱེད་པོ་གསར་པར་གཅིག་གྱུར་ཐོག་རྒྱབ་སྐྱོར་བྱེད་པ་དང་། སྲིད་ཇུས་ཀྱི་རོགས་སྐྱོར་དང་། ཞབས་ཞུའི་ཁྲིད་སྟོན། ཁེ་ཕན་འབྲེལ་མཐུད་བཅས་ལ་ཤུགས་སྣོན་བརྒྱབ་སྟེ། ཞིང་དུད་ཆུང་གྲས་དང་དེང་རབས་ཞིང་ལས་འཕེལ་རྒྱས་འབྲེལ་མཐུད་དམ་ཚགས་ཡོང་བར་སྐུལ་འདེད་གཏོང་དགོས།

ཚོགས་འདུའི་ཐོག་བསྟན་དོན། གོ་ལ་ཧྲིལ་པོའི་འགྲན་རྩོད་ནུས་པ་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་སྒོ་དབྱེའི་ཁོར་ཡུག་ཅིག་བསྐྲུན་དགོས་ན། ཕྱིར་བསྐྱོད་པ་དང་ནང་དུ་འདྲེན་པ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། རྒྱལ་སྤྱིའི་ཚན་རྩལ་སྤེལ་རེས་མཉམ་ལས་རྒྱ་ཆེར་གཏོང་བ་དང་། མཉམ་ལས་གཉིས་ཁེའི་རོགས་ཟླའི་འབྲེལ་བ་ཧུར་ཐག་འཛུགས་པ། སྔོན་ཚུད་ནས་རྒྱང་ལྟ་བྱ་རྒྱུ་ཇུས་འགོད་དང་གོ་ལ་ཧྲིལ་པོའི་ཚན་རྩལ་བཅོས་སྐྱོང་ནང་གཏིང་ཟབ་ཞུགས་དགོས། རྒྱལ་སྤྱི་ཅན་དུ་འགྱུར་བའི་ཚན་རིག་ཞིབ་འཇུག་གི་ཁོར་ཡུག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་ཚན་ཞིབ་པའི་དོན་དངོས་ཀྱི་དོ་ཁུར་ལ་དམིགས་ཏེ། མངོན་གསལ་དོད་པའི་གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཏེ་ཤེས་ལྡན་པ་ནང་འདྲེན་དང་། ཉར་ཐུབ་པ། བེད་སྤྱོད་ཡག་པོ་བཅས་ཡོང་བར་འགན་ལེན་ཏན་ཏིག་བྱེད་དགོས། ཚན་རྩལ་བདེ་འཇགས་ལམ་ལུགས་དང་ཉེན་ཁ་སྔོན་འགོག་གི་ལམ་སྲོལ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས། སྒོ་དབྱེའི་ཁོར་ཡུག་ཁྲོད་བདེ་འཇགས་ཀྱི་མཚམས་ཐིག་བརྟན་པོར་འཛུགས་དགོས།

ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཚོགས་འདུར་ཞུགས་པ་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་བ་རེད།

(པདྨ་རྒྱལ་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-13 6 6 拉萨日报藏文 c182481.html 1 ཞི་ཅིན་ཕིང་གིས་ཀྲུང་དབྱང་ཁྱོན་ཡོངས་སྒྱུར་བཅོས་ཟབ་སྤེལ་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ལྔ་པ་གཙོ་སྐྱོང་གནང་ནས་འཚོགས་པ། /enpproperty-->