分享按钮

རང་གྲོང་གིས་ཕྱོཊ་མང་མཉམ་འགུལ་བྱས་ཏེ་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱས་པ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། རང་གྲོང་གིས་ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་གི་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བ་དང་། ཡུལ་སྐོར་ཁྲོམ་རའི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཁྲིམས་ལྟར་རྡུང་རྡེག་ནན་པོ་གཏོང་བ། ཡུལ་ཁོངས་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པ། རྒྱལ་སྤྱིའི་ཡུལ་སྐོར་བྱ་ཡུལ་གྲོང་ཁྱེར་འཛུགས་སྐྲུན་བྱེད་པ་བཅས་ཀྱི་ཐད་རྨང་གཞི་ཡག་པོ་ཞིག་འདིང་ཆེད། ཟླ་6ཚེས་9ཉིན། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་སྣེ་ཁྲིད་དེ་གྲོང་ཁྱེར་ཐད་གཏོགས་ཚན་པ་མང་པོ་དང་མཉམ་འབྲེལ་བྱས་ནས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱས་ཏེ་ཡུལ་སྐོར་བར་བློ་ཡིད་ཚིམས་པའི་ཡུལ་སྐོར་གྱི་ཁོར་ཡུག་ཡག་པོ་ཞིག་བསྐྲུན་ནས་ལྷ་སའི་ཡུལ་སྐོར་གྲོང་ཁྱེར་གྱི་རྣམ་པ་རྒྱུན་ཆད་མེད་པར་ལེགས་སུ་བཏང་བ་རེད།

སྔ་དྲོའི་ཆུ་ཚོད་10པར་གཡུ་ཐོག་ལམ་གྱི་ཇོ་རིའི་ཝེ་ཡེ་ཚོང་རའི་སྒོ་འགྲམ་དུ་གྲོང་ཁྱེར་སྤྱི་བདེ་ཅུས་དང་། གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། གྲོང་ཁྱེར་རིག་གནས་ཅུས། གྲོང་ཁྱེར་དམངས་སྲིད་ཅུས། ལྷ་སའི་གྲོང་ཁྱེར་དོ་དམ་ཅུས། བར་སྐོར་ཁྲོམ་གཞུང་དོན་གཅོད་ཁྲུའུ། གྲོང་ཤར་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་སོགས་ཀྱི་ལས་དོན་མི་སྣས་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱ་རྒྱུར་གྲ་སྒྲིག་གང་ལེཊ་བྱས་ཡོད། སྣེ་ཁྲིད་ཚན་པ་ཡིན་པའི་གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱིས་ཞིབ་བཤེར་མི་སྣ་ཁག་ལ་ད་ཐེངས་ཀྱི་ཞིབ་བཤེར་ལས་དོན་གྱི་གལ་ཆེའི་རང་བཞིན་དང་དོ་སྣང་བྱེད་དགོས་པའི་དོན་ཚན་གསལ་བཤད་ཞིབ་ཕྲ་བྱས་པ་རེད། དེ་རྗེས་མི་སྣ་ཡོངས་ཚོགས་ཆུང་5ལ་དབྱེ་ནས་ཁྲོམ་གཞུང་ལས་དོན་མི་སྣའི་སྣེ་ཁྲིད་འོག་བར་སྐོར་ཁྲོམ་གཞུང་གཙོ་བོར་བཟུང་ནས་ཤ་གསར་ཟུར་སྲང་ལམ་དང་། བསྟན་རྒྱས་གླིང་། ཁྲོམ་གཟིགས་སྒང་སོཊ་སུ་བསྐྱོད་དེ་གནའ་གྲོང་གི་མཐའ་འཁོར་དུ་རྗེས་སུ་འབྲངས་ནས་བསྐོར་འཚོང་བྱེད་པ། བཙན་ཉོ་བཙན་འཚོང་བྱེད་པ། ཡུལ་སྐོར་པར་ལེན་ཚོང་ཁང་གིས་སྐུ་མགྲོན་འཕྲོག་རེས་བྱེད་པ་སོཊ་ཀྱི་ཟང་ཟིང་གི་རྣམ་པ་བཅོས་སྒྲིག་བྱས་པ་རེད།

བར་སྐོར་ཁྲོམ་གཞུང་དུ་སླེབས་དུས་ས་ཕྱོཊ་གང་སར་ཡུལ་སྐོར་པར་ལེན་ཚོང་ཁང་ཆེ་ཆུང་མང་པོ་མཐོང་རྒྱུ་ཡོད། ལྷ་སའི་ཡུལ་སྐོར་ལས་རིཊ་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་ཡུལ་སྐོར་པར་ལེན་ཁྲོམ་ར་མུ་མཐུད་ཇེ་རྒྱས་སུ་སོང་ཞིང་། བར་སྐོར་ཁྲོམ་གཞུང་གི་ཁོངས་གཏོགས་ཁུལ་དུ་ན་ནིང་ཡུལ་སྐོར་པར་ལེན་ཚོང་ཁང་157ཡོད་པ་ནས་ད་ལྟ་ཚོང་ཁང་217བར་མང་དུ་ཕྱིན་ཡོད་པ་རེད། ཡུལ་སྐོར་པར་ལེན་ལས་རིཊ་ཀྱི་གཉེར་སྐྱོང་བྱེད་སྤྱོད་སྔར་བས་ཚད་ལྡན་དུ་གཏོང་ཆེད།

ཐེངས་འདིའི་ཞིབ་བཤེར་བྱེད་རིང་། ཁྲིམས་འཛིན་མི་སྣས་ཚོང་ཁང་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར་དང་སྤེལ་མའི་རིན་གོང་རེའུ་མིག་ཚད་ལྡན་ཡིན་མིན་སོཊ་གཙོ་བོར་བཟུང་ནས་ཞིབ་བཤེར་བྱས་པ་དང་འབྲེལ་ཚོང་གཉེར་ཁྱབ་ཁོངས་ལས་བརྒལ་བའི་གཉེར་སྐྱོང་བྱེད་པ་དང་། བཙན་ཉོ་བཙན་འཚོང་བྱེད་པ། རྗེས་སུ་འབྲངས་ནས་བསྐོར་འཚོང་བྱེད་པ། སྐུ་མགྲོན་འཕྲོག་རེས་བྱེད་པ་སོགས་ཀྱི་གནས་ཚུལ་གཏན་འགོག་བྱེད་དགོས་པའི་ཁ་ཏ་ཡང་བྱས་པ་རེད། དེ་དང་ཆབས་ཅིག་གཉེར་སྐྱོང་བརྒྱུད་རིམ་ནང་དངོས་མཚོན་པར་ལེན་གྱི་རིན་གོང་རེའུ་མིག་མངོན་གསལ་དོད་པའི་གནས་སུ་ཡོངས་བསྒྲཊ་བྱེད་དགོས་པ།ཕྱི་རོལ་དུ་པར་ལེན་བྱེད་རིང་གཏམ་སྤྱོད་ལ་དོ་སྣང་བྱེད་དགོས་པ།

གད་སྙིགས་གང་བྱུང་དུ་མི་གཡུགས་པ་བཅས་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་པ་རེད།

གྲོང་ཁྱེར་ཡུལ་སྐོར་ཁྲོམ་རའི་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་ཁྲིམས་འཛིན་ལྟ་སྐུལ་ཁོའོ་ཡི་ཁོའོ་ཀྲང་སྤེན་པ་བཀྲ་ཤིས་ཀྱིས་ང་ཚོས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་ཡུལ་སྐོར་ཁྲོམ་རར་སྐུ་མགྲོན་འཕྲོག་རེས་བྱེད་པ་དང་། རྗེས་སུ་འབྲངས་ནས་བསྐོར་འཚོང་བྱེད་པ། ཁྱབ་ཁོངས་ལས་བརྒལ་ནས་གཉེར་སྐྱོང་བྱེད་པ་བཅས་ལ་དམིགས་ནས་མཉམ་འབྲེལ་ཞིབ་བཤེར་བྱས་པ་ཡིན། ཕྱིས་འབྱུང་།ང་ཚོས་ཡུལ་སྐོར་ཉེན་རྟོག་རུ་ཆེན་བཙུགས་པ་གོ་སྐབས་སུ་བཟུང་ནས་མཉམ་འབྲེལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་སྟེ་ཡུལ་སྐོར་ཁྲོམ་ར་མུ་མཐུད་བཅོས་སྒྲིག་དང་། ཡུལ་སྐོར་ཁྲོམ་ར་ཚད་ལྡན་དུ་གཏོང་བ། ཡུལ་སྐོར་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ། ཡུལ་སྐོར་བ་དགའ་པོ་དང་བློ་ཡིད་ཚིམ་པ་ཡོང་བ་བཅས་ཀྱི་ཐད་འབད་བརྩོན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་བཤད།

གྲོང་ཁྱེར་སྤྱི་བདེ་ཅུས་ཡུལ་སྐོར་ཉེན་རྟོག་རུ་ཆེན་གྱི་འགན་འཁུར་བ་སྐལ་བཟང་རྡོ་རྗེས་ཐེངས་འདིའི་བཅོས་སྒྲིག་བྱ་སྤྱོད་གྱི་དམིགས་ཡུལ་ནི་རང་གྲོང་གི་ཡུལ་སྐོར་ཁྲོམ་རའི་གཉེར་སྐྱོང་གི་གོ་རིམ་སྔར་བས་ཚད་ལྡན་དུ་བཏང་ནས་རྒྱ་ཆེའི་ཡུལ་སྐོར་བ་དང་།དེ་བཞིན་གྲོང་མིར་ཡུལ་སྐོར་ཁྲོམ་རའི་ཁོར་ཡུག་ཡག་པོ་ཞིག་མཁོ་འདོན་བྱ་རྒྱུའི་ཆེད་དུ་ཡིན་ཞེས་བཤད།

ཡུལ་སྐོར་ཞབས་ཞུའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་ཆེད། (པར་ངོས་གསུམ་པར་གཟིཊ)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-12 6 6 拉萨日报藏文 c182457.html 1 རང་གྲོང་གིས་ཕྱོཊ་མང་མཉམ་འགུལ་བྱས་ཏེ་ཡུལ་སྐོར་ཁྲོམ་རར་ཞིབ་བཤེར་བྱས་པ། /enpproperty-->