ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཟླ་6ཚེས་7ཉིན།གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུས“ང་ཚོའི་དུས་ཆེན་ལྔ་པའི་ཚེས་ལྔའི་དུས་ཆེན་ལ། བརྩེ་བ་ཟབ་མོས་ལྷན་དུ་འགྲོགས”ཞེས་པའི་དབང་པོ་སྐྱོན་ཅན་ལ་གཅེས་སེམས་འབུལ་བ་དང་རོགས་རམ་བྱེད་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
གྲོང་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་། གྲོང་ཁྱེར་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་བཅས་ཡིན་པའི་སྐལ་བཟང་ཚེ་བརྟན་ཏང་ཡོན་དཀྱུས་མའི་མིང་ཐོག་ནས་བྱེད་སྒོར་ཞུགས་པ་རེད།
ཉིན་དེའི་ཕྱི་དྲོར་སྐལ་བཟང་ཚེ་བརྟན་གྱིས་རུ་སྣེ་འཁྲིད་པའི་གྲོང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་ལས་ཁུངས་ཏང་ཀྲི་པུའུ་དང་ལས་འཁྱུར་ངལ་གསོ་བརྒྱབ་པའི་ཏང་ཀྲི་པུའུ་ཡི་ཏང་ཡོན་ལས་བྱེད་པ་20ལྷག་ཙམ་གྱིས་འཚོ་བའི་མཁོ་ཆས་དང་ཁ་ཏོག་སོགས་འཚམས་འདྲིའི་དངོས་པོ་འཁྱེར་ནས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་བཅོས་སྐྱོང་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས་ལྟེ་གནས་དེའི་དབང་པོ་སྐྱོན་ཅན་དང་ལས་དོན་མི་སྣར་འཚམས་འདྲི་ཞུས་ཏེ་ཁོང་ཚོར་དུས་ཆེན་གྱི་སྨོན་འདུན་དང་ཐུགས་ཁུར་ཟབ་མོ་གནང་བ་རེད།
བྱེད་སྒོའི་ཁྲོད།སྐལ་བཟང་ཚེ་བརྟན་དང་བཅས་པ་ལྟེ་གནས་དེའི་ཟ་ཁང་དང་བྱེད་སྒོ་ཁང་སོགས་ལ་ལྟ་སྐོར་གནང་བ་དང་འབྲེལ་དབང་པོ་སྐྱོན་ཅན་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་གནང་སྟེ། ཁོང་ཚོའི་གཟུཊ་གཞི་དང་། འཚོ་བའི་ཆ་རྐྱེན། སྲིད་ཇུས་ཀྱི་འགན་ལེན་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཁོང་ཚོར་གཟུགས་པོར་བདག་གཅེས་ཡག་པོ་བྱེད་དགོས་པའི་བཀའ་སློབ་གནང་ཞིང་། དཀའ་ངལ་ཁྱད་བསད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་བསུ་རྒྱུའི་ཡིད་ཆེས་དང་ཆོད་སེམས་ཆེ་རུ་བཏང་བར་མ་ཟད། སྤྲོ་སྣང་དང་བདེ་སྐྱིད་ལྡན་པའི་སྒོ་ནས་འཚོ་བར་རོལ་བའི་རྨང་གཞིའི་ཐོག་འཆམ་མཐུན་ལྡན་པའི་སྤྱི་ཚོགས་སྐྲུན་ཆེད་རང་ནུས་ལེགས་སྐྱེས་སུ་འབུལ་དགོས་པའི་སྐུལ་ལྕག་ཀྱང་གནང་བ་རེད།
མཇུག་ཏུ་ཏང་ཡོན་ལས་བྱེད་པ་ཚོས་ད་དུང་དབང་པོ་སྐྱོན་ཅན་ཚོ་དང་མཉམ་དུ་ཙུང་ཙི་བཟོས་ཤིང་།ཕན་ཚུན་ཙུང་ཙི་བཟོ་བའི་ཉམས་མྱོང་དང་ཐབས་རྩལ་མཉམ་སྤྱོད་བྱས་ཏེ་སྲོལ་རྒྱུན་དུས་ཆེན་གྱི་ཡིད་དབང་འཕྲོག་ཤུཊ་ཐུན་མོང་ཐོག་མྱོང་རོལ་བྱས་ཡོད། བྱེད་སྒོ་ཧྲིལ་པོར་ཚང་མ་སྤྲོ་སྣང་དང་འཆམ་མཐུན་ལྡན་པ་ཞིག་ཡོད་པས། ཡུལ་དངོས་སུ་དགའ་སྤྲོ་དང་དགོད་སྒྲས་ཁེངས་པ་མ་ཟད། ཙུང་ཙེའི་དྲི་ཞིམ་ཡང་གང་སར་འཐུལ་བས་དུས་ཆེན་གྱི་རྣམ་པ་ཟབ་མོ་ལྡན་ཡོད་པ་རེད།
(ཉི་མ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社