(པར་ངོས་དང་པོར་མཐུད)བཞུགས་མོལ་གནང་ནས་ས་ཁོངས་མཐའ་འཁོར་དུ་ཐོན་པའི་རྗེས་འདེད་ཚོང་རྒྱག་པ་དང་སྐོར་སྐྱོད་ཚོང་པ་སོགས་ཀྱི་གནད་དོན་ཐད་ཉེན་རྟོག་ས་ཚིགས་ཀྱིས་གྲོང་ཁྱེར་དོ་དམ་དང་། ཁྲོམ་ར་ལྟ་སྐུལ་དོ་དམ་དང་ཁྲོམ་གཞུང་དང་སྡེ་ཁུལ་སོགས་དང་མཉམ་དུ་ཕྱོགས་བསྡུས་ཁྲིམས་འཛིན་བྱས་ཏེ་མཉམ་དུ་ནུས་ཤུགས་བཏོན་ནས་གནད་དོན་བཅོས་སྐྱོང་ནུས་ལྡན་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
རྫོང་ཁྱབ་ཀླུ་ཁང་གི་ཤར་སྒོ་ནི་སྐོར་སྐྱོད་ཚོང་པ་ཅུང་གཅིག་སྡུད་བྱེད་ས་ཞིག་ཡིན་པ་དང་ཀྲའོ་ཧུའེ་ཉན་གྱིས་ཚོང་པ་དང་བྱམས་བརྩེའི་ངང་གླེང་མོལ་གནང་ནས་ཁོང་ཚོའི་འཚོ་བའི་གནས་ཚུལ་ཤེས་རྟོགས་ཞིབ་ཕྲ་གནང་བ་དང་ཁོང་ཚོའི་རེ་འདུན་ལ་ངང་རྒྱུད་རིང་པོས་གསན་པ་རེད། སྐོར་སྐྱོད་ཚོང་པའི་དོ་དམ་གནད་དོན་ལ་དམིགས་ཏེ་ཀྲའོ་ཧུའེ་ཉན་གྱིས་ས་གནས་ས་ཐོག་ཏུ་གྲོང་ཁྱེར་སྲིད་གཞུང་གི་ལས་བགོས་འགན་འཁུར་མཁན་བློ་མཐུན་དང་། གྲོང་ཁྱེར་དོ་དམ་ཅུས་དང་། གྲོང་ཁྱེར་སྤྱི་བདེ་ཅུས། གྲོང་ཁྱེར་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུས། ཁྲེང་ཀོན་ཆུས་སྲིད་གཞུང་། ཁོངས་གཏོགས་ཁུལ་གྱི་ཁྲོམ་གཞུང་། སྡེ་ཁུལ་སོགས་འབྲེལ་ཡོད་ཚན་པའི་འགན་འཁུར་བློ་མཐུན་དང་དེ་བཞིན་སྐོར་སྐྱོད་ཚོང་པའི་འཐུས་མི་བཅས་སྐོང་ཚོགས་བྱས་ནས་གནད་དོན་ཐག་གཅོད་བྱེད་ཐབས་ལ་དབྱེ་ཞིབ་དང་གྲོས་བསྡུར་གནང་བ་རེད། ཚོགས་ཞུགས་མི་སྣའི་བསམ་འཆར་དང་གྲོས་འགོ་དང་སྐོར་སྐྱོད་འཚོང་པའི་འཐུས་མིའི་རེ་འདུན་གསན་རྗེས་ཀྲའོ་ཧུའེ་ཉན་གྱིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་བྱ་སྤྱོད་ཆེན་མོ་ནི་གྲོང་ཁྱེར་གྱི་ཚད་ལྡན་དོ་དམ་ལས་དོན་སྔར་བས་ཡག་པོ་བསྒྲུབས་ནས་རྒྱ་ཆེའི་གྲོང་མིར་གྲོང་ཁྱེར་འཕེལ་རྒྱས་ལས་བྱུང་བའི་ཁེ་སྤོགས་དངོས་འབྲེལ་ལོངས་སུ་སྤྱོད་ཐུབ་པ་བྱ་རྒྱུ་དེ་ཡིན་ཞེས་གསུངས་པ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་དུས་དང་རྣམ་པ་ཀུན་ཏུ་སྐོར་སྐྱོད་ཚོང་པའི་འཕྲལ་མཁོ་དང་དཀའ་ངལ་གྱི་གནད་དོན་ལ་དོ་སྣང་བྱེད་དགོས་པ་དང་། ཁོང་ཚོའི་དགོས་མཁོ་དངོས་ལ་བསམ་གཞིགས་གང་ལེགས་བྱེད་དགོས་ལ་གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་ཚད་ལྡན་དང་གཙང་སྦྲ་ཡོང་བའི་འགན་ལེན་ཡང་བྱེད་དགོས། ཁོང་གིས་ས་གནས་སྲིད་གཞུང་གིས་སྣེ་ཁྲིད་དང་སྤྱི་བདེ་དང་། གྲོང་ཁྱེར་དོ་དམ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སོགས་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ཏེ་གཞི་གྲངས་གསལ་པོ་ཤེས་པ་དང་། རེ་འདུན་གསེད་དཔྱད། ཇུས་གཞི་བཟོ་བ་དང་ཁྲོམ་ར་གཏོད་པ། དོ་དམ་ཚད་ལྡན་དང་མཉེན་གཤིས་ཁྲིམས་འཛིན་བཅས་བྱས་ཏེ་ཁྲིད་སྟོན་ཧུར་ཐག་དང་ཚོད་འཛིན་ཤུགས་ཆེན། སེམས་ཤུགས་གཅིག་སྒྲིལ་དང་མཉམ་སྐྱོང་དོ་དམ་བཅས་བྱས་ནས་ལག་ལེན་འཁྱོལ་ཐུབ་པར་བྱས་ཏེ་ནུས་ལྡན་གྱི་དོ་དམ་བྱེད་སྟངས་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社