(པར་ངོས་དང་པོར་མཐུད)ལེ་པོ་ལེ་ཐེས་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གྱི་འཕེལ་རྒྱས་ནི་རྒྱུག་མཐུད་འགྲན་བསྡུར་ཞིག་རེད།ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་དེ་དུས་འབུམ་རམས་པ་ཧྥ་ལ་ཞི་དང་མཉམ་ལས་སྤེལ་རེས་ཀྱི་ཞལ་མོལ་དེ་ནས་འགོ་བརྩམས་པ་དང་།ད་ཆ་ང་ཚོས་བྱ་གཞག་དེ་འོད་སྟོང་རྗེས་མའི་ཕྱོགས་སུ་འཁྲིད་རྒྱུ་ཡིན།
གཞོན་ནུ་ནི་འབྱུང་འགྱུར་ལ་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་ཡིན།
ཨ་རིའི་ཤིན་ཙེ་ཞི་ཀྲོའུ་ཡི་ཁེན་ཨེན་སློབ་ཆེན་གྱི་སློབ་ཁུལ་གཙོ་བོའི་སློབ་མའི་ལྟེ་གནས་ཀྱི་བར་ཁྱམས་སུ་སློབ་གྲྭ་དེའི་སློབ་ཁུལ་ཁག་གི་འདྲ་པར་བཀལ་ཡོད་པ་རེད།དེའི་ནང་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གྱི་མཛེས་སྡུག་ལྡན་པའི་སློབ་གྲྭའི་ཡུལ་ལྗོངས་དང་དེ་བཞིན་རྨང་འདིང་མཛད་སྒོའི་པར་གྱིས་མི་རྣམས་ཀྱི་ཡིད་དབང་བཀུག་ཡོད།གསར་འགོད་པས་སློབ་གྲྭར་བཅར་འདྲི་བྱ་ཡུལ་ཚང་མས་ཀྲུང་གོ་དང་ཨ་རིའི་མཉམ་གཉེར་རྣམ་གྲངས་དེ་ཤེས་རྟོགས་ཐུབ་ཀྱི་ཡོད་ཅེས་བསྟན་ཡོད།
ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཕྲིན་ལན་ནང་སློབ་གསོ་སྤེལ་རེས་མཉམ་ལས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་དང་ལྷག་པར་དུ་གཞོན་ནུ་ཚོ་ཕན་ཚུན་ཤེས་རྟོགས་དང་བརྩེ་བ་ཟབ་མོ་ལྡན་པར་སྐུལ་འདེད་གཏོང་རྒྱུར་ཕན་ཐོགས་ཡོད་པས།ཀྲུང་གོ་དང་ཨ་རིའི་བར་གྱི་འབྲེལ་བ་འཕེལ་རྒྱས་གཏོང་བའི་འབྱུང་འགྱུར་གྱི་ལས་གྲྭ་ཞིག་རེད་ཅེས་བསྟན་ཡོད།
ལེ་པོ་ལེ་ཐེས་གཞོན་ནུ་ནི་འབྱུང་འགྱུར་ལ་འགྱུར་ལྡོག་གཏོང་བའི་སྟོབས་ཤུགས་ཡིན།སློབ་སྦྱོང་དང་སྤེལ་རེས་བྱས་ནས་གཞོན་ནུ་ཚོར་ཐུན་མོང་གི་ཆ་དེ་བས་མང་བ་རྙེད་ཐུབ་པ་དང་།ཁོང་ཚོར་ཨ་ཀྲུང་དམངས་ཁྲོད་མཛའ་གྲོགས་ཀྱི་འབྲེལ་མཐུད་པ་ཞིག་བྱ་རྒྱུར་རོགས་རམ་ཐུབ་རྒྱུ་རེད་ཅེས་བཤད།
ལེ་པོ་ལེ་ཐེས་ང་ཚོས་མིས་བཟོས་རིག་ནུས་དང་རྩིས་འཁོར་ཚན་རིག་སོགས་གསར་གཏོད་རྣམ་གྲངས་བཙུགས་པ་བརྒྱུད།སློབ་མ་དེ་བས་མང་བ་ཀྲུང་གོར་སྤེལ་རེས་བྱེད་པར་སྐུལ་མ་གཏོང་རྒྱུ་དང་འབྲེལ།རྒྱལ་ཁབ་གཉིས་པོའི་སློབ་མ་ཤེས་རྟོགས་ཟབ་ཏུ་འགྲོ་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་བཤད།
འདས་ཟིན་པའི་ཟླ་18ནང་ལེ་པོ་ལེ་ཐེ་ཀྲུང་གོར་ཐེངས་4ཕེབས་ཡོད།ཁོང་གིས་རང་ཉིད་ལ་གཏན་འབེབས་བྱས་པའི་དམིགས་ཡུལ་ནི་སློབ་ལོ་རེར་ཉུང་མཐར་ཡང་ཀྲུང་གོར་ཐེངས་གསུམ་འགྲོ་རྒྱུ་དེ་རེད།ཁོང་གིས་རྒྱལ་ཁབ་གཉིས་པོའི་སློབ་མ་ཚོས་སྤེལ་རེས་མཉམ་ལས་ཀྱི་ལེགས་ཆར་བསམ་ཤེས་བྱེད་དུ་འཇུག་འདོད་ན་སློབ་གསོ་པས་ཐོག་མར་མིག་དཔེ་སྟོན་དགོས་པའི་ངོས་འཛིན་གནང་གི་ཡོད་རེད།
ཨ་རིའི་ཁེན་ཨེན་སློབ་ཆེན་ཚོང་ལས་དོ་དམ་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་གསུམ་པའི་སློབ་མ་ཏ་ཡ་ན·ཁ་སི་ཐ་ཉེ་ཏས་སང་ལོའི་དབྱར་གསེང་ལ་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དུ་སྤེལ་རེས་བྱ་རྒྱུའི་རེ་ཞུ་བྱ་རྩིས་ཡོད།ཀྲུང་གོའི་སྐོར་ལ་ངས་ཤེས་རྟོགས་དེ་བས་མང་བ་བྱེད་འདོད་ཡོད་ཅེས་བཤད།
སློབ་གྲྭ་དེའི་ལུས་རྩལ་ཚན་རིག་ཆེད་ལས་ཀྱི་སློབ་ཆེན་ལོ་རིམ་བཞི་པའི་སློབ་མ་པེ་པ·ཨའེ་ཧྲུན་གྱིས་གོ་སྐབས་བྱུང་ཚེ་ང་ཡང་ངེས་པར་དུ་ཀྲུང་གོར་ལྟ་རུ་འགྲོ་རྒྱུ་ཡིན།གལ་ཏེ་ང་ཚོས་སེམས་རྒྱ་ཡངས་པོས་མཉམ་དུ་བསྐྱོད་དེ་ཕན་ཚུན་ཤེས་རྟོགས་དང་བསམ་ཤེས་བྱས་ནས་ཐུན་མོང་གི་ངོས་འཛིན་ཆགས་ཚེ་འགྱུར་ལྡོག་ཡོང་ངེས་རེད་ཅེས་བཤད།
ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཡན་ཞའོ་ཕེང་གིས་ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་གྱིས་ཀྲུང་གོ་དང་ཨ་རིའི་གཞོན་ནུ་སློབ་མ་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རིམ་རྩིས་བྱས་ན་མི་ཐེངས་1750ལྷག་ཙམ་གྱི་ཀྲུང་གོ་དང་ཨ་རིའི་སློབ་མ་བརྗེ་རེས་སྤེལ་རེས་ལ་སྐུལ་འདེད་བཏང་བ་དང་།འདི་ལོའི་དབྱར་གསེང་ལ་ད་དུང་ཨ་རིའི་སློབ་མ་25ཀྲུང་གོར་སྤེལ་རེས་བྱེད་པར་ཡོང་རྒྱུ་རེད་ཅེས་བཤད།
ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་དུ་དགེ་རྒན་གྱི་འགན་བཞེས་ནས་ལོ་5ཙམ་ཕྱིན་པའི་ཨ་རིའི་དགེ་རྒན་སྨི་ཁེ·པ་མོས་ཀྲུའུ་ཞི་ཞི་ལགས་ཀྱི་འཕྲིན་ལན་ནང་ང་ཚོས་འབད་བརྩོན་བྱས་པར་ཁས་ལེན་ཚད་མཐོན་པོ་གནང་ཡོད།ཀྲུང་གོ་དང་ཨ་རིའི་གཞོན་ནུ་མི་རབས་དེ་བ་མཉམ་སྐྱོད་བྱས་ཚེ་ཕན་ཚུན་ཤེས་རྟོགས་བྱ་རྒྱུར་ཕན་ཐོགས་ཡོད་པར་མ་ཟད།འཛམ་གླིང་དེ་བས་མཛེས་སྡུག་ལྡན་པར་འགྱུར་ཐུབ་ཅེས་བཤད།
འདི་ནི་འབྱུང་འགྱུར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་འགག་རྩ་ཞིག་ཡིན།
ཁྱེད་དང་ཨ་རིའི་སློབ་གསོའི་ལས་རིགས་ཀྱི་མི་སྣ་གཞན་དག་ཀྲུང་གོར་ལྟ་རུ་ཡོང་བར་ཕེབས་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན་ཞེས་ཀྲུའུ་ཞི་ཞི་ཅིན་ཕིང་གི་འཕྲིན་ལན་ནང་གི་ཆ་འཕྲིན་ལ་ཨ་རིའི་སློབ་གསོའི་ལས་རིགས་ཀྱི་མི་སྣར་སྐུལ་མ་ཐེབས་ཡོད།
ཨ་རིའི་ཀྲུང་གོ་དང་ཨ་རིའི་ཞིབ་འཇུག་ལྟེ་གནས་ཀྱི་ཆེད་མངགས་གདན་ཞུ་ཞིབ་འཇུག་པ་དང་དེ་སྔ་ཁུན་ཧྲན་ཏུའུ་ཁེ་སློབ་ཆེན་གྱི་རྒྱུན་ལས་སློབ་སྤྱི་གཞོན་པའི་འགན་འཁུར་མྱོང་བའི་ཏན་ཉི་སི·ཤིས་མོང་གིས་ཀྲུང་གོ་དང་ཨ་རིའི་སློབ་གསོའི་སྤེལ་རེས་དང་རིག་གཞུང་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཕྱོགས་གཉིས་པོའི་འབྲེལ་བའི་རྨང་གཞིའི་རྒྱུ་རྐྱེན་གཙོ་བོའི་གྲས་ཤིག་ཡིན་ཞེས་བཤད།
ཀྲུང་ཨའི་སློབ་གསོ་ཐེབས་རྩའི་འགོ་འཛིན་མ་ཏེ་ལིན·ལུའོ་སིས(རྒྱ་ཡིག་གི་མིང་ལ་རའོ་མའེ)ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཤིན་ཙེ་ཞི་ཀྲོའུ་ཁེན་ཨེན་སློབ་ཆེན་གྱི་སློབ་སྤྱི་ལ་འཕྲིན་ལན་སྤྲིངས་པ་དེ་ནི་རྒྱལ་ཁབ་གཉིས་པོས་སློབ་གསོ་སྤེལ་རེས་མུ་མཐུད་བྱ་རྒྱུར་རྒྱབ་སྐྱོར་ཤུགས་ཆེན་བྱས་པ་ཞིག་རེད།ང་ཚོས་ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ཚོར་ཕ་རོལ་པོའི་རྒྱལ་ཁབ་ལ་རྒྱུས་ལོན་དང་ཕ་རོལ་པོའི་རྒྱལ་ཁབ་ལ་སློབ་སྦྱོང་བྱེད་པའི་གོ་སྐབས་སྤྲོད་དགོས་ཀྱི་ཡོད།དེ་ནི་འབྱུང་འགྱུར་རྒྱལ་ཁབ་གཉིས་པོའི་འབྲེལ་བ་ཐག་གཅོད་ཡག་པོ་བྱེད་པའི་འགག་རྩ་ཞིག་རེད་ཅེས་བཤད།
ཀྲུང་གོ་དང་ཨ་རིའི་རྣམ་པ་སྣ་ཚོགས་ཀྱི་སློབ་གསོའི་མཉམ་ལས་རྣམ་གྲངས་འཕེལ་རྒྱས་མགྱོགས་མྱུར་བྱུང་ཡོད།ཝུན་ཀྲོའུ་ཁེན་ཨེན་སློབ་ཆེན་ཕུད་ཁུན་ཧྲན་ཏུའུ་ཁེ་སློབ་ཆེན་དང་།ཧྲང་ཧའེ་ཉིའུ་གཡོད་སློབ་ཆེན།ཐེན་ཅིན་ཀྲུའུ་ལི་ཡ་སློབ་གླིང་བཅས་ཚང་མ་ཀུན་གྱིས་ཤེས་གསལ་རེད།གཡོད་ཧན་སི·ཧོ་ཕུའུ་ཅིན་སི་སློབ་ཆེན་དང་ནན་ཅིང་སློབ་ཆེན་མཉམ་ལས་བྱས་ནས་བཙུགས་པའི་ཀྲུང་ཨའི་རིག་གནས་ཞིབ་འཇུག་ལྟེ་གནས་སོགས་རིགས་གཞན་གྱི་མཉམ་ལས་རྣམ་གྲངས་བཅུ་ཕྲག་ཁ་ཤས་ཀྱང་སྐུལ་འདེད་ཧུར་ཐག་གཏོང་བཞིན་ཡོད་པ་རེད།
འབུམ་རམས་པ་ཧྥ་ལ་ཞི་ཡིས་ཀྲུའུ་ཞི་ཞི་ཅིན་ཕིང་གི་དགོངས་ཚུལ་ལ་ཁས་ལེན་ཆེན་པོ་བྱེད་ཀྱི་ཡོད།ཁོང་གིས་ཨ་རིའི་ཕ་མ་དང་ཀྲུང་གོའི་ཕ་མ་གཉིས་ཀྱིས་བུ་ཕྲུག་ལ་བཅངས་པའི་རེ་བའི་ཐད་མི་འདྲ་ས་གང་ཡང་མེད།ཚང་མས་བུ་ཕྲུག་ལ་རང་ཉིད་ལས་གོ་སྐབས་ཡག་པ་ཡོང་བའི་རེ་བ་བྱེད་ཀྱི་ཡོད།མཐོ་རིམ་སློབ་གསོ་ནི་ཕུགས་འདུན་དེ་མངོན་འགྱུར་བྱེད་པའི་གཞི་རྟེན་གྱི་གྲས་ཤིག་ཡིན།དེ་ནི་རྒྱལ་ཁབ་གཉིས་པོའི་དབར་ཕན་ཚུན་བསམ་ཤེས་དང་མཉམ་ལས་བྱ་རྒྱུར་གལ་འགངས་ཤིན་ཏུ་ཆེ་བ་ཞིག་རེད་ཅེས་བཤད།
(ཤིན་ཧྭ་གསར་འགྱུར་ཁང་ཝུན་ཀྲོའུ་དང་ཉིའུ་གཡོད་ནས་ཟླ་6ཚེས་7ཉིན་འབྱོར་བའི་གློག་འཕྲིན) (བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社