(པར་ངོས་གཉིས་པར་མཐུད)རིམ་པ་ཁག་དང་རིགས་ཁག་གི་གཞུང་བཙུགས་སྨན་ཁང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྒྱུར་བཅོས་བྱེད་ཐབས་གཙོ་གནད་ཐོག་བཀོད་སྒྲིག་དང་སྐུལ་འདེད་གཏོང་དགོས། ལྔ་ནས་རིམ་པ་མང་བའི་སྨན་བཅོས་འགན་སྲུང་མ་ལག་འཐུས་སྒོ་ཚང་དུ་བཏང་སྟེ། གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ནས་ཚོང་ལས་ཀྱི་བདེ་ཐང་འགན་བཅོལ་འཕེལ་རྒྱས་གཏོང་དགོས། དྲུག་ནས་སྨན་རྫས་ཁྱབ་ཁོངས་ཀྱི་སྒྱུར་བཅོས་གསར་གཏོད་བྱེད་ཟབ་ཏུ་བཏང་སྟེ། སྨན་རྫས་བེད་སྤྱོད་དང་དོ་དམ་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་དང་། སྨན་རྫས་ཀྱི་དཔྱད་བཤེར་དང་ཞིབ་མཆན་འགོད་པའི་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། སྨན་རྫས་མཁོ་སྤྲོད་དང་འགན་ལེན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། བདུན་ནས་གཙོ་གནད་ཀྱི་སྒྱུར་བཅོས་གཞན་དག་ལ་སྤྱི་འདོམས་དང་སྐུལ་འདེད་གཏོང་བའི་ནང་གྲངས་འཛིན་ཅན་ལ་བརྟེན་ནས་སྨན་བཅོས་སྒྲིག་སྲོལ་སྒྱུར་བཅོས་ལ་ནུས་པ་སྦྱིན་རྒྱུར་སྐུལ་འདེད་གཏོང་བ་དང་། “རྒན་རྒོན་དང་བྱིས་པའི་བསྙེན་བཀུར་འཚོ་སྐྱོང”གི་འབྲེལ་ཡོད་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། གསོ་རིག་སྨན་རྫས་འཕྲོད་བསྟེན་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཚུད་ཡོད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社