ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པས་2023ལོའི་བོད་རང་སྐྱོང་ལྗོངས་ཀྱི་འབྱུང་ཁམས་ཁོར་ཡུག་གི་གནས་ཚུལ་གསར་འགྱུར་ཡོངས་བསྒྲཊ་ཚོཊ་འདུའི་ཐོག་ནས་ཤེས་རྟོཊ་བྱུང་བ་ལྟར་ན། ན་ནིང་ལྗོངས་ཡོངས་ཀྱི་འབྱུང་ཁམས་ཁོར་ཡུག་སྤུས་ཚད་ཀྱི་དམིཊ་ཚད་ལེཊ་སུ་ཕྱིན་པ་དང་བོད་ལྗོངས་རྒྱལ་ཁབ་འབྱུང་ཁམས་ཤེས་དཔལ་གྱི་མཐོ་ས་གཏོད་པའི་ལས་དོན་སླར་ཡང་སྐས་རིམ་གསར་པར་སླེབས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། 2023ལོར་ལྗོངས་ཡོངས་ཀྱི་མཁའ་རླུང་གི་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་བརྒྱ་ཆ་99.5ཟིན་པ་དང་།གཙང་པོ་དང་མཚེའུ་གཙོ་བོའི་ཆུའི་སྤུས་ཚད་ཀྱི་ཚད་གཞི་རིམ་པ་IIIལ་སླེབས་པའམ་ཡང་ན་དེ་ལས་ལེགས་པ། ས་རྒྱུའི་ཁོར་ཡུག་གི་སྤུས་ཚད་སྤྱིའི་ཆ་ནས་བརྟན་པོ་རྒྱུན་འཁྱོངས་ཐུབ་པ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ནུས་ལྡན་ཐུབ་པ། 2022ལོའི་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གྱི་ཕན་འབྲས་དཔྱད་ཞིབ་ཁྲོད་རྒྱལ་ཡོངས་ཀྱི་ཕུལ་བྱུང་ཐོབ་པ་བཅས་དང་བོད་ནི་སྔར་བཞིན་འཛམ་གླིང་ཐོག་ཁོར་ཡུག་སྤུས་ཚད་ཡག་ཤོས་ས་ཁུལ་གྱི་གྲས་ཤིག་ཡིན་པ་རེད།
2023ལོར་ལྗོངས་ཡོངས་ཀྱི་ས་ཁུལ་དང་གྲོང་ཁྱེར་7ཚང་མར་རྒྱལ་ཁབ་ཀྱི་འབྱུང་ཁམས་དཔལ་ཡོན་འཛུཊ་སྐྲུན་དཔེ་སྟོན་ཁུལ་ཞེས་མིང་བཏཊ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་རིམ་པའི་གསར་གཏོད་ཀྱི་ཚད་གཞི་ལོན་པའི་ཞིང་ཆེན་འབའ་ཞིག་ཏུ་གྱུར་ཡོད། ལྷ་ཀླུ་འདམ་ར་སོཊ་འདམ་ར་3རྒྱལ་ཁབ་ཀྱི་འདམ་ར་གལ་ཆེན་གྱི་མིང་ཐོའི་ནང་ཚུད་ཡོད། དངོས་རིགས་གལ་ཆེན་གྱི་ཕྱི་རོལ་གྱི་རིགས་མང་བའི་གྲངས་འབོར་སླར་གསོ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད། ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཆེན་པོའི་བྱ་སྤྱོད་ཀྱིས་འབྱུང་ཁམས་ཁོར་ཡུག་གི་གནད་དོན་150ཐག་གཅོད་བྱས་ཡོད། ལྷ་ས་དང་། ལྷོ་ཁ། གཞིས་རྩེ་གྲོང་ཁྱེར་བཅས་ཀྱི་ཟོག་རོ་མེད་པའི་གྲོང་ཁྱེར་འཛུཊ་སྐྲུན་ལ་སྐུལ་འདེད་བཏང་ནས་སྨན་བཅོས་བེད་མེད་ཟོག་རོ་ཐག་གཅོད་མངོན་འགྱུར་ཐུབ་ཡོད། ལྗོངས་ཡོངས་ཀྱི་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གྱིས་བརྒྱ་ཆ་85.34བཟུང་བ་རེད། རླངས་ཏུན་35དང་དེ་མིན་གྱི་རྡོ་སོལ་ཁྲོ་ཐབ་ལ་ཞིབ་མཆན་གཏན་ནས་མི་འགོད་པ་རྒྱུན་འཁྱོངས་བྱེད་དགོས། འགྱུར་རྡོ་མིན་པའི་ནུས་རྒྱུ་ཡིས་ནུས་རྒྱུའི་འཛད་སྤྱོད་སྤྱི་འབོར་ནང་བཟུང་བའི་བསྡུར་ཚད་བརྒྱ་ཆ་50ལས་བརྒལ་ནས་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།
གཞན་ཡང་ལྗོངས་ཡོངས་ཀྱིས་འཁྱཊ་རོམ་50140དང་འཁྱཊ་མཚེའུ་33518ཀྱི་ཐོན་ཁུངས་ལ་ས་གནས་དེ་གའི་བརྟག་དཔྱད་ལེཊ་གྲུབ་ཟིན་ཡོད་པ་རེད། ཆུ་རྒྱུད་ཆེན་པོ་8ཀྱི་གཙང་ཆུའི་འབྱུང་ཁུངས་སྲུང་སྐྱོང་ཁུལ་33དབྱེ་འབྱེད་གཏན་འཁེལ་བྱས་ནས་གཙང་པོའི་ནང་གི་བཙོག་འབུད་ཆུ་སྒོ་650བཅོས་སྒྲིག་བྱས་ཡོད། ལྗོངས་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་གཙང་ཚད་ལ་གདེང་འཇོག་བྱེད་ཚད་བརྒྱ་ཆ་100དང་གཙོ་གནད་ཆུ་བོ་དང་མཚེའུ་ཡི་འབྱུང་ཁམས་རྒྱུག་ཚད་ཚད་གཞིར་སླེབས་ཚད་བརྒྱ་ཆ་99.96ཟིན་ཡོད་པ་རེད། ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་རྫོང་གྲོང་དང་དེ་བཞིན་དེ་ཡན་གྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་བཙོག་ཆུ་གཅིག་སྡུད་གཙང་སེལ་བྱེད་ཚད་སོ་སོར་བརྒྱ་ཆ་97.8དང་བརྒྱ་ཆ་89.01ཟིན་ནས་ལོ་ལྔ་ཚན་བཅུ་བཞི་པའི་འཆར་འགོད་དམིཊ་ཚད་སྔ་སྣུར་དུ་ལེཊ་གྲུབ་བྱུང་ཡོད།
(ལྷག་པ་ཚེ་རིང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社