(པར་ངོས་དང་པོར་མཐུད)རང་ཉིད་ཀྱི་འཇོན་ཐང་དང་ཡིད་དབང་འཕྲོག་ཤུགས་མངོན་ཐུབ་པ་དང་། དུས་མཚུངས་དམིགས་བསལ་སློབ་གསོའི་སློབ་མར་སྤེལ་རེས་སློབ་སྦྱོང་གི་སྟེགས་བུ་མཁོ་འདོན་ཐུབ་ཀྱི་ཡོད་པ་རེད།
བརྩམས་ཆོས་ཕྱོགས་བསྒྲིགས་ཡོངས་བསྒྲགས་ཚོགས་འདུའི་ཐོག གཙོ་གཉེར་ཕྱོགས་ཀྱི་སྐུ་མགྲོན་གྱིས་བརྩམས་ཆོས་ཕྱོགས་བསྒྲིགས་དཔེ་སྐྲུན་བྱེད་པའི་ཐོག་མའི་བསམ་འདུན་དང་འབྱུང་རྐྱེན། བརྩམས་ཆོས་ཕྱོགས་བསྒྲིགས་ཀྱི་ནང་དོན་དང་གསར་རྩོམ་གྱི་བརྒྱུད་རིམ། བརྩམས་ཆོས་ཕྱོགས་བསྒྲིགས་འགྲེམས་སྤེལ་བྱེད་རིང་གི་ངོ་མཚར་ཆེ་བའི་གཏམ་རྒྱུད་ཁག་གཅིག་བརྗོད་ནས་ཕྲུ་གུ་ཚོའི་སྨོན་འདུན་དང་རེ་བ་མཚོན་པར་བྱས་ཡོད་པ་རེད།
དེ་དང་ཆབས་ཅིག་ཀྲུང་གོ་བོད་རིག་པ་དཔེ་སྐྲུན་ཁང་གིས་ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་སློབ་མར་རི་མོའི་ཡོ་བྱད་སྤྲད་པ་དང་། ལྷ་ས་གྲོང་ཁྱེར་གྱི་དམིགས་བསལ་སློབ་གསོའི་སློབ་གྲྭའི་འགན་འཁུར་བས་བརྩམས་ཆོས་ཕྱོགས་བསྒྲིགས་ནང་ཞུགས་མཁན་བྱམས་སེམས་ལྡན་པའི་མི་སྣར་བརྩེ་སེམས་གཱ་དང་དར་ཆ་སོགས་སྤྲད་པ་རེད།
(དཔལ་སྐྱབས་རྒྱལ་གྱིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社