分享按钮

རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ།

(པར་ངོས་དང་པོར་མཐུད)བོད་རང་སྐྱོང་ལྗོངས་སྐྱེ་ཁམས་ཁོར་ཡུག་ཐིང་གི་ཐིང་ཀྲང་གཞོན་པ་ཚེ་རིང་རྒྱ་མཚོས་ངོ་སྤྲོད་བྱས་པར་གཞིགས་ན།རང་ལྗོངས་ཀྱི་ས་ཁོངས་ཡོངས་ཀྱི་ཆུ་བོ་དང་མཚེའུ་ཡི་སྤུས་ཚད་ལ་གདེང་འཇོག་བྱེད་ཚད་བརྒྱ་ཆ་100དང་གཙོ་གནད་ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་རྒྱུག་ཚད་ཚད་གཞིར་སླེབས་ཚད་བརྒྱ་ཆ་99.96ཟིན་ཡོད།

དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་འཁྱགས་ཀླུང་50140དང་འཁྱགས་མཚེའུ་33518ཡི་ཐོན་ཁུངས་ལ་ས་གནས་དེ་གའི་བརྟག་དཔྱད་ལེགས་གྲུབ་ཟིན་པ་དང་།ཆུ་རྒྱུད་ཆེན་པོ་8དང་གཙང་པོའི་ཆུ་འགོ་སྲུང་སྐྱོང་ཁུལ་33དབྱེ་འབྱེད་བྱས་ནས་སྐྱེ་ཁམས་སྲུང་སྐྱོང་ནན་པོ་བྱས་པས་ཆུ་སྤུས་དྭངས་ཤིང་གཙང་བ་བྱུང་ཡོད།

དེ་དང་ཆབས་ཅིག་རང་ལྗོངས་ཀྱིས་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དངོས་རིགས་གལ་ཆེན་གྱི་ཕྱི་རོལ་གྱི་རིགས་ཚོགས་སླར་གསོ་བྱེད་པར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ནས་དངོས་རིགས་གསར་པའི་ཟིན་ཐོ་ཟམ་མི་ཆད་པར་གསར་པ་བཏོད་ཡོད།ཁྲུང་ཁྲུང་སྐེ་ནག་3000ཡང་ཟིན་མེད་པ་ནས་ཁྲི་1ལྷག་ཙམ་བར་མང་དུ་ཕྱིན་པ་དང་།གཙོད་ཁྲི་30ལྷག་ཙམ་བར་མང་དུ་ཕྱིན་པ།མཚོ་བོད་ས་མཐོའི་མཐོང་དཀོན་པའི་སྲོག་ཆགས་ཀྱི་རིགས་ཏེ་བྷང་ག་ལའི་སྟག་ཕྱི་རོལ་གྱི་བརྙན་པར་ཐོག་ཏུ་ཐེངས་མང་ཐོ་འགོད་བྱས་པ།བྱ་རིགས་ཁྲོད་ཀྱི་དོམ་ཁྲ་ཞེས་འབོད་པའི་ཁྲུང་ཁྲུང་ནག་པོ་ཡང་གཞིས་རྩེ་གྲོང་ཁྱེར་ནས་རྙེད་ཡོད་པ་རེད།

སྤྱི་བསྒྲགས་ནང་ད་དུང་2023ལོའི་ལོ་མཇུག་བར་བོད་དུ་རང་བྱུང་སྲུང་སྐྱོང་ཁུལ་ཁག་47བཙུགས་པའི་ནང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་11དང་།ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་12 ས་ཁུལ་དང་།གྲོང་ཁྱེར།རྫོང་བཅས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་24བཅས་ཡོད། སྲུང་སྐྱོང་ཁུལ་གྱི་སྤྱིའི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ་ཁྲི་41.22ཡོད་པ་དེས་བོད་ཀྱི་རྒྱལ་ཁབ་ས་ཆའི་རྒྱ་ཁྱོན་གྱི་བརྒྱ་ཆ་34.35བཟུང་ཡོད།(བུ་ཆུང་གིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-07 6 6 拉萨日报藏文 c182200.html 1 རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ། /enpproperty-->