分享按钮

རིག་གནས་བློ་གསར་གླིང་ཁུལ་དུ་བདེ་ཐང་ཇའི་དྲིལ་བསྒྲགས་འོས་སྦྱོར་དང་ཇ་སྤྲོད་པའི་བྱེད་སྒོ་སྤེལ་བ།

ལྷ་སའི་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་སུ་གནས་ཚུལ་འབྱོར་གསལ། ཉེ་ཆར།སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཀྱིས་རིག་གནས་བློ་གསར་གླིང་ཁུལ་གྱི་སེམས་མཐུན་གླིང་སྡེ་ཁུལ་དུ“མི་རིགས་མཐུན་སྒྲིལ་ཟབ་ཏུ་བཏང་ནས་བདེ་ཐང་གི་ཇ་ཁྱབ་གདལ་དུ་གཏོང་བའི”དྲིལ་བསྒྲགས་འོས་སྦྱོར་དང་ཇ་སྤྲོད་པའི་བྱེད་སྒོ་སྤེལ་བ་རེད།

བྱེད་སྒོ་སྤེལ་བའི་རིང་།གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་དང་། རིག་གནས་བློ་གསར་གླིང་ཁུལ། སེམས་མཐུན་གླིང་སྡེ་ཁུལ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བས་གཏམ་བཤད་སྤེལ་བ་དང་།གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཀྱིས་སེམས་མཐུན་གླིང་སྡེ་ཁུལ་གྱི་མང་ཚོགས་ལ་བདེ་ཐང་གི་ཇ་སྤྲད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་བྱེད་སྒོའི་ཁྲོད་ཇ་རྒྱ་མ་2600སྤྲད་པའི་རིན་ཐང་སྒོར་ཁྲི་20ཙམ་ཟིན་ཡོད། ཇ་ཚང་མ་གཡག་རྔའི་ཇ་བཟོ་གྲྭ་དང་ཧོ་ལུང་ཇའི་ལས་རིགས་ཀྱི་དམིགས་འཛུགས་ཐོན་སྐྱེད་ཁེ་ལས་གཉིས་ཀྱིས་ཐོན་སྐྱེད་བྱས་པའི་ཧྥུལ་ཉུང་བའི་བདེ་ཐང་གི་ཇ་ཡིན་པ་དང་། བོད་ཇ་ཚང་མ་ཚད་ལྡན་ཅན་དང་། གཙང་མ་ཅན། རང་འགུལ་ཅན་བཅས་ཀྱི་ཐོག་ནས་ཐོན་སྐྱེད་བྱས་པའི་བདེ་ཐང་གི་ཇ་ཞིག་ཡིན་པ་རེད།

གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཞིང་ལས་དང་གྲོང་གསེབ་ཅུས་ཀྱི་ཅུས་ཀྲང་དབན་ཡ་ཕིང་གིས་ད་ཐེངས་ཀྱི་བྱེད་སྒོའི་ཐོག་སེམས་མཐུན་གླིང་སྡེ་ཁུལ་གྱི་སྤུན་ཟླ་ཚོར་ཇ་2000ལྷག་ཙམ་སྤྲད་པ་ཡིན།སང་ལོ་ང་ཚོས་བོད་རིགས་མི་དམངས་ཀྱི་དགོས་མཁོར་གཞིགས་ནས་ཇ་སྤྲོད་པའི་བྱེད་སྒོ་སྤེལ་རྒྱུ་ཡིན། དེ་དང་ཆབས་ཅིག་ང་ཚོས་བོད་རིགས་མི་དམངས་ཀྱི་དང་གར་གཞིགས་ནས་ཇའི་བྲོ་བ་བསྐྱར་དུ་ལེགས་སུ་གཏོང་རྒྱུ་ཡིན་ཞེས་བཤད།

བྱེད་སྒོའི་ཁྲོད་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཀྱི་ལས་དོན་པ་ཚོ་ད་དུང་སེམས་མཐུན་གླིང་སྡེ་ཁུལ་གྱི་མང་ཚོགས་ཀྱི་ཁྱིམ་དུ་བསྐྱོད་དེ་བདེ་ཐང་གི་ཇ་ལས་བཟོས་པའི་བོད་ཇའི་བྲོ་བ་མྱོང་བ་དང་བདེ་ཐང་གི་ཇ་སྔར་བས་ལེགས་སུ་གཏོང་ཆེད་སྡེ་ཁུལ་གྱི་གྲོང་མིས་བཏོན་པའི་གྲོས་འགོ་དང་བསམ་འཆར་ལ་ཉན་པ་རེད།

གྲོང་མི་ནོར་བུ་རྒྱལ་མཚན་གྱིས་བདེ་ཐང་གི་ཇ་དེའི་ཐད་ང་ཚོའི་སྡེ་ཁུལ་གྱི་རྒན་རྒོན་ཚོས་ཇའི་ཁ་མདོག་ལེགས་པ་དང་བྲོ་བ་ཞིམ་པས་མ་ཚད་ཁྲག་ཤེད་དམའ་རུ་གཏོང་བར་ཡང་ནུས་པ་མངོན་གསལ་དོད་པོ་ཐོན་པའི་གདེང་འཇོག་བཟང་པོ་བྱེད་ཀྱིན་ཡོད།གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཀྱི་ལས་དོན་པ་ཡོངས་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན་ཞེས་བཤད།

གཡག་རྔ་ནི་ཁྲོན་བོད་ཀྱི་ཇ་རྟ་གནའ་ལམ་གྱི་འགོ་ཚུགས་ས་ཡིན་ལ་བོད་ལ་ཇ་ནང་འདྲེན་བྱེད་སྔ་ཤོས་ཀྱི་ཐོག་མའི་གནས་ཤིག་ཀྱང་ཡིན། ད་ཐེངས་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་གྱིས་ཧྥུལ་ཉུང་བའི་བདེ་ཐང་གི་ཇ་སྤྲད་པ་དེའི་ཐོག་ནས་ཁྲོན་བོད་ཀྱི་ལོ་ངོ་སྟོང་གི་མཛའ་གྲོགས་རྒྱུན་མཐུད་བྱས་པ་དང་ལྷ་སའི་མི་རིགས་ཁག་གི་མང་ཚོགས་ལ་སེམས་ཁུར་དང་གཅེས་སྐྱོང་བྱས་པ་མཚོན་ལ།མི་རིགས་ཁག་གི་མང་ཚོགས་ལ་ཇ་འཐུང་བའི་གོམས་གཤིས་བཟང་པོ་འཇགས་རྒྱུར་ཡང་དེ་བས་ཕན་ཆེན་པོ་ཐོགས་ཡོད་པ་ཞིག་རེད། ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་དེས་གཡག་རྔ་དང་ལྷ་ས་གྲོང་ཁྱེར་གཉིས་ཀྱི་མི་རིགས་ཁག་གི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྔར་བས་སྐུལ་འདེད་བཏང་བ་དང་མི་རིགས་ཁག་དབར་གྱི་མཛའ་གྲོགས་འབྲེལ་བ་ཟབ་ཏུ་ཕྱིན་ནས་ཧྥུལ་ཉུང་བའི་བདེ་ཐང་གི་ཇ་དེ་ལྷ་ས་དང་ཞིང་ཆེན་གཞན་དག་དབར་འབྲེལ་བ་དམ་ཟབ་དང་མི་རིགས་ཁག་མཐུན་སྒྲིལ་དམ་ཟབ་བྱེད་པའི་འབྲེལ་ཟམ་ལྟ་བུར་གྱུར་ཡོད།

སེམས་མཐུན་གླིང་སྡེ་ཁུལ་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ངག་དབང་ཚེ་རིང་གིས་གཡག་རྔ་གྲོང་ཁྱེར་ཡུས་ཁྲེང་ཆུས་ཀྱིས་སེམས་མཐུན་གླིང་སྡེ་ཁུལ་དུ་མི་རིགས་མཐུན་སྒྲིལ་དང་བདེ་ཐང་གི་ཇ་ཁྱབ་གདལ་དུ་གཏོང་བའི་བྱེད་སྒོ་སྤེལ་བ་དང་།སྡེ་ཁུལ་གྱི་དུད་ཚང་220ལྷག་ཙམ་གྱི་མི་གྲངས་1000ལྷག་ཙམ་ལ་ཇ་སྤྲད་པར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་དང་།ང་ཚོས་ཀྱང་སྡེ་ཁུལ་དུ་ཧྥུལ་ཉུང་བའི་ཇ་མུ་མཐུད་ཁྱབ་གདལ་དུ་གཏོང་རྒྱུ་ཡིན་ཞེས་བཤད།

(བྱང་ཆུབ་ཆོས་སྒྲོན་གྱིས་སྒྱུར་ཞུས་བྱས)

藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社

2024-06-06 6 6 拉萨日报藏文 c182184.html 1 རིག་གནས་བློ་གསར་གླིང་ཁུལ་དུ་བདེ་ཐང་ཇའི་དྲིལ་བསྒྲགས་འོས་སྦྱོར་དང་ཇ་སྤྲོད་པའི་བྱེད་སྒོ་སྤེལ་བ། /enpproperty-->