(པར་ངོས་དང་པོར་མཐུད)ཏིང་ཤུའེ་ཞང་གིས་གསུང་བཤད་གནང་སྐབས་ཀྲུང་གོ་བཟོ་སྐྲུན་ཁང་བཙུགས་ནས་ལོ་30སོང་རིང་།ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་བཟོ་སྐྲུན་ཚན་རྩལ་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ།གསར་གཏོད་ཤེས་ལྡན་པ་རྩེ་གྲ་གཅིག་སྡུད་དང་།ཚན་རྩལ་གྲུབ་འབྲས་རྩེ་གྲ་ཐོན་པ།བློ་འདྲིའི་གྲོས་འགོ་རྩེ་གྲ་ལེགས་སྐྱེས་སུ་འབུལ་བ།རིག་གཞུང་སྟེགས་བུ་རྩེ་གྲ་གཏོད་པ་བཅས་བྱས་ཏེ་རྒྱལ་ཁབ་འཕེལ་རྒྱས་ཡར་ཐོན་ཁྲོད་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཡོད་ཅེས་གསུངས་པ་རེད།
ཏིང་ཤུའེ་ཞང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གིས་བཟོ་སྐྲུན་ཁང་འཛུགས་པའི་ཐོག་མའི་བསམ་འདུན་བློ་ལ་བརྟན་པོར་ངེས་ནས་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་དང་།ཆུ་ཚད་མཐོ་བའི་ཚན་རྩལ་རང་ཚུགས་རང་སྟོབས་ཆེད་འབད་འཐབ་བྱེད་པའི་བརྒྱུད་རིམ་ཁྲོད་གདོང་དམག་ཞིག་བརྩོན་ལེན་བྱེད་དགོས།རྒྱལ་ཁབ་ཀྱི་འཐབ་ཇུས་ཚན་རྩལ་སྟོབས་ཤུགས་ཀྱི་གདོང་དམག་ཞིག་བྱས་ཏེ་ཚན་རྩལ་གསར་བརྗེ་དང་ཐོན་ལས་འཕོ་འགྱུར་གྱི་རེས་སྐོར་གསར་པའི་འཐབ་ཇུས་གོ་སྐབས་ལ་དམ་འཛིན་བརྟན་པོ་བྱས་ནས་ཚན་རྩལ་གྱི་མཐོ་གནོན་བཙན་ས་ཧུར་ཐག་གིས་བཟུང་དགོས།བཟོ་སྐྲུན་ཚན་རྩལ་གསར་གཏོད་ཀྱི་གདོང་དམག་ཞིག་བྱས་ནས་བཟོ་སྐྲུན་ཚན་རྩལ་གྱི་གནད་དོན་གལ་ཆེན་ཐག་གཅོད་ཡག་པོ་བྱས་ཏེ་ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་ཐོན་ལས་ཅན་དུ་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་།ཐོན་སྐྱེད་ནུས་ཤུགས་གསར་པ་གོང་དུ་སྤེལ་བར་ཞབས་འདེགས་ཞུ་དགོས།འགག་རྩའི་ལྟེ་བའི་ལག་རྩལ་ལས་སྒྲོལ་བའི་གདོང་དམག་ཞིག་བྱས་ཏེ།རྒྱལ་ཁབ་ཀྱི་ཁ་ཚ་དགོས་གཏུགས་དང་ཕུགས་ཀྱི་དགོས་མཁོ་གཞིར་བཟུང་ནས།འཇུག་མིག་ལྟ་བུའི་ལག་རྩལ་འགག་སྒྲོལ་བྱེད་ཤུགས་ཆེ་རུ་བཏང་སྟེ་ཁྱབ་ཁོངས་གལ་ཆེན་དུ་གསར་གཏོད་རང་བཞིན་གྱི་འགག་སྒྲོལ་སྔར་ལས་མང་བ་ཡོང་བར་བརྩོན་ལེན་བྱེད་དགོས།རྒྱལ་ཁབ་ཀྱི་རྩེར་སོན་རིག་མཛོད་འཛུགས་སྐྲུན་གྱི་གདོང་དམག་ཞིག་བྱས་ཏེ་འཐབ་ཇུས་རང་བཞིན་དང་།ཁ་ཕྱོགས་རང་བཞིན།ཁྱོན་ཡོངས་རང་བཞིན་བཅས་ལྡན་པའི་གནད་དོན་གལ་ཆེན་ལ་དམ་པོར་དམིགས་ནས།རྒྱང་ལྟའི་རང་བཞིན་དང་།དམིགས་སའི་རང་བཞིན།གྲབས་གསོག་གི་རང་བཞིན་བཅས་ཀྱི་འཐབ་ཇུས་ཞིབ་འཇུག་ལ་ཤུཊ་སྣོན་བརྒྱབ་སྟེ་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་ལ་འདེཊ་སྐྱོར་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།ཁོང་གིས་རྒྱ་ཆེའི་བཟོ་སྐྲུན་ཁང་གི་ཡོན་ཧྲིས་སྣེ་ཁྲིད་དེ་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་ནས་མི་ཚེའི་ཕུགས་བསམ་དེ་རྒྱལ་ཁབ་དང་མི་རིགས་ཀྱི་བྱ་གཞག་ནང་མཉམ་འདྲེས་བྱེད་པ་དང་།རྒྱལ་གཅེས་ཀྱི་བསམ་པ་ཟབ་མོ་འཆང་བ་དང་།རྒྱལ་ཁབ་ལ་ཞབས་འདེགས་ཞུ་བའི་འདུན་པ་འཛིན་པ།ཚན་རྩལ་གྱི་མཐོ་རླབས་ལ་དཔའ་ངར་ཆེན་པོས་འཛེགས་པ་བཅས་ཀྱི་སྒོ་ནས་ཏང་དང་མི་དམངས་ཀྱི་རེ་འདུན་ཆུད་ཟོས་སུ་མི་གཏོང་བའི་རེ་བ་བྱེད་ཀྱི་ཡོད་ཅེས་གསུངས།
བཞུགས་མོལ་ཚོགས་འདུའི་ཐོག་ཀྲུང་གོ་བཟོ་སྐྲུན་ཁང་གི་འགན་འཁུར་བ་དང་ཡོན་ཧྲིའི་འཐུས་མིས་གཏམ་བཤད་གནང་བ་རེད།
ཀྲུང་གོའི་བཟོ་སྐྲུན་ཁང་ནི་1994ལོའི་ཟླ་6ཚེས་3ཉིན་བཙུཊ་པ་རེད།ལོ་30ཡི་རིང་།ཀྲུང་གོ་བཟོ་སྐྲུན་ཁང་གིས་ཀྲུང་གོ་བཟོ་སྐྲུན་ཚན་རྩལ་ལས་རིགས་ཀྱི་ཆེས་མཐོའི་རིག་གཞུང་སྒྲིག་གཞིའི་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་བཅངས་ནས་ཚན་རྩལ་གསར་གཏོད་དང་།སྣེ་ཁྲིད་ཤེས་ལྡན་པ་གཅིག་སྡུད་བྱེད་པ།རྩེར་སོན་རིག་མཛོད་འཛུགས་སྐྱོང་།རིག་གཞུང་སྣེ་ཁྲིད་མཐའ་འཁྱོངས་བཅས་བྱས་པས་གྲུབ་འབྲས་གལ་ཆེན་རབ་དང་རིམ་པ་ཐོབ་ཡོད་པ་རེད།(བུ་ཆུང་གིས་སྒྱུར་ཞུས་བྱས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社