བདེ་འཇགས་ནི་ཚེ་སྲོག་གི་རྩ་བ་དང་བདེ་འཇགས་ནི་བདེ་སྐྱིད་ཀྱི་འབྱུང་ཁུངས་ཡིན། ལྷུན་གྲུབ་རྫོང་གིས་བློ་བརྟན་འགྱུར་མེད་ངང་གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་མི་ལུས་བདེ་འཇགས་ཨང་དང་པོར་བཞག་ནས་ཐོག་མཐའ་བར་གསུམ་དུ་འགན་འཁྲི་དམ་དུ་གཏོང་བ་དང་།སྲུང་རགས་སྲ་བརྟན་དུ་གཏོང་བ།མཐུན་རྐྱེན་བསྐྲུན་རྒྱུ་བཅས་ལ་དམིགས་ནས“སེམས་ཁུར་བྱེད་སར་སེམས་ཁུར”དང“ཤུགས་སྣོན་རྒྱག་སར་ཤུགས་སྣོན”“བརྩེ་བ་བཅངས་སར་བརྩེ་བ་འཆང་བ”བཅས་ཀྱི་དམ་པ་དོན་གཉེར་གྱི་བྱེད་ཐབས་དང་གསོན་ཉམས་ལྡན་པའི་ལག་ལེན་ལ་བརྟེན་ནས་བདེ་འཇགས་སྟོན་གྲངས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།
འགན་འཁྲི་དམ་དུ་གཏོང་བར་དམིགས་ཏེ“སེམས་ཁུར་བྱེད་སར་སེམས་ཁུར་བྱེད་པའི”བདེ་འཇགས་ཀྱི་ཐབས་ཇུས་བཏིང་བ་སྟེ། གཅིག་ནས་མཐུན་སྒྲིལ་ཡག་པོ་བྱས་པ། དེ་ཡང་དམིགས་ཚད་ལ་དམ་པོར་དམིགས་ནས་འཆར་འགོད་སྔོན་ལ་སྤེལ་བ་དང་གཅིག་གྱུར་འཆར་འགོད་ལ་སྣང་ཆེན་བྱས་ཏེ་གྲོང་ཚོར་བཅའ་སྡོད་བདེ་འཇགས་ལས་དོན་དེ་གྲོང་ཚོ་བཅའ་སྡོད་ལས་དོན་གྱི་ཁྱོན་ཡོངས་འཆར་གཞིའི་ནང་འཇུག་པ། 《གྲོང་ཚོ་བཅའ་སྡོད་ལས་དོན་འཆར་གཞི》ཞིབ་འཇུག་གཏན་འབེབས་བྱས་པ།《གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་འཆར་གཞི》དང་བྱེད་ཐབས་50ཡོད་པའི《གྲོང་ཚོར་བཅའ་སྡོད་ལས་བྱེད་པའི་ཆེད་དོན་བཅོས་སྒྲིག་ལས་འགན་དབྱེ་འབྱེད་རེའུ་མིག》སོགས་ཡིག་ཆ་20ལྷག་ཙམ་ཞིབ་འཇུག་དང་གཏན་འབེབས་བྱས་པས།གྲོང་ཚོར་བཅའ་སྡོད་བདེ་འཇགས་ལས་དོན་ནུས་ལྡན་དང་སྒྲིག་ལྡན་སྤེལ་ཐུབ་པར་བྱས་ཡོད། གཉིས་ནས་སྒྲིག་སྲོལ་ཚོགས་པ་ཡག་པོ་བཙུགས་པ། དེ་ཡང་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་ལ་བརྟེན་ནས་མི་དང་ལས་དོན་གྱི་དོ་དམ་ལ་མཐོང་ཆེན་བྱས་ཏེ།《གྲོང་ཚོར་བཅའ་སྡོད་ལས་དོན་སྤྱི་ཁྱབ(གཞོན་པ)སྣེ་ཁྲིད་པའི་མདུན་སྐྱོད་བཞིའི་ལས་ཀའི་ལམ་སྲོལ》བཙུགས་པ་སོགས་བྱས་ཏེ། གྲོང་ཚོར་བཅའ་སྡོད་བདེ་འཇགས་ལས་དོན་ཚད་ལྡན་ཅན་དང་། ཚན་རིག་ཅན། ལམ་ལུགས་ཅན་བཅས་འཛུགས་སྐྱོང་བྱེད་པར་གོམ་སྟབས་བརྟན་པོ་སྤོས་པ་རེད། གསུམ་ནས་ལས་འགན་ཁག་བགོས་ཡག་པོ་བྱས་པ། དེ་ཡང་ལས་འགན་ཡོད་ན་ངེས་པར་དུ་འགན་འཁྲི་ཡོད་པ། འགན་འཁྲི་ཡོད་ན་ངེས་པར་དུ་འགན་འཁུར་དགོས་ཞེས་པའི་འདུ་ཤེས་བརྟན་པོར་བཙུགས་ནས་རྒྱུ་རྐྱེན་གཙོ་བོ་ཚང་མའི་ཐོག་ནས《བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེ》བཟོས་པའི་ཁར་ཡོངས་ཁྱབ་ཀྱི་ཐོག་ནས《བདེ་འཇགས་ཀྱི་འགན་འཁྲིའི་ཡི་གེ》ལ་མིང་རྟགས་བཀོད་ནས་གན་རྒྱ་བཞག་པ་དང་།《གཞུང་གི་རླངས་འཁོར་མི་གཏོང་བ་དང་སྒེར་གྱི་རླངས་འཁོར་གཏོང་མི་ཆོག་པ》དོན་འཁྱོལ་ནན་པོ་དང་།“ཕྱོགས་གཉིས་སུ་རྒྱུག་པ”དང“ཕྱོགས་གཉིས་སུ་མིང་འགེལ་བ”གཏན་འགོག་མཐའ་གཅིག་ཏུ་བྱ་རྒྱུའི་ཁས་ལེན་ཡི་གེ》ལ་མིང་རྟགས་བཀོད་དེ་ཤང(གྲོང་རྡལ)ཏང་ཨུད་དང་། གནས་སྐབས་ཏང་ཀྲི་པུའུ། གྲོང་ཚོར་བཅའ་སྡོད་ལས་བྱེད་པ། རྫོང་དང་ཤང(གྲོང་རྡལ)གྲོང་ཚོར་བཅའ་སྡོད་གཞུང་དོན་ཁང་བཅས་ཀྱི“ཕྱོགས་ལྔའི”བདེ་འཇགས་འགན་འཁྲི་སྲ་བརྟན་དུ་བཏང་ནས་འགན་འཁྲི་མི་ལ་འགེལ་བ་དང་། ལས་འགན་མི་ལ་སྤྲོདཔ་། དམིགས་ཡུལ་མི་ཐོག་འགེལ་བ་བཅས་ཐུབ་པར་བྱས་ཡོད།
སྲུང་རགས་སྲ་བརྟན་དུ་གཏོང་རྒྱུར་དམིགས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་བྱ་སྤྱོད་སྤེལ་བ་སྟེ། གཅིག་ནས་བློ་སེམས་གཅིག་ཏུ་སྒྲིལ་བའི་ཚོགས་འདུ་ཡག་པོ་འཚོགས་པ། གྲོང་ཚོ་ཡོངས་ཀྱི་བདེ་འཇགས་ལས་དོན་ཚོགས་འདུ་སྐོང་ཚོགས་བྱས་ནས་གྲོང་ཚོ་ཡོངས་ཀྱི་བདེ་འཇགས་དུས་བབ་ལ་དབྱེ་ཞིབ་དང་། གྲོང་ཚོ་ཡོངས་ཀྱི་བདེ་འཇགས་ལས་དོན་ལ་ཞིབ་འཇུག གྲོང་ཚོ་ཡོངས་ཀྱི་བདེ་འཇགས་ལས་འགན་བཀོད་སྒྲིག་བཅས་བྱས་པར་མ་ཟད། གྲོང་ཚོ་ཡོངས་ཀྱི་བདེ་འཇགས་ཀྱི་ཆེད་དོན་སློབ་སྦྱོང་ཚོགས་འདུ་སོགས་ཚོགས་འདུ་ཐེངས་20ལྷག་ཙམ་འཚོགས་ནས་གྲོང་ཚོ་ཡོངས་ཀྱི་བདེ་འཇགས་ལས་དོན་གྱི་དམིགས་ཚད་དང་། ལས་འགན། འགན་འཁྲི། མ་མཐའི་མཚམས་ཐིག་དང་དམར་ཐིག་བཅས་སྔར་བས་ཁ་གསལ་དུ་བཏང་བ་རེད། གཉིས་ནས་རྨང་གཞིའི་རྩལ་ནུས་ཡག་པོ་སྦྱངས་པ། དེ་ཡང་སློབ་སྦྱོང་བྱ་རྒྱུ་གོང་དུ་བཞག་པ་དང་སྦྱོང་བརྡར་བྱ་རྒྱུ་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་སྤྱི་བདེ་དང་། འཕྲལ་སྡོམ། མེ་ཟོན། ཡིག་སྐུར་ངོ་བཅར་སོགས་སྡེ་ཚན་གྱི་རིགས་གཅིག་མཁས་ཅན་དུས་ཐོག་ཏུ་གདན་དྲངས་ནས་ཉེས་གསོག་སྔོན་འགོག་དང་འཕྲལ་སྡོམ་ཐོལ་བྱུང་ཐག་གཅོད་སོགས་གཙོ་གནད་ནང་དོན་ཐད་ངོ་ཐུག་གདོང་འཕྲད་དང་དངོས་སུ་སློབ་ཁྲིད་ཐེངས་5བྱས་པ་དང་། (པར་ངོས་བཞི་པར་གཟིགས)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社