ད་ལོའི་ཟླ་6ཚེས་1ཉིན་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཐེངས་74པ་དེ་ཡིན་ཞིང་། ཉིན་ཤས་རིང་། ཚན་པ་ཁག་གིས་ཏང་གི་གཙོ་དོན་ཉིན་མོ་དང་ཕ་མ་བུ་ཕྲུག་གིས་མཉམ་དུ་གློག་བརྙན་ལ་ལྟ་བ་སོགས་བྱེད་སྒོ་སྣ་མང་སྤེལ་བ་དང་བརྒྱུད་ནས་ཕྲུ་གུ་ཚོར་སྤྲོ་སྣང་དང་དོན་སྙིང་ལྡན་པའི་དུས་ཆེན་ཞིག་སྐྱེལ་ཐུབ་པ་བྱུང་ཡོད།
ཁྲེང་ཀོན་ཆུས།
ཉེ་ཆར། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་། ཁྲེང་ཀོན་ཆུས་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག་ལོ་ཆུང་བྱིས་པའི་ལག་ལེན་རྟེན་གཞི་རུ“ལོ་ཆུང་གདོང་ལེན་རུ་ཁག་མེས་རྒྱལ་ལ་དགའ་བ་དང་ནམ་ཡང་ཏང་གི་རྗེས་སུ་འབྲངས་ནས་འབྱུང་འགྱུར་གྱི་ཆེད་དུ་འབད་བརྩོན་བྱེད་ཕོད་པ”ཞེས་པའི་ཕ་མ་བུ་ཕྲུག་གིས་མཉམ་དུ་གློག་བརྙན་ལ་ལྟ་བ་དང“དྲུག་གཅིག”གཙོ་དོན་དུ་བྱེད་པའི་གདོང་ལེན་རུ་ཁག་གི་ཉིན་མོའི་བྱེད་སྒོ་སྤེལ་ཞིང་། བྱེད་སྒོའི་ནང་ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་སོཊ་ཁྲེང་ཀོན་ཆུས་ཀྱི་སློབ་གྲྭ་ཁག་གི་བྱིས་པ་100དང་ཁྱིམ་བདག་200ཞུཊ་ཡོད་པ་རེད།
བྱེད་སྒོ་དེ་ཕྲུ་གུ་ཚོའི་ངོ་མཚར་ཆེ་བའི་འཁོར་ཤུད་འཁྲབ་སྟོན་ཁྲོད་འགོ་ཚུགས་པ་དང་། བྱིས་པ་ཆུང་ཆུང་རྣམས་སྙིང་སྟོབས་ལྡན་པ་དང་གདེང་ཚོད་ཡོད་པའི་སྒོ་ནས་དུས་རབས་གསར་པའི་ལོ་ཆུང་གདོང་ལེན་རུ་ཁག་གི་རྣམ་པ་བཟང་པོ་མངོན་པར་བྱས་པར་མ་ཟད། དུས་མཚུངས་སུ་རང་གྲོང་གི་དུས་རབས་གསར་པའི་ན་གཞོན་ཚོའི་གཟུགས་བརྙན་བཟང་པོ་ཡང་མངོན་པར་བྱས་ཡོད།
གུང་གཞོན་སྡེ་ཚོཊ་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་དང་། ཁྲེང་ཀོན་ཆུས་ལོ་ཆུང་ལས་དོན་ཨུ་ལྷན་གྱིས་ལོ་ཆུང་བྱིས་པ་རྣམས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་བྱེད་སྒོ་གཙོ་བོར་བཟུང་ནས་ལོ་ཆུང་བྱིས་པའི་སློབ་གསོའི་དུས་ཚོད་ཕུན་སུམ་ཚོཊ་སུ་བཏང་སྟེ། ཁྱིམ་བདག་དང་ཕྲུ་གུ་ལ་སྤྲོ་སྣང་ལྡན་པའི་ཕ་མ་བུ་ཕྲུག་གི་དུས་ཚོད་མཉམ་སྤྱོད་ཐུབ་པར་བྱས་པ་དང་ཕ་མ་བུ་ཕྲུག་གི་འབྲེལ་བ་སྔར་བས་ལེཊ་སུ་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད། གུང་གཞོན་སྡེ་ཚོགས་ཁྲེང་ཀོན་ཆུས་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགན་འཁུར་བ་ཝང་གཡུ་སྒྲོལ་གྱིས་སླད་ཕྱིན་ང་ཚོས་ལོ་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་ཕུན་སུམ་ཚོགས་སུ་བཏང་ནས་རྒྱ་ཆེའི་ལོ་ཆུང་བྱིས་པར་ཏང་གི་གནས་ཚུལ་ཤེས་པ་དང་། ཏང་གི་བཀའ་དྲིན་དྲན་པ། ཏང་གི་གསུང་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོང་བར་སྔར་བས་ཁྲིད་སྟོན་བྱ་རྒྱུ་ཡིན་ཞེས་བཤད།
རྗེ་འབུམ་སྒང་སྡེ་ཁུལ།
ཟླ་5ཚེས་31ཉིན། རྗེ་འབུམ་སྒང་སྡེ་ཁུལ་གྱིས་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་སུ། “སྟོབས་ཆེའི་རྒྱལ་ཁབ་བསྐྱར་དར་བྱེད་པར་ང་ཡིས་འབད། བྱིས་པའི་མ་འོངས་བསམ་འདུན་གཏོད་པར་ཀུན་གྱིས་བརྩོན”ཞེས་པའི་ཏང་གི་གཙོ་དོན་ཉིན་མོའི་བྱེད་སྒོ་སྤེལ་བ་རེད།
བྱེད་སྒོ་སྤེལ་འགོ་ཚུགས་རྗེས། ཤེས་བྱའི་དྲི་བ་དྲིས་ལན་གྱི་ལྷུ་ཚིགས་སུ་ཕྲུ་གུ་རྣམས་ཀྱིས་ཧུར་ཐག་འབད་ཐག་གིས་དྲི་བར་ལན་བཏབ་པ་དང་། རྨང་གཞིའི་ཤེས་བྱ་དང་བསམ་གཞིགས་ཀྱི་ནུས་པ་མངོན་པར་བྱས་ཡོད། ལྗགས་རྩལ་སྦྱོང་བའི་འགྲན་སློང་གི་ལྷུ་ཚིགས་སུ། འགྲན་སློང་ནང་ཞུགས་པའི་བྱིས་པ་ཚོས་ཡི་གེ་བྲིས་པའི་ཤོག་བྱང་བླངས་རྗེས་ཤོག་བུའི་སྟེང་གི་ཚིག་དོན་ལྟར་ཀློག་པ་དང་། ཁོང་ཚོའི་ཀློག་སྟངས་ཁ་གསལ་ཞིང་སྒྲ་དག་པོ་ཡོད་པས་ཡུལ་དངོས་སུ་ལྟད་མོ་བ་རྣམས་ཀྱི་ཐལ་མོའི་རྡེབ་སྒྲས་ཁེངས་ཡོད་པ་རེད།
ཕྲུ་གུ་ཚོའི་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་ཆེད། བྱེད་སྒོའི་ཁྲོད་ད་དུང་དམིགས་བསལ་གྱིས་སློབ་གྲྭའི་གཏུམ་སྤྱོད་དྲིལ་བསྒྲགས་གློག་བརྙན་ལ་ལྟ་བའི་ལྷུ་ཚིགས་བཀོད་སྒྲིག་བྱས་ཡོད་པ་རེད། དྲིལ་བསྒྲགས་གློག་བརྙན་ལ་བལྟས་རྗེས་ཕྲུ་གུ་ཚོས་སློབ་གྲྭའི་གཏུམ་སྤྱོད་ཀྱི་གནོད་འཚེ་ངོས་འཛིན་ཟབ་མོ་བྱུང་བ་དང་། རང་ཉིད་ལ་སྲུང་སྐྱོབ་ཇི་ལྟར་བྱེད་དགོས་པའང་ཤེས་ཡོད།
མཇུག་ཏུ། སྡེ་ཁུལ་གྱི་ལས་དོན་མི་སྣས་ཁོངས་གཏོགས་ཁུལ་གྱི་ཕྲུ་གུ་58ལ་སྒོར་15500རི་བའི་དུས་ཆེན་གྱི་འཚམས་འདྲིའི་དངོས་རྫས་སྤྲད་པ་དང་འབྲེལ་དྲན་རྟེན་པར་ཡང་བརྒྱབ་པ་རེད། ཕྲུ་གུ་ཚོའི་ལག་ཏུ་འཚམས་འདྲིའི་དངོས་པོ་བཟུང་ནས་དགའ་བའི་འཛུམ་གྱིས་ཁེངས་ཡོད།
བོད་ལྗོངས་གཡག་རྟེན་མཛོད་གླིང་།
ཟླ་6ཚེས་1ཉིན། བོད་ལྗོངས་གཡག་རྟེན་མཛོད་གླིང་གིས་སྒྲིག་འཛུཊ་བྱས་ཏེ“དྲུག་པའི་ཚེས་གཅིག་ལ་རྟེན་འབྲེལ་ཞུ།གཡག་རྟེན་མཛོད་གླིང་དུ་བསྐྱོད”ཅེས་པའི་ནོར་གནག་དང་འབྲེལ་བའི་མཛེས་རིག་འཚོལ་ཞིབ་བྱེད་པའི་སྤྱི་ཚོཊ་སློབ་གསོའི་བྱེད་སྒོ་སྤེལ་ཞིང་།(པར་ངོས་བཞི་པར་གཟིཊ)
藏公网安备 54010202000024号 | 藏 ICP 备09000541号-1 | 地址:西藏拉萨市江苏路19号 | CopyRight :拉萨晚报社